དབུ་ཤོག>ཆེད་སྒྲིག
  • ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གིས་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲོས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-27

    ཚེས་24ཉིན་གྱི་ཕྱི་དྲོ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་ལྷ་སར་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཁྲེན་ཡུང་ཆི་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ལུའོ་མེ། མོང་ཞའོ་ལིན། ཀྲང་ཧུང་པོ་བཅས་ཚོགས་འདུར་ཞུགས་པ་རེད།

    ཡུས་ཞུའེ་ཅུན་གྱིས་གསུངས་དོན། རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་པར་གཞི་དགུ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། དམག་འཐབ་ཧུར་ཐག་རྒྱག་པ། མགྱོགས་མྱུར་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་ཐོག་གཙང་བཟོ་གང་མགྱོགས་ཡོང་བར་བྱེད་དགོས། གཅིག་ནས་ས་ཁུལ་དང་རྫོང་ཁག་གི་དོན་དངོས་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་སྤྱི་ཚོགས་ཐོག་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱེད་པའི་དུས་ཚོད་རེའུ་མིག་དང་འཆར་འགོད་བཟོ་དགོས། གཉིས་ནས་མིག་སྔའི་སྤྱི་ཚོགས་ཐོག་གསར་དུ་ཐོན་པའི་གདགས་གཤིས་ཡིན་པའི་ནད་པར་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་དུས་ཐོག་ཏུ་བརྒྱུད་འདྲེན་དང་། ལོགས་འཇོག དུག་སེལ། རིམས་ནད་རིག་པའི་བརྟག་དཔྱད་བཅས་བྱེད་པ་དང་། འགོས་ནད་ཐོན་པའི་རྒྱུ་རྐྱེན་བཙལ་འཚོལ་དང་སྔོན་འགོག་དང་ཚོད་འཛིན་གྱི་མི་འདང་ས་སེལ་ཐུབ་པར་བྱས་ནས“བརྒྱུད་འདྲེན་བྱེད་དགོས་རིགས་བརྒྱུད་འདྲེན་བྱེད་པ”དང“ལོགས་བཀར་བྱེད་དགོས་རིགས་ལོགས་བཀར་བཞག་ནས”དུས་ཐོག་ཏུ་ནད་དུག་མཆེད་རྒྱུ་གཏན་འགོག་བྱེད་དགོས། གསུམ་ནས་གཙོ་གནད་ལས་ཡུལ་དང་གཙོ་གནད་མི་ཚོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས“ཕྱོགས་བཞིའི་འགན་འཁྲི”ནན་པོར་དཀྲིས་ཏེ། དོ་དམ་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་གཞི་རིམ་ལས་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་དང་གཉིས་ལྡན་དུད་སྦྲེལ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཉམ་འགོག་མཉམ་སྡོམ་དང་མཉམ་འགོག་མཉམ་ཟོན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། བཞི་ནས་གནས་གཏན་འཁེལ་གྱི་སྨན་ཁང་དང་ལོགས་བཀར་སྡོད་གནས་ཀྱི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་སྒྲོམ་ཚང་སྨན་ཁང་དང་རྗེས་གྲབས་གནས་གཏན་འཁེལ་གྱི་སྨན་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་བཅོས་དགོས་རིགས་ཚང་མ་བཅོས་ཐུབ་པའི་འགན་ལེན་བྱེད་དགོས། ཆེད་ལས་ཀྱི་ནད་དུག་གསོད་ཤུགས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་དུས་ཐོག་ཏུ་གཅིག་སྡུད་ལོགས་བཀར་ས་ཚིགས་ཀྱི་གདགས་གཤིས་ནད་པའི་ཁང་པ་སོགས་ལ་དུག་སེལ་བྱེད་པ་དང་། དུག་སེལ་བྱས་འབྲས་ཚད་གཞི་དང་མཐུན་རྗེས་སླར་ཡང་བསྐྱར་སྤྱོད་བྱེད་པ་དང་ཚད་ཡོད་ཀྱི་ལོགས་བཀར་བྱ་ཡུལ་བེད་སྤྱོད་བྱེད་གང་ཐུབ་བྱེད་དགོས། ལྔ་ནས་ཆུ་མ་ཡོང་གོང་ནས་རགས་རྒྱག་དགོས་ཤིང་། འཚོ་བའི་དངོས་ཟོག་འགན་སྲུང་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་སྐོང་དགོས། དྲུག་ནས་རིམ་ཁག་ལས་བྱེད་པས་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་སྡེ་ཁུལ་གྱི་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། མང་ཚོགས་སྐུལ་སློང་ཧུར་ཐག་བྱེད་པ། རིམས་ནད་མེད་པའི་སྡེ་ཁུལ་དང་རིམས་ནད་མེད་པའི་གྲོང་ཚོ་དང་ཚོགས་ཆུང་རྒྱ་ཁྱབ་ངང་གཏོད་པ། ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དོན་ཚན་ཁག་བདེ་བླག་དང་ལག་བསྟར་ནུས་ལྡན་ཐུབ་པར་བྱས་ནས་སྤུས་ཚད་མཐོ་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས།

    ཁྲེན་ཡུང་ཆིས་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་གདགས་གཤིས་ཡིན་པའི་ནད་པ་བརྒྱུད་འདྲེན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། སྐྱེལ་འདྲེན་བྱེད་མགྱོགས་སུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཁར་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཐབས་ཇུས་འཕྱུགས་མེད་ངང་བཟོ་བ། ཐད་འབྲེལ་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལོགས་བཀར་སྡོད་གནས་གང་མགྱོགས་མང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཐོག་གཙང་བཟོའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།