དབུ་ཤོག>ཆེད་སྒྲིག
  • གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ་ལས་ཕྱོད་ཆེ་རུ་དང་ཞན་ཆ་གསབ་ནས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    3227937_yis_1661616000000_s.jpg

    ཟླ་8ཚེས་24ཉིན་དང་ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སྡེ་ཁུལ་དང་། སློབ་གྲྭ སྒྲོམ་ཚང་སྨན་ཁང་བཅས་སུ་ཕེབས་ཏེ་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་དུས་མཚུངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་དང་བཞུགས་མོལ་གནང་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་གསན་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་སྒྲོམ་ཚང་སྨན་ཁང་སྒྱུར་བཀོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཚེས་24ཉིན་དང་ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སྡེ་ཁུལ་དང་། སློབ་གྲྭ སྒྲོམ་ཚང་སྨན་ཁང་བཅས་སུ་ཕེབས་ཏེ་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་དུས་མཚུངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་དང་བཞུགས་མོལ་གནང་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་གསན་པ་རེད། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་གལ་འགངས་ཆེ་བའི་དུས་སུ་སླེབས་ཡོད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་དང་ལས་ཀའི་མྱུར་ཚད་མགྱོགས་སུ་དང་ལས་ཕྱོད་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་ཀྱི་ཞན་ཆར་དམིགས་ནས་དོན་འཁྱོལ་ནན་པོ་དང་། དམ་འཛིན། མྱུར་པོ། ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཐོག་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་རྙིང་པའི་སྒོ་འགྲམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བར་གཅོད་ཐིག་འཐེན་པ་དང་འབྲེལ་ཕྱོགས་ཡོངས་ནས་བཀག་སྡོམ་དོ་དམ་བྱས་ཏེ་ལས་དོན་མི་སྣས་དུག་སེལ་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་རིམས་ནད་འགོས་པའི་ནད་དཔེ་བསྒྱུར་སྐྱེལ་ལོགས་བཀར་དང་སྨན་བཅོས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དགེ་སློབ་ཚོའི་བདེ་ཐང་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་། སློབ་གྲྭར་མི་སྣ་འདུས་ཚད་མཐོ་བ་དང་། བར་མཐོངས་ཚགས་དམ་པ། རིམས་ནད་ཁྱབ་མཆེད་ཀྱི་ཉེན་ཁ་ཆེ་བ་བཅས་ཡོད་པས་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་གཟབ་ནན་ཆེན་པོ་བྱེད་དགོས་པ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་དམ་འཛིན་ནན་པོ་བྱས་ཏེ་སློབ་གྲྭའི་བཀག་སྡོམ་དོ་དམ་ཚད་ལྡན་ནན་པོ་བཟོས་ནས་བཀག་ཀྱང་ནན་པོ་མེད་པའི་སྣང་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། དགེ་སློབ་ཀྱི་འཚོ་བར་སེམས་ཁུར་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སློབ་མར་ཁྲིད་སྟོན་བྱས་ཏེ་རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ནན་པོ་དང་སེམས་ཁམས་ཞི་ལྷོད་ཡོང་བར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་སྒྲོམ་ཚང་སྨན་ཁང་གི་བླང་བྱ་ལྟར་སྒྱུར་བཀོད་བྱས་ནས་ནད་པ་བསྡུ་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་ཅིང་། ཝང་ཅུན་ཀྲེང་ནད་པ་སྨན་བཅོས་ཁུལ་དང་། སྨན་དོན་གཞུང་དོན་སྒྲུབ་ཁུལ། དངོས་ཟོག་གསོག་ཉར་ཁུལ་བཅས་ཚང་མར་ཕེབས་ཏེ་གཟིགས་ཞིབ་གནང་ནས་ཉལ་ཁྲི་སྒྲིག་པ་དང་། ཉལ་ཆས་དང་ཇ་དམ་གྲ་སྒྲིག་བྱེད་པ། འཕྲོད་བསྟེན་སྒྲིག་བཀོད་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    སྒྲོམ་ཚང་སྨན་ཁང་བསྐྲུན་རྗེས་ཉལ་ཁྲི་1500ལྷག་ཙམ་མཁོ་འདོན་ཐུབ་པ་མཁྱེན་རྗེས་ཝང་ཅུན་ཀྲེང་གིས་ཚང་མས་དཀའ་སྤྱད་ངལ་རྩོལ་དང་འབད་བརྩོན་ཆེན་པོས་ལས་ཀ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ལས་དུས་འཕར་མ་བྱས་ཏེ་ཉལ་ཁྲི་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་ཤོང་ཚད་ཆེ་རུ་བཏང་ནས་བསྡུ་དགོས་རིགས་མཐའ་དག་བསྡུ་ཉར་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས། ཚད་གཞི་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་སྨན་དོན་མི་སྣས་འགོག་སྲུང་དང་སྦགས་བཙོག་དངོས་པོ་གཙང་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕན་ཚུན་མི་འགོས་པ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    “སྡེ་ཁུལ་དུ་གདགས་གཤིས་ཡིན་པའི་ནད་པ་སྔ་ཤོས་དེ་ག་དུས་ས་ཡོད་དམ” “འགོག་སྲུང་བྱེད་ཐབས་གང་དག་སྤྱད་ཡོད་དམ” “འགོས་པའི་ནད་དཔེ་དང་ཐད་འབྲེལ་པ་ཚང་མ་དུས་ཐོག་ཏུ་བརྒྱུད་འདྲེན་བྱས་ཡོད་དམ”ཞེས་བཀའ་འདྲི་གནང་བཞིན། ཝང་ཅུན་ཀྲེང་གཙང་རལ་སྡེ་ཁུལ་དང་། ཞིང་འབྲོག་ཐིང་གི་བདེ་སྡོད་གླིང་། རབ་གསལ་སྡེ་ཁུལ་སོགས་ཉེན་ཁ་ཆེ་བའི་ཁུལ་དུ་ཕེབས་ནས་བཀག་སྡོམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་འཚོ་བའི་དངོས་ཟོག་འགན་ལེན་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་འདྲི་རྩད་དང་རེ་རེ་བཞིན་མཁྱེན་རྟོགས་གནང་བ་རེད། གྲོང་ཁུལ་རྙིང་པར་མི་སྣ་འདུ་འཛོམས་ཆེ་བ་དང་མཉམ་དུ་ཆུ་ཁུངས་དང་གསང་སྤྱོད་སྤྱོད་པ་དེས་རིམས་འགོག་ལས་དོན་ལ་དཀའ་ངལ་ཆེ་ཙམ་བཟོས་པའི་གནད་དོན་ལ་དམིགས་ཏེ་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། སྒོ་ར་ཆེན་པོར་ནད་དཔེ་ཐོན་ཚེ་འཕྲལ་མར་བརྒྱུད་སྐྱེལ་བྱས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། སྒེའུ་ཁུང་ནས་ཁྲོམ་གཞུང་གི་མང་ཚོགས་ཚོ་བློ་བདེ་པོའི་ངང་ཁྱིམ་སྡོད་ལོགས་འཇོག་བྱེད་པ་གཟིགས་སྐབས། ཝང་ཅུན་ཀྲེང་གིས“རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་དོན་ཆེན་ཞིག་ཡིན་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད། རྒྱ་ཆེའི་མང་ཚོགས་ཁྱིམ་ནས་མི་དོན་པ་ནི་རིམས་འགོག་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པས་ཚང་མས་བསམ་ཤེས་དང་གཞོགས་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་དམངས་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་རྒྱུ་རེད”ཅེས་མྱོང་ཚོར་ཆེན་པོས་གསུངས་པ་དང་། ཁོང་གིས་རིམས་ནད་ཐོན་སྐབས་བཀག་པ་ཙམ་གྱིས་མི་འགྲིག་པར་གྲོང་མིར་བསམ་གཞིག་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་ཁོང་ཚོའི་དཀའ་ངལ་སེལ་རོགས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་ལས་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་གཏན་ནས་བྱེད་མི་རུང་། སྡེ་ཁུལ་དང་ཚན་པ་ཁག་ཚང་མས་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་ཁྱིམ་ཚང་ཚང་མས་རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ཞུས་ཚེ་གྲོང་ཁྱེར་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱལ་ཁ་ཐོབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་གཙང་བཟོ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གྲོས་མོལ་དང་ཞིབ་དཔྱད་གནང་བ་མ་ཟད། གོམ་སྟབས་རྗེས་མའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། ཁོང་གིས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ཇི་ཙམ་འགག་རྩར་སླེབས་ཚེ་དེ་ཙམ་གྱིས་ངེས་ཤུགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཐོག་གཙང་བཟོའི་དམིགས་ཚད་དེ་ཙམ་གྱིས་དམ་འཛིན་བྱས་ཏེ་ལྷོད་གཡེང་མི་གཏོང་བར་གསར་བརྗེ་དང་སྲོག་འབེན་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བྱ་ཐབས་ཁག་དོན་འཁྱོལ་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། རིག་པ་ཧ་ཅང་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་རང་བཞིན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་བསལ་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ངོས་འཛིན་བྱེད་ཤུགས་མི་འདང་བ་དང་། གྲ་སྒྲིག་ཡག་པོ་མ་བྱུང་བ། ལས་དོན་སྤེལ་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཁྱད་བསད་དང་། སྣང་ཆུང་དང་། ལྷོད་གཡེང་། རང་ཤེད་སོགས་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་ཏན་ཏིག་གཏོང་བ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས་རྣམ་འགྱུར་དེ་བས་བརྟན་པོ་དང་བྱ་ཐབས་དེ་བས་འཕྲལ་ཐག་ཆོད་པོར་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མྱུར་པོ་དང་། ནན་པོ། ཞིབ་ཚགས་བཅས་ཡག་པོ་བསྒྲུབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་བརྟན་པོ་དང་སྟངས་འཛིན་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཁོར་རྒྱུག་བདེ་བླག་མ་བྱུང་བ་དང་། ལས་ཀའི་སྤྱོད་ཚུལ་ཡག་པོ་མེད་པ། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་སོགས་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཆད་ལུས་མེད་པར་བཅོས་སྒྲིག་བྱས་ནས་སྔོན་འགོག་་དང་ཚོད་འཛིན་གྱི་བྱ་ཐབས་སླར་ཡང་འཐུས་ཚང་དུ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་སླར་ཡང་ནན་དུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་སླར་ཡང་བརྟན་དུ་གཏོང་བ་བཅས་བྱས་ཏེ་གཙང་བཟོའི་འགག་སྒྲོལ་བྱ་སྤྱོད་ཀྱི་རྨང་གཞི་ཡག་པོ་འདིང་དགོས། གཙོ་གནད་དམ་འཛིན་དང་དཀའ་གནད་སེལ་བའི་ཐད་ཤུགས་བརྒྱབ་ནས་གཙོ་གནད་ས་ཁོངས་དང་གཙོ་གནད་ཁུལ་སྔོན་འགོག་་དང་ཚོད་འཛིན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པའི་ངོས་ནས་ཁ་ཐང་བའི་ཐོན་ཁུངས་འཕྲལ་མཁོ་ཆེ་ཤོས་དང་དགོས་གལ་ཆེ་ས་དང་འགག་རྩའི་ལས་དོན་ཐད་སྤྱད་དེ་བརྒྱུད་འདྲེན་དང་། ལོགས་འཇོག སྒྲོམ་ཚང་དུ་སྐྱེལ་བ་བཅས་འབྲེལ་མཐུད་དམ་ཟབ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུག་སེལ་སྟོབས་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ས་ཁོངས་ལ་དམིགས་པ། ལྷུ་ཚིགས་རེ་རེ་བཞིན་འགག་སྒྲོལ། ལྷུ་ཚིགས་རེ་རེ་བཞིན་ཚད་བརྒལ། “གནད་དོན་རེ་རེ་བཞིན་ཐག་གཅོད”བཅས་བྱས་ཏེ་རྒྱུན་གཏན་གྱི་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་བྱེད་དགོས། དུས་བབ་དང་བསྟུན་ནས་གནད་སྨིན་ཇུས་འདོན་དང་། ཚན་རིག་དང་མཐུན་པའི་ངང་ཉེན་ཁ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་སྟེ་རིམ་དབྱེ་རིགས་དབྱེའི་སྒོ་ནས་འགུལ་རྣམ་དང་ཚན་རིག་དང་མཐུན་པའི་དོ་དམ་བྱས་ཐོག“མགྱོགས་མྱུར་བཀག་སྡོམ་དང་། མགྱོགས་མྱུར་འཐེན་བཤེར། མགྱོགས་མྱུར་དུག་སེལ། མགྱོགས་མྱུར་བཀག་རྒྱ་གློད་པ”བཅས་ཐུབ་པར་བྱེད་དགོས། གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བར་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“དྲ་མིག་ཅན་དང་ཆ་འཕྲིན་ཅན་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་ནས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྣང་ཆེན་དང་སྤུས་ཚད་མཐོ་བའི་ཉིང་སྐྱུར་བརྟག་དཔྱད་དང་། ལས་ཕྱོད་ཆེ་བའི་རིམས་དཔྱད་ཁུངས་འདེད། གདགས་གཤིས་རྩད་གཅོད་ཀྱི་བྱ་སྤྱོད་མྱུར་སྤེལ། བརྒྱུད་འདྲེན་བརྒྱུད་རིམ་ལེགས་སུ་གཏོང་བ། བརྒྱུད་འདྲེན་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་ཚོད་ཐུང་ཤོས་ནང་སྤྱི་ཚོགས་ཐོག་ཁྱབ་མཆེད་ཀྱི་འབྲེལ་ཐག་རྦད་དེ་གཅོད་ཐུབ་པའི་བརྩོན་ལེན་བྱེད་དགོས། རིམས་ནད་ཐོན་པ་དང་འགོག་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འགོ་ཁྲིད་ཀྱིས་ཐབས་ཇུས་འདོན་པར་ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་འཇོག་དང་། ཚན་རིག་དང་མཐུན་པའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། རིགས་གཅིག་མཁས་ཅན་དང་མཉམ་དུ་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ཇུས་གནད་སྨིན་དང་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཚན་རིག་དང་མཐུན་པའི་བཀོད་འདོམས་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།