ཚེས་27ཉིན། བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་རིམ་པ་དང་པོའི་སྐོར་གཟིགས་པ་སུན་ཅིན་ལིང་གིས་བརྗོད་དོན། བོད་ཀྱིས་རིམས་ནད་འགོག་བཅོས་ལས་དོན་ལ་ཞུགས་མཁན་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་པར་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་དང་། དེའང་ཁ་གསབ་ཚད་གཞི་རིགས་དང་པོའི་ལྟར།
1.གྲལ་བཤེར་བྱ་ཡུལ་གྱི་ནད་དཔེ་དང་གཏན་འཁེལ་ནད་དཔེར་ཐད་ཀར་འབྲེལ་ཐུག་བྱེད་མཁན་དང་། བརྟག་དཔྱད་དང་། སྨན་བཅོས། ནད་གཡོག སྨན་ཁང་གི་འགོ་ནད་ལ་ཚོད་འཛིན། ནད་དཔེའི་དངོས་དཔེ་ལེན་པ་དང་ནད་རྐྱེན་ཞིབ་དཔྱད་སོགས་བྱེད་མཁན་གྱི་འབྲེལ་ཡོད་ལས་དོན་མི་སྣར་མི་རེར་ཉིན་རེར་ཁ་གསབ་སྒོར་300སྤྲོད་རྒྱུ།
2.རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞུགས་མཁན་གྱི་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་མི་སྣ་གཞན་དག་ལ་མི་རེར་ཉིན་རེར་ཁ་གསབ་སྒོར་200སྤྲོད་རྒྱུ་རེད་འདུག