དབུ་ཤོག>ཆེད་སྒྲིག
  • རྐང་བཙུགས་ནས་བགྲོད་ཤུལ་གསང་པས། བོད་ཀྱི་མི་2ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་རེད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-26

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཉེན་རྟོག་ཕྱོགས་ཀྱིས། འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པའི་མི་2ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་རེད།

    2022ལོའི་ཟླ་8པར་ཉི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་གཉིས་ལ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་ཤིང་། ནད་ཡམས་རིག་པའི་བརྟག་དཔྱད་དང་ལེན་བྱེད་རིང་། ཁོང་གཉིས་ཀྱིས་གང་དུ་ཕྱིན་པའི་བགྲོད་ཤུལ་དང་འབྲེལ་གཏུག་བྱུང་བའི་མི་རྐང་བཙུགས་ནས་སྦ་གསང་བྱས་པས། ནད་ཡམས་རིག་པའི་བརྟག་དཔྱད་ཀྱི་གྲལ་བཤེར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། མིག་སྔར་སྣེ་གདོང་རྫོང་གི་ཉེས་དོན་ཉེན་རྟོག་པས་མི་དེ་གཉིས་ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད། 

    ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། རང་རྟོགས་ངང་རིམས་འགོག་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་། གལ་ཏེ་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་རིམས་ནད་མཆེད་པའི་ཉེན་ཁ་བཟོས་ཚེ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་ངེས་ཡིན་པའི་པའི་དྲན་སྐུལ་བྱས་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།