ཚེ་རིང་ནི་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གློག་འདྲེན་སྐྱེལ་འདྲེན་ཞིབ་བཤེར་པན་གཉིས་པའི་ལས་མི་དཀྱུས་མ་ཞིག་ཡིན། འདི་ལོའི་ཟླ་7པར་ཁོང་གིས་རང་འགུལ་ངང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གྱང་ཉལ་གྲོང་ཚོར་བསྐྱོད་ནས་གྲོང་སྡོད་ལས་དོན་སྤེལ་རྒྱུའི་རེ་འདུན་ཞུས་པ་རེད།
ཚེ་རིང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་གཞན་གྱི་ལས་འགན་གཙོ་བོ་ནི་སྨན་པར་གཞོགས་འདེགས་བྱས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ཆ་འཕྲིན་བསྡོམས་རྩིས་དང་། ལེགས་སྒྲིག སྙན་སེང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རེད། “གྲོང་ཚོའི་ནང་མི་ཁག་གཅིག་འབྲོག་རར་ཕྱུགས་འཚོ་ཡི་ཡོད་པས། ང་ཚོས་གྲོང་ཚོའི་ནང་གི་གཏན་འཇགས་གྲོང་མི་བསྡོམས་རྩིས་བརྒྱབ་རྗེས་རླངས་འཁོར་བཏང་ནས་འབྲོག་རར་བསྡོམས་རྩིས་བྱེད་པར་འགྲོ་དགོས་པས་དེ་ང་ཚོའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད་འདུག”ཅེས་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་གྱང་ཉལ་གྲོང་ཚོར་ཕྱུགས་འཚོ་ས་5ཡོད་པ་དང་གྲོང་ཚོ་ནས་ཕྱུགས་འཚོ་ས་བར་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་པར་ཆུ་ཚོད་2འགོར་གྱི་ཡོད། མི་འཚོལ་བ་དང་མི་གྲངས་ཞིབ་དཔྱད་བྱ་རྒྱུ་ང་ཚོའི་ལས་དོན་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
ཛ་དྲག་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་མདུན་དུ། ཚེ་རིང་གིས་གྱང་ཉལ་གྲོང་ཚོའི་སྨན་དོན་མི་སྣར་གཞོགས་འདེགས་བྱས་ཏེ་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་གྲོང་ཚོ་གསུམ་ལ་གཞོགས་འདེགས་བྱས་ཏེ་རིམས་འགོག་ལས་དོན་ཡང་ཡག་པོ་བསྒྲུབས་ཡོད་པ་རེད།
“དཀའ་ངལ་ཆེན་པོ་འཕྲད་རུང་རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་བསམ་བློ་འཁོར་རིམ་བཞིན་འདི་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་རེད་སྙམ་གྱི་འདུག”ཅེས་ཚེ་རིང་གིས་བརྗོད།
རིམས་ནད་མཆེད་རྒྱུ་འགོག་ཆེད། ཚེ་རིང་གིས་ད་དུང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་སྣེ་ཁྲིད་དེ་གྲོང་ཚོའི་རྒྱལ་ལམ་འགྲམ་དུ་ཞིབ་བཤེར་ས་ཚིགས་བཙུགས་ནས། ཉིན་མཚན་དབྱེར་མེད་ལས་རེས་ལས་སྲུང་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་དང་མི་སྣའི་འགྲོ་སྐྱོད་གཱ་དང་། བོད་ལྗོངས་ཤར་བགྲོད། ཆུ་ཚོད་48ཀྱི་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་སྲིབས་གཤིས་ཀྱི་སྙན་ཞུ་སོགས་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་རེད།
གནམ་སྔོན་སྤྲིན་དཀར་འོག་གྱང་ཉལ་གྲོང་ཚོའི་བྲེལ་འཚུབ་ཆེ་བའི་སྨན་དོན་མི་སྣ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་གཟུགས་བརྙན་དེ་ཆེས་བཀྲག་མདངས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་པ་ལྟར་སྣང་།