དབུ་ཤོག>ཆེད་སྒྲིག
  • “འགག་རྩའི་དུས་སུ་མདུན་དུ་མཆོང་དགོས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    རིམས་ནད་ཐོན་པ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི“སྐར་ལྔའི་དུད་ཚང”(ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་ནས་གཙོ་འཛིན་ལ་བརྩི་བཀུར་ཞུ་བ་དང་། མཐུན་སྒྲིལ་རོགས་རེས་ཀྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ། ལས་བརྩོན་ཕྱུག་འགྱུར་གྱིས་ལེགས་སྐྱེས་འབུལ་བ། ཤེས་དཔལ་དར་སྤེལ་གྱིས་སྲོལ་གསར་གཏོད་པ། སྒྲིག་བཀུར་ཁྲིམས་སྲུང་གིས་ཞི་མཐུན་ལ་སྐུལ་འདེད)བཀྲ་ཤིས་ཆོས་སྒྲོན་ཁྱིམ་གྱིས་དཔེ་མཚོན་དུ་བྱེད་པའི་ཤེས་དཔལ་ཁྱིམ་ཚང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ“ཁྱིམ་ཆུང”དོར་ནས“ཁྱིམ་ཆེན་བསྐྱངས”ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེཌ་བྱས་པ་རེད།

    རིམས་ནད་ཐོན་པ་ནས་བཟུང་མཚར་ཤང་སྤེལ་ཁ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་བཀྲ་ཤིས་ཆོས་སྒྲོན་གྱིས་དང་བླངས་པར་མིང་ཐོ་བཀོད་དེ་ས་ཚིགས་ཀྱི་ཐོ་འགོད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་ཀའི་ནང་ཞུགས་ཡོད། ཁོང་གི་ཤུགས་རྐྱེན་འོག་ནང་མི་8ཀྱི་ཁྲོད་ནས་མི་5རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་ལས་ཀའི་ནང་ཞུགས།

    ཞོགས་པའི་ཆུ་ཚོད་7པར་བཀྲ་ཤིས་ཆོས་སྒྲོན་ལས་རེས་བྱེད་པའི་དུས་ཚོད་ཡིན་མོད། འོན་ཀྱང་ཁོང་ཉིན་ལྟར་སྔ་པོ་ནས་ས་ཚིགས་སུ་ཡོང་སྟེ་མཐའ་འཁོར་ཚང་མར་དུག་སེལ་དང་རིམས་འགོག་དངོས་ཟོག་རྩིས་བཤེར་བྱེད་ཀྱི་ཡོད། སོ་ལྟ་དང་། འདྲི་རྩད། ཚ་བ་ལྟ་བ། རྟགས་བཤེར། ཐོ་འགོད། དུག་སེལ་སོགས་ཀྱི་ལྷུ་ཚིགས་ཁག་གི་ལས་ཀའི་ཁྲོད་བཀྲ་ཤིས་ཆོས་སྒྲོན་གྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཕྱིར་སྐྱོད་པའི་རྒྱུ་མཚན་ཞིབ་ཕྲ་སྐད་ཆ་འདྲི་བ་མ་ཟད། ད་དུང་གྲོང་མིར་ངེས་པར་དུ་ཕྱིར་སྐྱོད་དགོས་མེད་ཚེ་ཕྱིར་མི་འགྲོ་བའི་ཁ་ཏ་བསླབ་བྱ་ཡང་བྱེད་ཀྱི་ཡོད།

    ནང་མི་དང་གྲོང་ཚོའི་ལས་བྱེད་པས་བཀྲ་ཤིས་ཆོས་སྒྲོན་གྱིས་སྡུག་རུས་ཐུབ་ཨེ་ཡོང་སྙམ་སྟེ་ཁྱིམ་དུ་ལོག་ནས་ངལ་གསོ་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ཀྱང་ཁོང་གིས“ན་གཞོན་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་པའི་ངོས་ནས་འགག་རྩའི་དུས་སུ་མདུན་དུ་མཆོང་དགོས་པ་དང་དཀའ་ངལ་འཕྲད་སྐབས་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།