དབུ་ཤོག>ཆེད་སྒྲིག
  • ལྷ་སས་རིམས་འགོག་ཡག་པོ་མི་བྱེད་མཁན་ལ་འགན་འཁྲི་རྩད་གཅོད་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-28

    ལྟ་སྐུལ་ཞིབ་བཤེར་བྱེད་རིང་། སྡེ་ཚན་དང་ལས་བྱེད་པ་ཁག་གཅིག་གི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་པོ་མེད་པ་དང་། རིམས་འགོག་ལ་མཐོང་ཆེན་བྱེད་ཚད་མི་འདང་བ། འགན་འཁྲིའི་འདུ་ཤེས་ཟབ་པོ་མེད་པ། འཕྲལ་སྡོམ་ཐག་གཅོད་ཡག་པོ་མི་ཐུབ་པ་བཅས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ལྷ་ས་གྲོང་ཨུད་ཀྱིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་གཞིར་བཟུང་། ཚན་པ་ཁག་གཅིག་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་། ལས་བྱེད་པ་ཁག་གཅིག་གི་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱས་ཏེ། བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་འགོག་བྱས་ཀྱང་མཚམས་འཇོག་མི་བྱེད་པ། སྤྱོད་ཚུལ་ཏན་ཏིག་མེད་པ། འགན་འཛོལ་ཤོར་བ་དང་འགན་འཁྲི་མེད་པ་སོགས་ཀྱི་གནས་ཚུལ་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། 

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་གཏོང་བ་དང་བྱ་དགའ་ཆད་གཅོད་ཁ་གསལ་ཡོང་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་མེད་པ་དང་ལས་ཀའི་དགོས་མཁོའི་དབང་གིས། བློ་མཐུན་ཀྲང་ཀྲེ་ཡི་ལྷ་ས་གྲོང་ཁྱེར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅིའི་གོ་གནས་འཐེན་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།