དབུ་ཤོག>ཆེད་སྒྲིག
  • གཏམ་བཟང་། ཡང་བོད་ཀྱི་རྫོང་འདི་དག་ལ་རིམས་ནད་གཙང་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-26

     མིག་སྔར། རང་ལྗོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས། དཀའ་སྤྱད་འབད་འཐབ་བཅས་བྱས་ནས། རིམས་ནད་འགོག་རྒོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པར་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད།

    ཚེས་25ཉིན་བར། ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་དང་། མེ་ཏོག་རྫོང་། སྨན་གླིང་རྫོང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོ་མོ་རྫོང་དང་ཁང་དམར་རྫོང་། མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་སྤྱི་བསྒྲགས་སྤེལ་འདུག

    འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར།

    མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པས། ཚང་མས་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། ལག་པ་འཁྲུད་པ། རླུང་འགྲོ་ཡག་པོ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་དང་དོན་འཁྱོལ་གྱིས་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྐུར་བ་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།