དབུ་ཤོག>ཆེད་སྒྲིག
  • བོད་དུ་འབྲུ་སྣུམ་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-27

    ཚེས་25ཉིན་གྱི་ཕྱི་དྲོ། གསར་འགོད་པར་ལྷ་ས་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་མཛོད་ཁང་དང་ལྗོངས་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། མིག་སྔར། རང་ལྗོངས་སུ་འབྲུ་རིགས་དང་བཟའ་སྣུམ་དང་འཕྲལ་སྡོམ་དངོས་ཟོག་གི་རིམ་བཞིའི་གྲབས་གསོག་མཛོད་ཉར་འདང་ངེས་དང་། སྣ་ཁ་འཛོམས་པ། མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བཅས་ཡོད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འབྲུ་རིགས་དང་བཟའ་སྣུམ་མཁོ་སྤྲོད་ཀྱི་དགོས་མཁོ་དང་འཕྲལ་སྡོམ་དངོས་ཟོག་འགན་ལེན་གྱི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཀྱི་ཡོད།

    རིམས་ནད་ཐོན་རྗེས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲུ་རིགས་གྲབས་གསོག་སྡེ་ཚན་གྱིས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ཏེ་འབྲུ་རིགས་དང་བཟའ་སྣུམ་མཁོ་སྤྲོད་འགན་ལེན་དང་གོང་ཚད་བརྟན་པོ་ཡོང་བར་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་བསྡོམས་རྩིས་ནང་བཅུག་པའི་ལས་གཉེར་ཁེ་ལས་ཁག་གིས་འབྲུ་རིགས་ཏུན་ཁྲི་1.2ཙམ་ཉོས་པ་དང་རིམ་རྩིས་བྱས་ན་འབྲུ་རིགས་དང་བཟའ་སྣུམ་ཏུན་ཁྲི་2.78བཙོངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།