དབུ་ཤོག>ཆེད་སྒྲིག
  • ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་ལ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཞུཌ་ཡོད།

    ཀྲོང་ཡན་གྱིས་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་སྒྲོམ་ཚང་སྨན་ཁང་དུ་ཕེབས་ནས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་ཁང་ནང་ནས་རིམས་ནད་འགོ་རྒྱུ་མཐའ་གཅིག་ཏུ་འགོག་དགོས་པའི་བླང་བྱ་བཏོན་གནང་ཞིང་། ཁོང་གིས་བྲག་ཡིབ་ཆུས་ལོགས་འཇོག་བྱ་ཡུལ་མགྲོན་ཁང་ཁག་ཏུ་གཟིགས་ཞིབ་གནང་སྐབས། གཞི་རིམ་གྱི་ལས་བྱེད་པ་དང་རིམས་འགོག་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་རིམས་ནད་འགོ་ལམ་མཐའ་གཅིག་ཏུ་འགོག་དགོས་པའི་ནན་བཤད་གནང་བ་མ་ཟད། ད་དུང་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དང་སྨན་གླིང་རྫོང་མི་དམངས་སྨན་ཁང་ལ་ཕེབས་ཏེ་སྨན་དོན་པ་དང་ཐུགས་སྣང་གཤིན་པོའི་ངང་སྤེལ་རེས་གནང་བ་དང་། ཚང་མར་སྲོལ་རྒྱུན་གྱི་སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་ཚང་མའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    ཀྲོང་ཡན་སྐབས་འཕྲལ་དུ་བྲག་ཡིབ་ཆུས་ཀྱི་ཉེན་ཁ་ཆེ་འབྲིང་སྡེ་ཁུལ་དང་སྨན་གླིང་གྲོང་རྡལ་སྨན་གླིང་གྲོང་ཚོར་ཕེབས་ནས་དྲ་མིག་ཅན་གྱི་དོ་དམ་དང་མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་བཏོན་ནས་དམག་འཐབ་བསྟུད་མར་རྒྱག་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་བཅས་བྱས་ནས་རིམས་ནད་མེད་པའི་སྡེ་ཁུལ་དང་། རིམས་ནད་མེད་པའི་གྲོང་ཚོ་དང་གྲོང་རྡལ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།