དབུ་ཤོག>ཆེད་སྒྲིག
  • རིམས་འགོག་ཡག་པོ་མ་བྱས་པས། ལས་བྱེད་པ་འདི་དག་གནས་དབྱུང་བཏང་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-27

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་རིང་། རང་འགན་གཙང་སྒྲུབ་མ་བྱས་པ་དང་དོན་འཁྱོལ་གནད་ལ་འཁེལ་བ་མ་བྱས་པས། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པ་དབང་འདུས་དང་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཕུར་བུ་གཉིས་གནས་དབྱུང་བཏང་བ་རེད། དེ་བཞིན། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཞལ་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲ་ཅན་ཁང་དང་། ཞལ་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་དབྱངས་ཅན་སྒྲོལ་དཀར། ཞལ་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་པ་སངས་ཚེ་རིང་། ཞལ་དཀར་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་བཅས་བློ་མཐུན་བཞི་གནས་དབྱུང་བཏང་བ་རེད།

      དེང་སྐབས། རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བ་དང་། བག་གཡེང་མི་བྱེད་པ་དང་། ལྷོད་གཡེང་མི་བྱེད་པ། སྟེས་དབང་གི་བསམ་པ་གཏན་ནས་འཆང་མི་རུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསླབ་བྱ་གཏིང་ཟབ་བླངས་ནས་བག་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་གནད་སྨིན་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།