དབུ་ཤོག>ཆེད་སྒྲིག
  • རིམས་ནད་ལས་རྣམ་པར་རྒྱལ་བའི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    རིམས་ནད་ཐོན་ཚུན་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པ་དང་། གཞི་རིམ་གྱི་ལས་དོན་མི་སྣ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། སྨན་དོན་ལས་དོན་པ། དང་བླངས་པ་བཅས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱིས་གདོང་མཆོང་དང་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱས་ནས་བློ་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་རིམས་འགོག་གི་འཐབ་ས་དང་པོར་འགན་འཁྲི་མངོན་པར་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་བྱེད་པའི་འགོག་སྲུང་འཛིང་རགས་རེ་རེ་བསྐྲུན་ཡོད་པ་རེད།

    རིམས་ནད་ཐོན་ཚུན་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་རྒྱུར་རང་འགུལ་ངང་རེ་བ་ཞུས་ཏེ་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རམ་འདེགས་བྱས་ཡོད། སྙེ་མོ་རྫོང་གི་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སྣས་ཆུ་ཚོད་24ཡི་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“འགག་སྒོ་མདུན་མ”བརྟན་སྲུང་བྱས་ཏེ་ལག་ཁྱེར་དབྱེ་བཤེར་དང་། ཆ་འཕྲིན་ཞིབ་བསྡུར། སྲིད་ཇུས་དྲིལ་བསྒྲགས། རྒན་རོགས་ཞན་སྐྱོར་བཅས་བྱས་ཏེ་རིམས་འགོག་གི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པར་བྱས་ཡོད།

    ཟླ་8ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་10པ་ཙམ་ལ་ཉིང་སྐྱུར་དཔེ་ལེན་བྱས་ཟིན་མ་ཐག་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རོགས་སྐྱོར་བྱེད་མཁན་སྙེ་མོ་རྫོང་གི་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་རྣམས་ངལ་གསོ་རྒྱག་རྩིས་བྱེད་སྐབས་ཡན་ལག་རུ་དཔོན་བདེ་གཡང་གིས་གྲོགས་ཚོམས་ནང“ཛ་དྲག་གི་བརྡ་ཐོ”བཏང་ནས་སྨན་པ་དང་ཕབ་འཇུག་མི་སྣ་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་དུ་སྐྱོད་དགོས་ཀྱི་ཡོད། གློ་བུར་དུ་ཐོན་པའི་ལས་འགན་འཕྲད་སྐབས་ལས་ཀ་ཆུ་ཚོད་བཅུ་ལྷག་ཙམ་རྒྱུན་མཐུད་བྱས་པའི་རུ་མི་ཚོས་གྲོགས་ཚོམས་ནང་གཅིག་རྗེས་གཉིས་མཐུད་ངང་མིང་ཐོ་བཀོད་ཡོད། ཁོང་ཚོས་དཀའ་ལས་ལ་མ་འཛེམས་པ་དང་ཞུམ་པ་སྤུ་ཙམ་ཡང་མེད་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་ལས་ཀ་ཚར་དུས་ཐོ་རེངས་ཆུ་ཚོད་གསུམ་དང་ཕྱེད་ཀ་རེད། “དཀའ་ལས་ཆེ་ཙམ་ཡོད་མོད། འོན་ཀྱང་ང་ཚོའི་སེམས་ནང་སྒུལ་ཤུགས་ཀྱིས་ཁེངས་བྱུང”ཞེས་དང་བླངས་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།