དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ས་ཆ་མང་པོར་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

     གསར་འགོད་པར་ཟླ་8ཚེས་26ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་25ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་175དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་རྟགས་མེད་ནད་པ་2769ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ(སྒྲོམ་ཚང་སྨན་ཁང་ནས་དོན་པ) ཐད་འབྲེལ་པ་6404གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད།

    མིག་སྔར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    ཐེངས་འདིའི་རིམས་ནད་ཐོན་ཚུན་བོད་ཀྱི་ས་ཆ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང“རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་འཐབ་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཤུགས་ཆེའི་རོགས་སྐྱོར་འོག་མི་རིགས་ཁག་གི་མི་དམངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་རེས་སྐོར་མང་པོ་ཁུལ་ཁོངས་ཡོངས་དང་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད་སྤྱི་ཚོགས་ཐོག་རིམས་ནད་ཁྱབ་པའི་ཉེན་ཁ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། གདགས་གཤིས་ཅན་ཚང་མ་ནི་ལོགས་བཀར་དོ་དམ་ཚོད་འཛིན་མི་སྣ་དང་དོ་དམ་ཚོད་འཛིན་བྱེད་ཁོངས་ནས་ཐོན་པ་ཡིན་ཞིང་། ཉིན་གསུམ་བསྟུད་མར་སྤྱི་ཚོགས་ཐོག་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་གསར་པ་དང་རྟགས་མེད་ནད་དུག་འགོས་པ་ཐོན་མེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད་གོང་དུ་བརྗོད་པའི་ས་ཆ་ལྔར་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་4དང་རྟགས་མེད་ནད་དུག་འགོས་པ་107མང་དུ་ཕྱིན་ཡོད། ཟླ་8ཚེས་25ཉིན་གྱི་ཆུ་ཚོད་24བར་ལྗོངས་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་551དང་ཉེན་ཁ་འབྲིང་བའི་ཁུལ་283ཡོད་པ་རེད།

    ཟླ་8ཚེས་25ཉིན་གྱི་ཆུ་ཚོད་24བར་ལྗོངས་ཡོངས་སུ་ནད་པ་175དྲག་སྐྱེད་བྱུང་ཏེ་སྨན་ཁང་ནས་དོན་པ་དང་རྟགས་མེད་ནད་དུག་འགོས་པ་2769ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ(སྒྲོམ་ཚང་སྨན་ཁང་ནས་དོན་པ)རེད། ཐད་འབྲེལ་པ་6404གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་དང་མིག་སྔར་མི་51110གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།