དབུ་ཤོག>ཆེད་སྒྲིག
  • བཀྲ་ཤིས་དར་རྒྱས་དང་སྒྲོལ་མ་བུ་ཁྲིད་བཟའ་ཚོས་དཔུང་པ་མཉམ་གཤིབ་བྱས་ནས་བརྟན་སྲུང་དང་ལག་གདང་སྦྲེལ་ཏེ་འགན་འཁྲི་མཉམ་དུ་འཁུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-29

    “ཁྱེད་གནས་སར་དེ་རིང་ནད་གཞི་ལྕི་པོ་འདུག་གམ། ད་ལྟ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་གཟུགས་པོར་བདག་གཅེས་ཡག་པོ་བྱེད” “རེས་སྐོར་འདིའི་ཉིང་སྐྱུར་དཔེ་ལེན་ཚར་གྲབས་འདུག་པས་ཁྱེད་ཀྱིས་འགོག་སྲུང་ཡག་པོ་བྱེད་དགོས”ཞེས་པ་དེ་ནི་ཟངས་རི་རྫོང་མི་དམངས་སྨན་ཁང་གི་སྨན་དོན་བཟའ་ཚོ་ཞིག་གིས་ཁ་པར་རྒྱག་སྐབས་བཤད་པའི་སྐད་ཆ་རེད།

    ཁྱོ་གའི་མིང་ལ་བཀྲ་ཤིས་དར་རྒྱས་ཟེར་ཞིང་། ཁོང་ནི་ཕྱི་བཅོས་སྨན་པ་ཞིག་ཡིན་པ་དང་ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་མ་བུ་ཁྲིད་ཟེར་ཞིང་། སྨན་གཡོག་གཅིག་ཡིན། རིམས་ནད་གློ་བུར་དུ་ཐོན་པས་བཀྲ་ཤིས་དར་རྒྱས་དང་སྒྲོལ་མ་བུ་ཁྲིད་འཕྲལ་མར་ལས་གནས་སུ་ལོག་དགོས་པའི་བརྡ་ཐོ་འབྱོར་བ་དང་། ཕྲུ་གུ་གཉིས་ཕ་མར་རྩིས་སྤྲད་དེ་འཁོར་ཞག་ནས་ལས་གནས་སུ་ལོག

    ལས་གནས་གཅིག་པ་མིན་ཡང་བརྟན་སྲུང་ཧུར་ཐག་བྱེད། ཏང་ཡོན་དང་སྨན་དོན་མི་སྣ་ཞིག་ཡིན་པའི་ཁོང་གཉིས་པོས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྨན་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་བཀོད་གཏོང་ལ་སྲུང་བརྩི་ཞུས་ཏེ་ཉིང་སྐྱུར་དཔེ་ལེན་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། རྫོང་གྲོང་དང་། གྲོང་ཚོ་དང་གྲོང་ལྷན། ལོགས་བཀར་གནས། རིམས་འགོག་ས་ཚིགས་བཅས་སུ་ཁོང་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད།

    ཉིན་ཤས་བསྟུད་མར་ཁོང་ཚོས་ཉིང་སྐྱུར་དཔེ་ལེན་གྱི་བཀོལ་སྤྱོད་ཚད་ལྡན་ལག་བསྟར་ནན་པོ་བྱས་ནས་ཉིན་ལྟར་ལས་འབོར་ཆེ་བའི་ལས་དོན་ཁྲོད་ཞུགས་ཏེ་ལུས་སེམས་གཉིས་ཀར་དཀའ་ལས་ཆེན་པོ་བྱུང་ཡང་བློ་སྟོབས་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མ་བརྟན་སྲུང་བྱས།

    “གཉེན་སྒྲིག་བྱས་ནས་ལོ་མང་སོང་ཡང་ང་གཉིས་ཀྱིས་ལས་ཀའི་ཐད་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱེད་པ་དང”འཚོ་བའི་ཐད་ཕན་ཚུན་བསམ་ཤེས་བྱེད་ཀྱི་ཡོད”སྒྲོལ་མ་བུ་ཁྲིད་ཀྱིས་འཆམ་མཐུན་གྱི“ཁྱིམ་ཆུང”ནི་ང་གཉིས་ཀྱིས་བློ་བདེའི་ངང་ལས་ཀ་བྱེད་པའི་སྒུལ་ཤུགས་ཤིག་ཡིན། ཁྱིམ་གྱི་རྒན་རྒོན་གྱིས་ཀྱང་ང་གཉིས་ཀྱི་ལས་ཀར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད། ནང་མིའི་བསམ་ཤེས་དང་རྒྱབ་སྐྱོར་ཡོད་པས་གཞི་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མར་བསྐྱོད་དེ། “ཚང་མར”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཐུབ་ཀྱི་འདུག་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།