དབུ་ཤོག>ཆེད་སྒྲིག
  • ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟ་སྐུལ་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    ཟླ་8ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟ་སྐུལ་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་སླར་ཡང་བཀོད་སྒྲིག་དང་སླར་ཡང་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་དང་། དམངས་འཚོ་འགན་ལེན། སྤྱི་ཚོགས་དོ་དམ་ཚོད་འཛིན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་མཐའ་འཁྱོངས་བྱས་ནས་གནད་དོན་འཚོལ་ཞིབ་གཏིང་ཟབ་དང་མི་འདང་ས་ལེགས་བཅོས་ལ་སྐུལ་འདེད་བཏང་ནས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་འགག་གནད་སེལ་བར་རམ་འདེགས་བྱེད་དགོས། རིམ་པ་བཞིན་འགན་འཁུར་བའི་རྩ་དོན་ལ་གཞིགས་ནས་སྤྱོད་ཚུལ་ལྷོད་གཡེང་དང་རང་འགན་གཞན་དཀྲི་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་དགོས། རང་ངོས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་ནན་དུ་གཏོང་བ་དང་གཙོ་གནད་སྡེ་ཚན་ལ་དོ་དམ་ནན་པོ་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་མུ་མཐུད་བརྟན་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།