དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-26

     ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཚེས་24ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་པ་སྣམ་རྫོང་དང་ཁང་དམར་རྫོང་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

    པ་སྣམ་རྫོང་ཆུ་ནུབ་ཤང་དུ་ཡན་ཅིན་ཧའེ་ཡིས་གྲོང་ཚོ་དང“དྲོད་ཁང་ཆེ་མོའི”ནང་ཕེབས་སྐབས་ཆ་དཀར་གྲོང་ཚོའི་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་འགན་འཁུར་བས་གྲོང་ཚོ་འདིར་རིམས་ནད་འགོས་མཁན་བྱུང་མེད་པའི་ཁར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་པའི་རྨང་གཞིའི་ཐོག་ཕྱུགས་འཚོ་མཁན་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་པའི་སྐོར་ངོ་སྤྲོད་བྱས་པར་ཡན་ཅིན་ཧའེ་ཡིས་དེར་ཁས་ལེན་གང་ལེགས་གནང་བ་རེད། འཇའ་ཚོན་སྣ་ལྔའི་སྐྱེ་ཁམས་ཞིང་ལས་ཀུང་སིར་ས་གནས་ས་ཐོག་གི་འགན་འཁུར་བས་ཀུང་སིས་བཀག་སྡོམ་དོ་དམ་བྱས་པས་སྔོ་ཚལ་འཐུ་ལ་ཉེ་བའི་སྐབས་ཐོན་སྐྱེད་བྱེད་མཁན་མི་འདང་བའི་སེམས་ཁྲལ་འདུག་ཅེས་བཤད། ཡན་ཅིན་ཧའེ་ཡིས་སྔ་སྣུར་དུ་སྦྲེལ་མཐུད་བྱས་ནས“གནས་དང་གནས་གཏུག་པའི”བཀག་སྡོམ་དོ་དམ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཉེ་འཁོར་གྱི“རིམས་ནད་མེད་པའི་གྲོང་ཚོའི”མང་ཚོགས་དྲོད་ཁང་དུ་ལས་ཀ་བྱེད་པར་བཀོད་སྒྲིག་བྱས་ཏེ་དྲོད་ཁང་གི་སྔོ་ཚལ་དུས་ཐོག་ཏུ་འཐུ་ཐུབ་པའི་འགན་ལེན་བྱེད་དགོས་ལ་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་ཀྱང་མང་དུ་བཏང་ནས“གཉིས་ཁེ”ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཁང་དམར་རྫོང་ས་ཕུད་སྒང་ཞིབ་བཤེར་ས་ཚིགས་དང་ལོགས་བཀར་གསོལ་མགྲོན་ཁང་དུ་ཕེབས་ནས་ཡན་ཅིན་ཧའེ་ཡིས་ཞིབ་བཤེར་ས་ཚིགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་ཞིང་། ཡན་ཅིན་ཧའེ་ཡིས། དཀའ་ལས་བརྒྱབ་པར་ཕན་འབྲས་ཐོན་དགོས་པ་ལས་དཀའ་ལས་བརྒྱབ་པ་སྟོང་ཟད་དུ་མི་འགྲོ་བ་བྱེད་དགོས།། ཚང་མས་ཐོབ་པར་དཀའ་བའི་རིམས་འགོག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས“རིམས་ནད་མེད་པའི་གྲོང་ཚོ”དང“རིམས་ནད་མེད་པའི་ཤང”གནས་ཀྱིས་ཡུག་འབྲེལ་བ་དང་ཡུག་གིས་ཁྱོན་ཡོངས་འབྲེལ་ནས་འགག་སྒོ་ནན་སྲུང་དང་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ། སྨན་ཁང་དང་། རྒན་གསོ་ཁང་། ཕན་བདེ་ཁང་། དགོན་སྡེ་སོགས་མི་འདུ་འཛོམས་ཆེ་སར་དམ་པོར་དམིགས་པ་དང་། ལྷག་པར་དུ་རྒན་རྒོན་དང་། བྱིས་པ། སྦྲུམ་མ། དབང་སྐྱོན་ཚབས་ཆེན་དང་ནད་གཞི་ཚབས་ཆེན་ཕོག་པ་སོགས་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་སྡུད་ལོགས་བཀར་དང་ཁྱིམ་སྡོད་ལོགས་བཀར་གློད་རིགས་ཀྱི་ཞབས་ཞུ་དོ་དམ་ཡག་པོ་བྱེད་དགོས། ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ་ཐོན་སྐྱེད་བྱེད་མཚམས་མི་ཆད་པ་དང་། ཟོག་འགྲེམས་རྒྱུན་མི་ཆད་པ། སྒྲིག་ལམ་ཟང་ཟིང་མི་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཞིབ་བཤེར་གནང་རིང་། ཡན་ཅིན་ཧའེ་ཡིས་བཀག་སྡོམ་དང་གྲལ་བཤེར་ལོགས་བཀར་དང་། བཀག་སྡོམ་དོ་དམ་ནན་པོ། གདགས་གཤིས་དོན་རིགས་ལ་དོ་དམ། སྔོན་ལ་དོ་དམ་དང་རྗེས་སུ་བདའ་འདེད། ཆེད་སྒྲུབ་མྱུར་སྐྱེལ། ལོགས་དབྱེ་ཚད་ལྡན། སྐྱོབ་བཅོས་ནུས་ལྡན། གཅིག་འགྱུར་འཆར་འགོད་བཅས་ཕྱོགས་བརྒྱད་ཀྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས་པའི་ཐད་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།