ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་གནས་སྐབས་ཏང་ཀྲི་པུའུ་20དང་ཏང་ཚོགས་ཆུང་16བཙུགས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི“གསར་བརྗེའི་མཁར་རྫོང”བརྟན་པོ་ཞིག་བསྐྲུན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲྭ་བཞི་ཁྲོམ་གཞུང་གི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གིས“འགག་ཀྲང”དང“ས་ཚིགས་ཀྲང”གི་འགན་འཁུར་ནས་ཏང་ཡོན་གྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་བྱས་པ་རེད། གནས་སྐབས་ཏང་ཀྲི་པུའུ་ཡི་ཏང་ཡོན་གྱིས་ཆུ་ཚོད་24ཡི་རིང་ལས་རེས་བྱས་ནས་ལས་གནས་བརྟན་སྲུང་ཐུབ་པ་བྱས་ཏེ་འགག་གནད་དང་ས་ཚིགས་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་དང་མི་སྣར་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་དང་། རྟགས་བཤེར་དྲོད་དཔྱད། ཆ་འཕྲིན་ཐོ་འགོད། ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུར་གཞོགས་འདེགས། ཆ་འཕྲིན་ཐོ་འགོད། སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱས་ཏེ་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“སྒོ་སྲུང་བ”དང་། བདེ་ཐང་ཞིབ་བཤེར་གྱི་བདེ་སྐྱོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཤེས་བྱའི“འགྲེལ་བཤད་པ”བཅས་ཡག་པོ་བྱས་པ་རེད།