ཉེན་ཁའི་ཁུལ་ཆེ་འབྲིང་ཆུང་གསུམ་གྱི་རིམས་འགོག་བྱ་ཐབས།
བོད་རང་སྐྱོང་ལྗོངས་ཀྱིས་ཉེན་ཁ་ཆེ་འབྲིང་ཆུང་གསུམ་ཁུལ་དུ་རིམས་ནད་འགོག་ཟོན་བྱེད་པའི་བྱ་ཐབས།
ས་བཅད་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རིམས་ནད་འགོས་ཁྱབ་མི་འགྲོ་བར་བྱས་ནས། ལྗོངས་ཡོངས་ཀྱི་ཉེན་ཁ་ཆེ་འབྲིང་ཆུང་གསུམ་ཁུལ་གྱི་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་ཏེ། རིམས་ནད་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བར་རྐྱེན་པའི་ཉེན་ཁ་ཁྱབ་ཁུངས་ཆུང་ཤོས་ནང་ཚོད་འཛིན་ཐུབ་པར་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་ལམ་སྲོལ་དང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་ཐབས(པར་མ་དགུ་པ )ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། བྱ་ཐབས་འདི་ཆེད་དུ་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱ་ཐབས་འདི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས་བཅས་ཚང་མར་སྤྱད་རྒྱུ།
ས་བཅད་གཉིས་པ། ཉེན་ཁ་ཆེ་འབྲིང་ཆུང་གསུམ་ཁུལ་དབྱེ་ཐབས་སྐོར།
དོན་ཚན་གསུམ་པ། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས་གཞིར་བཟུང་སྟེ། ཉེན་ཁ་ཆེ་ཁུལ་ས་ཆར་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཐད་བཀག་སྡོམ་ཁུལ་ལྟར་དོ་དམ་བྱ་རྒྱུ་དང་། ཉེན་ཁ་འབྲིང་ཁུལ་ས་ཆར་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཐད་ལྟ་སྡོམ་ཁུལ་ལྟར་དོ་དམ་བྱ་རྒྱུ། ཉེན་ཁ་ཆུང་ཁུལ་ས་ཆར་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཐད་འགོག་ཟོན་ཁུལ་ལྟར་དོ་དམ་བྱ་རྒྱུ།
ས་བཅད་གསུམ་པ། ཉེན་ཁ་ཆེ་ཁུལ་གྱི་འགོག་ཟོན་བྱ་ཐབས་སྐོར།
དོན་ཚན་བཞི་པ། ཉེན་ཁ་ཆེ་ཁུལ་དུ་བཀག་སྡོམ་ཚོད་འཛིན་གྱི་དོ་དམ་ལག་བསྟར་བྱས་ནས་གཞི་རྩའི་ཆར་མི་སྣ་དང་རླངས་འཁོར་མི་ཐོན་མི་ཡོང་བར་བྱེད་པ་དང་། འབྲེལ་ཡོད་ས་ཁོངས་ཀྱི་སྡེ་ཁུལ་དང་། གྲོང་ལྷན། ལམ་དུམ་བཅས་ལ་བཀག་སྡོམ་བྱས་ཏེ། ཁོར་ཡུག་ཆ་རྐྱེན་ལ་གཞིགས་ནས་ལོགས་བཀར་རམ་ཡང་ན་ལོགས་སུ་བཀར་ནས་ཉེན་ཟོན་ས་ཐིག་བཟོས་ཏེ། ཕྱིར་གཏོང་ནང་འཛུལ་གཅིག་ཀྱང་མེད་པར་བྱ་རྒྱུ་མ་ཟད། འགག་སྒོ་བཙུགས་ནས་ཆུ་ཚོད24རིང་ལས་རེས་ལྟ་སྲུང་བྱ་རྒྱུ་དང་། དགོས་ངེས་ཀྱི་ལས་དོན་མི་སྣ་དང་རླངས་འཁོར་ཕུད། དེ་མིན་ཚང་མར་འགྲོ་འོང་མི་ཆོག་པ་དང་། འགྲོ་འོང་བྱེད་སྐབས་ཚད་ལྡན་འགོག་ཟོན་དང་། དུག་སེལ་ནན་པོ་བྱ་རྒྱུ།
དོན་ཚན་ལྔ་པ། ཁྱིམ་སྡོད་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ཆུ་ཚོད24རིང་གི་སྐོར་གཡེང་ལས་རེས་བཀོད་སྒྲིག་བྱས་ཐོག གློག་མིག་སྒྲིག་ཆས་དང་། གློག་རྡུལ་སྒོ་འབྱེད། སྒོ་ཐེལ་རྒྱག་པ་སོགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས་ཏེ། མི་ཕྱི་ཕྱོགས་སུ་འགྲོ་བ་བཀག་འགོག་བྱ་རྒྱུ། སྨན་པ་བསྟེན་པ་སོགས་ཀྱིས་རྐྱེན་པས་ཕྱིར་བསྐྱོད་དགོས་ངེས་ཀྱི་མི་སྣར་གྲོང་ཚོའི(སྡེ་ཁུལ)ངོ་སྤྲོད་ཡི་གེ་སྤྲོད་པ་དང་འབྲེལ། ཞིབ་བཤེར་ཐོ་འགོད་ཡག་པོ་བྱས་ནས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་འགོག་ཟོན་ཡག་པོ་བྱེད་པ་དང་བཀག་སྐྱེལ་དོ་དམ་དོན་འཁྱོལ་ཡོང་བར་བྱ་རྒྱུ།
དོན་ཚན་དྲུག་པ། ཁྱིམ་དུ་སྡོད་སྐབས་སྡོད་སའི་སྤྱི་པའི་ས་ཁོངས་སུ་ཁ་རས་བརྒྱབ་ནས་ཁྱིམ་ཚང་ནང་མིའི་དབར་འབྲེལ་གཏུག་བྱ་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། ཁོར་ཡུག་དུག་སེལ་དང་སྡོད་ཁང་ནང་མཁའ་རླུང་རྒྱུག་པ་སོགས་ཀྱི་བྱ་ཐབས་སྤྱད་རྒྱུ།
དོན་ཚན་བདུན་པ། སྐད་འཕྲིན་དང་། འཕྲིན་ཐུང་། སྤྱི་སྟེགས། དུང་བརྡ་ཆུང་ཆུང་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། དུས་ཐོག་ཏུ་བཀག་རྒྱ་ཚོད་འཛིན་གྱི་ཆ་འཕྲིན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁྱབ་བསྒྲགས་བྱས་ནས། གྲོང་མིར་མི་སྒེར་གྱི་འགོག་སྲུང་དང་སྡོད་ཁང་ནང་ཁ་རླུང་རྒྱུག་ཏུ་འཇུག་པ་སོགས་ཀྱི་ཁྲིད་སྟོན་བྱ་རྒྱུ། མང་ཚོགས་ཀྱི་བསམ་འཆར་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མང་ཚོགས་ལ་དུས་ཐོག་ཏུ་གསལ་འགྲེལ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་སེམས་མི་འཚུབ་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་འཇིགས་སྐྲག་མེད་པར་བཟོ་རྒྱུ།
དོན་ཚན་བརྒྱད་པ། དུད་ཚང་རེ་རེ་བཞིན་སྒོ་ཁར་བརྟག་བཤེར་བྱེད་པ་དང་། སྐད་འཕྲིན་ཚོགས་པ་འཛུགས་པ། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་བསྐུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དུས་ཚོད་སྔ་ཤོས་སུ་བཀག་རྒྱ་ཚོད་འཛིན་ཁུལ་ནང་གི་མི་སྣའི་གནས་ཚུལ་མཐིལ་རྟོགས་པར་བྱས་ནས། ཁེར་རྐྱང་དུ་སྡོད་མཁན་རྒན་རྒོན་དང་། ནར་མ་སོན་པའི་མི། སྦྲུམ་མ། དབང་པོ་སྐྱོན་ཅན། འགུལ་སྐྱོད་སྟབས་བདེ་མེད་པའི་མི། སྨྱོ་ནད་ཕོག་པ། གཅོང་ནད་ཕོག་མཁན་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཤེས་པར་བྱ་དགོས་ལ། ནད་པ་དང་འབྲེལ་འདྲིས་ཅུང་ཡོད་ཀྱང་བརྒྱུད་འདྲེན་མ་ཐུབ་པའི་མིའི་གནས་ཚུལ་དུས་ཐོག་ཏུ་ཤེས་པར་བྱེད་པ་དང་། ཆེད་བསྐོས་མི་སྣས་ལྟ་སྡོམ་ནན་པོ་བྱས་ཏེ། བརྒྱུད་འདྲེན་མ་བྱས་གོང་སྒོ་ཕྱིར་མི་འགྲོ་ཞིང་། སྒོ་རྩར་ཕྱིན་ནས་མ་དཔེ་ལེན་པ་དང་། བདེ་ཐང་བརྟག་བཤེར་སོགས་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་རྒྱུ།
དོན་ཚན་དགུ་པ། ཉེན་ཁ་ཆེ་ཁུལ་གྱི་མི་སྣ་ཡོངས་ལ་བདེ་ཐང་བརྟག་བཤེར་བྱས་ནས་ཉིན་རེའི་སྙན་ཞུ་གཅིག་ཀྱང་མེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཉིན་ལྟར་སྔ་དྲོ་དང་ཕྱི་དྲོ་སོ་སོར་གཟུགས་པོའི་དྲོད་ཚད་བརྟག་བཤེར་དང་ནད་རྟགས་འདྲི་གཅོད་བྱས་ནས། མི་ཚང་མར་ཚ་བ་གཅོག་པ་དང་། གློ་ལུ་བ། དུག་སྲིན་འགོག་སྨན་དང་ནད་དུག་འགོག་པ་སོགས་ཀྱི་སྨན་ཉོས་པའམ། ཡང་ན་བེད་སྤྱོད་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱ་དགོས་པར་མ་ཟད། བདེ་ཐང་བརྟག་བཤེར་གྱི་ཐོ་འགོད་རེའུ་མིག་འབྲི་རྒྱུ། ནད་རྟགས་ཆེན་པོ་བཅུ་གཅིག(ཚ་རྒྱག་པ་དང་། སྐམ་གློ་ལུ་བ། ཤུགས་མེད་པ། མིད་པ་ན་བ། སྣ་ཤེས་ཉམས་པ། རོ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་འཛར་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། ཤ་གནད་ན་བ། ཁོག་པ་བཤལ་བ)གི་མི་སྣ་ཡོད་ཚེ། གནས་སའི་གྲོང་ཚོ(སྡེ་ཁུལ)ནས་འཕྲལ་མར་གོང་རིམ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་ལ་སྙན་སེང་ཞུ་དགོས་ལ། གནས་སྐབས་བཀག་སྐྱེལ་བྱ་ཐབས་སྤྱད་ནས་དམིགས་བཙུགས་གཏན་འཁེལ་སྨན་ཁང་དུ་དབོར་རྒྱུར་འདུམ་སྦྱོར་བྱས་ཏེ། ཏོག་གསར་གློ་ཚད་འགོ་བའི་ཉེན་ཁ་སེལ་རྗེས་ལོགས་བཀར་ཁུལ་དུ་དབོར་ནས་གཅིག་སྡུད་ངང་ལོགས་བཀར་རམ་ཡང་ན་ཁྱིམ་དུ་འཇོག་རྒྱུ།
དོན་ཚན་བཅུ་པ། བཀག་རྒྱའི་ཚོད་འཛིན་ལག་བསྟར་བྱས་རྗེས་ཀྱི་ཆུ་ཚོད24ནང་ཚང་མར་ཉིང་སྐྱུར་བཤེར་འཇལ་ཐེངས་དང་པོ་བྱས་ནས། ཉིན་བདུན་ནང་ཚུན་དུ་གཞི་རྩའི་ཐོག་ཉིན་དང་པོ་དང་། གསུམ་པ། ལྔ་པ། བདུན་པ་བཅས་ཉིན་བཞིར་ཉིང་སྐྱུར་བཤེར་འཇལ་བྱ་དགོས་པ་དང་། ཉིན་གཉིས་པར་ནད་འགོག་གཞི་རྐྱེན་བརྟག་བཤེར་ཐེངས་གཅིག་བྱ་དགོས་ལ། ནད་ཡམས་ཀྱི་འཕེལ་རིམ་དང་ཉེན་ཁའི་དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས་ཉིང་སྐྱུར་བཤེར་འཇལ་བྱེད་ཐེངས་གཏན་འཁེལ་བྱ་རྒྱུ་དང་། ཉེན་ཁ་ཆེ་ཁུལ་ལས་མ་གྲོལ་གོང་གི་ཉིན་གཅིག་ནང་ཚུན་དུ་སླར་ཡང་མི་ཚང་མར་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་རྒྱུ། ཉིང་སྐྱུར་བཤེར་འཇལ་བྱེད་སྐབས། མ་དཔེ་ལེན་ཁུལ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་འབྲེལ། ཆེད་ལས་མི་སྣས་དཔྱད་དཔོག་བྱས་རྗེས་སྤྱོད་འགོ་བཙུགས་ཏེ་ཚན་རིག་དང་མཐུན་པའི་ཐབས་ལམ་གཏན་འཁེལ་བྱེད་པ་དང་། ས་ཡུལ་དངོས་ཀྱི་སྒྲིག་འཛུགས་དོ་དམ་ལ་ཤུགས་རྒྱག་པ། ཆེད་མིས་ཁྲིད་སྟོན་བྱེད་པ། དུས་ཚོད་དང་ཁུལ་ཁག་བགོས། གཏན་འཇགས་ལམ་ཐིག་ལག་བསྟར་བྱེད་པ། མི་སྒེར་གྱི་འགོག་ཟོན་ཡག་པོ་སྒྲུབ་པར་ལྟ་སྐུལ་བྱེད་པ། ཕན་ཚུན་འགོ་ཁྱབ་བྱེད་རིགས་མི་ཐོན་པ་བཅས་བྱ་དགོས། གདགས་གཤིས་ཡིན་པའི་ནད་པའི་ཁང་པ་དང་སྒོ་རར་སྔོན་ལ་ནད་འགོག་གཞི་རྐྱེན་བརྟག་བཤེར་བྱ་རྒྱུ་དང་། སྲིབ་གཤིས་ཡིན་ན་གོ་རིམ་ཡོད་པའི་སྒོ་ནས་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུ། བརྒྱུད་འདྲེན་བྱེད་མ་ཐུབ་པའི་ཉེན་ཁ་ཡོད་པའི་མི་སྣ་དང་། ནད་འགོག་གཞི་རྐྱེན་བརྟག་བཤེར་གདགས་གཤིས་ཡིན་པ། ཉིང་སྐྱུར་འདྲེས་བཤེར་གདགས་གཤིས་ཡིན་པ་བཅས་ཀྱི་བསྐྱར་བཤེར་མི་སྣ་དང་། འགུལ་སྐྱོད་སྟབས་མི་བདེ་བའི་མི། ལོ་ན་ཆེ་བའི་རྒན་རྒོན་སོགས་དམིགས་བསལ་མི་སྣ་བཅས་ཀྱི་སྒོ་རྩར་བསྐྱོད་དེ་བརྟག་བཤེར་བྱས་ནས་ཁེར་རྐྱང་བརྟག་བཤེར་བྱ་དགོས། ལས་ཀ་བྱེད་མཁན་ལའང་ཉིན་རེར་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། ཉེན་ཁ་ཆེ་ཁུལ་ནང་ཁོངས་ཀྱི་མི་ལ་གལ་ཏེ་འབྲེལ་འདྲིས་དམ་ཟབ་དང་ཅུང་ཡོད་མཁན་ཡིན་ན། འབྲེལ་འདྲིས་དམ་ཟབ་མཁན་དེ་ཆུ་ཚོད་བརྒྱད་ཀྱི་ནང་ཚུན་དུ་གཅིག་སྡུད་ལོགས་བཀར་བྱ་ཡུལ་དུ་བསྐྱལ་དགོས། འབྲེལ་འདྲིས་ཅུང་ཡོད་མཁན་ཁྱིམ་ནས་ལོགས་སུ་དགར་དགོས་ཤིང་། ཉིང་སྐྱུར་བཤེར་འཇལ་བྱས་འབྲས་གདགས་གཤིས་ཡིན་པ་ཤེས་ན། ཆུ་ཚོད་གཉིས་ནང་དུ་དམིགས་བཙུགས་སྨན་ཁང་དུ་བསྐྱལ་དགོས། འབྲེལ་ཡོད་མི་སྣ་བརྒྱུད་འདྲེན་མ་བྱས་གོང་ས་ཆ་དེ་རང་དུ་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་བྱ་དགོས་པ་དང་། བརྒྱུད་འདྲེན་བྱེད་སྐབས་བརྒྱུད་འདྲེན་མི་སྣ་དང་ལས་དོན་མི་སྣའི་མི་སྒེར་གྱི་འགོག་ཟོན་ལ་ཤུགས་སྣོན་བྱ་དགོས།
དོན་ཚན་བཅུ་གཉིས་པ། དུག་སེལ་མི་སྣར་སྦྱོང་བརྡར་དང་། ལག་རྩལ་མཛུབ་ཁྲིད། ལྟ་སྐུལ་སློབ་སྟོན་བཅས་བྱ་རྒྱུ། གཙོ་གནས་ཁྱབ་ཁོངས་དང་། གཙོ་གནས་ཁུལ་དུ་དུལ་སེལ་པར་ཤུགས་བརྒྱབ་ནས། ཉིན་ལྟར་གློག་སྐས་ཀྱི་མཐེབ་གནོན་དང་། སྐས་འཛེག་ལག་སྐྱོར། སྡེ་ཚན་སྒོ་ལུང་སོགས་མི་མང་པོས་རེག་སའི་གཙོ་གནད་ཁུལ་ལ་དུལ་སེལ་ཐེངས་མང་བྱ་རྒྱུ། ནད་པ་དང་ནད་རྟགས་མེད་པའི་ནད་པའི་སྡོད་ཁུལ་དང་། ལས་ཀ་བྱེད་ས་སོགས་ལ་དུག་སེལ་ཡག་པོ་བྱ་དགོས་ལ། ནད་དུག་ཡོད་སྲིད་པའི་ཁྱབ་ཁོངས་སུ། ཁོར་ཡུག་མ་དཔེ་བསྡུ་ལེན་བྱ་རྒྱུ་མ་ཟད་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུ།
དོན་ཚན་བཅུ་གསུམ་པ། འཚོ་བའི་གད་སྙིགས་གནས་སྐབས་བསྡུ་ལེན་བྱེད་ས་དང་། སྨན་བཅོས་གད་སྙིགས་གནས་སྐབས་བསྡུ་ལེན་བྱེད་ས་ཚད་ལྡན་བཟོ་རྒྱུ། ཉིང་སྐྱུར་བཤེར་འཇལ་གདགས་གཤིས་ཡིན་པ་དང་། འབྲེལ་འདྲིས་དམ་ཟབ་ཡོད་མཁན། འབྲེལ་འདྲིས་ཅུང་ཡོད་མཁན་སོགས་ལོགས་སུ་བཀར་བའི་མིས་དབྱུགས་པའི་གད་སྙིགས་དང་། ལས་དོན་མི་སྣས་སྤྱད་མྱོང་བའི་འགོག་སྲུང་ཡོ་ཆས་སོགས་སྨན་བཅོས་གད་སྙིགས་ལ་བརྩིས་ནས་རྩ་མེད་བཟོ་རྒྱུ།
དོན་ཚན་བཅུ་བཞི་པ། མཁོ་སྤྲོད་འགན་སྲུང་ཚན་པ་དང་ཚོང་ཁང་ཆེ་རིགས་བར་གྱི་སྤྲོད་ལེན་ལས་ཀར་ཤུགས་སྣོན་བྱས་ནས། འབྲེལ་ཡོད་དངོས་ཟོག་དུས་ཐོག་ཏུ་བསྐྱལ་རྒྱུ། མི་ཆེད་དུ་མངགས་ནས་གྲོང་མིའི་རྒྱུན་མཁོའི་དངོས་ཟོག་མཁོ་སྤྲོད་འགན་འཁུར་དང་། དགོས་མཁོ་ཡོད་པའི་ཅ་དངོས་ཉོས་ནས་ཁྱིམ་དུ་སྐྱེལ་བ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ།
དོན་ཚན་བཅོ་ལྔ་པ། བཀོག་སྡོམ་ཁུལ་གྱི་སྨན་བཅོས་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། སྨན་བཅོས་ལས་ཁུངས་ཆེད་དུ་བཀོད་སྒྲིག་བྱས་ནས་གྲོང་མིར་སྨན་བཅོས་ཞབས་ཞུ་བསྒྲུབ་རྒྱུ། ཁེར་སྡོད་རྒན་རྒོན་དང་། ནར་མ་སོན་པའི་ཕྲུ་གུ། སྦྲུམ་མ། དབང་པོ་སྐྱོན་ཅན། གཅོང་ནད་ཀྱི་སྨན་དགོས་མཁོ་ཡོད་མཁན། དམིགས་བསལ་དཀའ་ངལ་ཡོད་མཁན་སོགས་ཀྱི་མིར་སྨན་བཅོས་སྟབས་བདེ་བསྐྲུན་རྒྱུ།
དོན་ཚན་བཅུ་དྲུག་པ། ཉིན་བདུན་ནང(ནད་པ་མཇུག་ཤོས་དེ་ལོག་བཀར་དང་བཀག་སྡོམ་བྱེད་པའི་ཉིན་མོ་ནས་བརྩི་དགོས)ནད་པ་གསར་དུ་མ་ཐོན་པ་དང་། ཁོར་ཡུག་དུག་སེལ་ཚད་དང་ལྡན་པ་བྱས་རྗེས། རྫོང(ཆུས)ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་ཁང་བརྒྱུད་དེ། ས་ཁུལ་དང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ལ་སྙན་ཞུ་བྱ་དགོས། ས་ཁུལ་དང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་དཔྱད་དཔོག་བྱས་ཏེ་མོས་མཐུན་བྱུང་རྗེས། བཀག་སྡོམ་དོ་དམ་མཚམས་བཞག་ནས་ཉེན་ཁ་འབྲིང་ཁུལ་ལ་བཅག་སྟེ་བཀག་སྡོམ་དོ་དམ་ཉིན་གསུམ་བྱ་རྒྱུ་དང་། ཉིན་དང་པོ་དང་གསུམ་པའི་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་སྲིབ་གཤིས་ཡིན་ཚེ། རྫོང(ཆུས)ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་ཁང་གིས་ས་ཁུལ་དང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ལ་སྙན་ཞུ་བྱ་དགོས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་དཔྱད་དཔོག་བྱས་རྗེས། ཉེན་ཁ་ཆུང་ཁུལ་དུ་རིམ་པ་གཅག་རྒྱུ། གལ་ཏེ་སླར་ཡང་གདགས་གཤིས་ནད་པ་ཐོན་ཚེ། རྫོང(ཆུས)ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བཀོད་འདོམས་ཁང་གིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས། བཀག་སྡོམ་དུས་ཚོད་ནར་འགྱངས་བྱ་རྒྱུ།
ས་བཅད་བཞི་པ། ཉེན་ཁ་འབྲིང་ཁུལ་གྱི་བཀག་སྡོམ་བྱ་ཐབས།
དོན་ཚན་བཅུ་བདུན་པ། ཉེན་ཁ་འབྲིང་ཁུལ་དུ་མི་སྡེ་ཁུལ་ནས་མི་ཐོན་པ་དང་འདུ་འཛོམས་མི་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་དགོས་ཤིང་། ཉེན་ཁ་འབྲིང་ཁུལ་གྱི་མི་སྣ་དང་རླངས་འཁོར་ནང་དུ་འཛུལ་བ་ལས་ཕྱིར་ཐོན་མི་ཆོག་པ་དང་། འབྲེལ་ཡོད་ས་ཁོངས་ཀྱི་སྡེ་ཁུལ་དང་། ལམ་དུམ་ལ་བཀག་སྡོམ་བྱེད་པ་དང་། ལོགས་བཀར་ཉེན་ཟོན་ཐག་པ་འཐེན་པ། འཛུལ་སྒོ་དང་ཐོན་སྒོ་གཉིས་ནས་གསུམ་བར་འཇོག་དགོས་པར་མ་ཟད། ཞིབ་བཤེར་ས་ཚིགས་སུ་ཆུ་ཚོད24རིང་རེས་མོས་ཀྱི་སྡོད་བྱ་བཀོད་སྒྲིག་བྱ་དགོས། འགྲོ་དགོས་ངེས་ཀྱི་ལས་དོན་མི་སྣ་དང་རླངས་འཁོར་ཕུད། དེ་མིན་གྱི་མི་སྣ་དང་རླངས་འཁོར་ནང་དུ་འཛུལ་བ་ལས་ཕྱིར་ཐོན་མི་ཆོག་ལ། ཕྱིར་འགྲོ་དུས་འགོག་སྲུང་ཚད་ལྡན་དང་དུག་སེལ་ནན་པོ་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ། མི་ཚང་མ་རང་ཁྱིམ་དུ་བསྡད་དགོས། ཉིན་གཉིས་ནས་གསུམ་བར་དུད་ཚང་གཅིག་ནས་མི་གཅིག་བཀོད་སྒྲིག་བྱས་ཏེ། སྒེར་གྱི་འགོག་ཟོན་ཡག་པོ་བྱས་ཐོག དམིགས་བཙུགས་ས་ཆ་ནས་འཚོ་བའི་མཁོ་ཆས་ཉོ་བ་དང་ལེན་པ། གད་སྙིགས་དབྱུགས་པ་བཅས་བྱ་དགོས། སྨན་བཅོས་བྱེད་པ་སོགས་ལས་ཀ་གལ་ཆེན་ཐོན་ནས་ངེས་པར་དུ་ཕྱིར་འགྲོ་དགོས་ཚེ། གྲོང་ཚོ(སྡེ་ཁུལ)ནས་ངོ་སྤྲོད་ཡི་གེ་ལེན་དགོས་པར་མ་ཟད་ཐོ་འགོད་བྱས་ནས། སྨན་ཁང་དུ་སྐྱོད་སྐབས་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས། འགྲོ་འོང་བྱེད་མཁན་ཚང་མས་ལག་ཁྱེར་འདོན་པ་དང་། རྟགས་རིས་བཤེར་བ། ཚ་བ་ལྟ་བ། ཐོ་འགོད་བྱེད་པ་བཅས་བྱ་རྒྱུ།
དོན་ཚན་བཅུ་དགུ་པ། སྐད་འཕྲིན་དང་འཕྲིན་ཐུང་། སྤྱི་སྟེགས། དུང་བརྡ་ཆུང་ཆུང་སོགས་བརྒྱུད་དེ་བཀག་སྡོམ་ཆ་འཕྲིན་དང་ནད་ཡམས་འགོག་ཟོན་གྱི་ལས་ཀའི་བླངས་བྱ་དུས་ཐོག་ཏུ་སྤེལ་དགོས་པ་དང་། གྲོང་མིའི་མི་སྒེར་གྱི་འགོག་སྲུང་དང་ཁང་པའི་ཁ་རླུང་ཡག་པོ་རྒྱུག་པ་སོགས་ཁྲིད་སྟོན་བྱས་ཏེ། གྲོང་མིའི་རེ་བ་ལ་དོ་ཁུར་དང་དུས་ཐོག་ཏུ་ལན་ཡོད་པར་བྱས་ནས། ཐུན་མོང་ཐོག་ནད་ཡམས་འགོག་ཟོན་གྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ།
དོན་ཚན་ཉི་ཤུ་པ། དུད་ཚང་རེ་རེ་བཞིན་སྒོ་རྩར་བསྐྱོད་དེ་གྲལ་བཤེར་དང་། སྐད་འཕྲིན་ཚོགས་པ་འཛུགས་པ། ཁ་པར་ཐོག་འཕྲིན་ཐུང་བསྐུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དུས་ཚོད་ཨང་དང་པོར་དོ་དམ་ཚོད་འཛིན་ཁུལ་དུ་ཡོད་པའི་མི་ཚང་མའི་གནས་ཚུལ་ཤེས་རྟོགས་ཐུབ་པར་བྱ་དགོས་ལ། ཁེར་སྡོད་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པ། སྦྲུམ་མ། དབང་པོ་སྐྱོན་ཅན། འགྲོ་འོང་སྟབས་མི་བདེ་བའི་མི། སྨྱོ་ནད་དང་གཅོང་ནད་ཡོད་པ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱ་དགོས། ནད་དུག་ཕོག་མཁན་དང་འབྲེལ་འདྲིས་དམ་ཟབ་དང་ཅུང་ཡོད་མཁན་གྱི་མི་སྣ་དམིགས་བཙུགས་ས་ཚིགས་སུ་སྐྱེལ་མ་ཐུབ་པ་ཡོད་ཚེ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ནས། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་དོ་དམ་ནན་པོ་བྱ་དགོས་པ་དང་། དམིགས་བཙུགས་ས་ཚིགས་སུ་མ་བསྐྱལ་གོང་ཁྱིམ་སྒོ་མི་ཐོན་པ་དང་། སྒོ་རྩར་ཉིང་སྐྱུར་བཤེར་འཇལ་དང་བདེ་ཐང་ལྟ་ཞིབ་བྱེད་པ་བཅས་ཀྱི་བྱ་ཐབས་ལག་བསྟར་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། ཉེན་ཁ་འབྲིང་ཁུལ་དུ་ཡོད་པའི་མི་ཚང་མར་བདེ་ཐང་ལྟ་ཞིབ་བྱ་དགོས་པ་དང་། ནད་པ་གསར་པ་མ་ཐོན་ཀྱང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱ་དགོས། ཉིན་རེར་གཟུགས་པོའི་དྲོད་ཚད་དང་ནད་རྟགས་འདྲི་གཅོད་ཐེངས་རེ་དང་། ཁུལ་ཁོངས་ཀྱི་མི་སྣས་ཚ་བ་བཅག་བྱད་དང་། ལུད་པ་དང་ཆམ་པ། དུག་སྲིན་འགོག་སྨན། ནད་དུག་འགོག་སྨན་སོགས་ཀྱི་སྨན་རྫས་ཉོས་མིན་དང་བཀོལ་མིན་གྱི་གནས་ཚུལ་རྒྱུས་ལོན་བྱ་དགོས། གལ་ཏེ་ནད་རྟགས་ཆེན་མོ་བཅུ་གཅིག(ཚ་རྒྱག་པ་དང་། སྐམ་གློ་ལུ་བ། ཤུགས་མེད་པ། མིད་པ་ན་བ། སྣ་ཤེས་ཉམས་པ། རོ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་འཛར་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། ཤ་གནད་ན་བ། ཁོག་པ་བཤལ་བ)ཐོན་པའི་མི་སྣ་ཡོད་ཚེ། གྲོང་ཚོའམ་སྡེ་ཁུལ་གྱིས་ནད་ཡམས་འགོག་ཟོན་གཞུང་ལས་ཁང་དུ་སྙན་སེང་ཞུ་དགོས་པར་མ་ཟད། སྒོ་རྩར་ཉིང་སྐྱུར་བཤེར་འཇལ་བྱེད་མཁན་བཀོད་སྒྲིག་བྱ་དགོས། གལ་སྲིད་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་སྲིབ་གཤིས་ཡིན་ཚེ་མུ་མཐུད་དུ་ཁྱིམ་ནས་བདེ་ཐང་ལྟ་ཞིབ་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ། ལྟ་སྡོམ་བྱས་རྗེས་ཆུ་ཚོད24ནང་མི་ཚང་མར་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་དགོས་པ་དང་། གཟའ་འཁོར་གཅིག་ནང་རྩ་དོན་ཐོག་ཉིན་དང་པོ་དང་གསུམ་པ། བདུན་པ་བཅས་ལ་ཉིང་སྐྱུར་བཤེར་འཇལ་ཐེངས་གསུམ་བྱ་དགོས་ཤིང་། ཉིན་གཉིས་པར་ནད་འགོག་གཞི་རྐྱེན་བརྟག་བཤེར་ཐེངས་གཅིག་བྱ་དགོས། རིམས་ནད་ཀྱི་འཕེལ་རིམ་དང་ཉེན་ཁའི་དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས་ཉིང་སྐྱུར་བཤེར་འཇལ་བྱེད་པའི་ཐེངས་གྲངས་གཏན་འཁེལ་བྱ་རྒྱུ་དང་། ཉེན་ཁ་འབྲིང་ཁུལ་བཀག་སྡོམ་མ་གློད་གོང་གི་ཆུ་ཚོད24ནང་སླར་ཡང་མི་སྣ་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་དགོས། ཉིང་སྐྱུར་བཤེར་འཇལ་བྱེད་སྐབས། ཐག་ཉེ་ས་དང་སྟབས་བདེ་སར་བརྟག་བཤེར་བྱེད་ས་བཙུགས་ནས། གྲོང་མི་ཚོས་དུས་ཚོད་དང་ས་ཁུལ་དབྱེ་བ་དང་འགྲོ་ལམ་གཏན་འཁེལ་བྱས་ཐོག སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས་པ་སྐུལ་མ་བྱས་ཏེ། ཕན་ཚུན་འགོས་ཁྱབ་སྔོན་འགོག་བྱ་རྒྱུ། འགྲོ་འོང་སྟབས་མི་བདེ་བའི་ནད་པ་དང་ལོ་ན་བགྲེས་པའི་རྒན་རྒོན་སོགས་དམིགས་བསལ་མི་སྣར་སྒོ་རྩར་ཕྱིན་ཏེ་ཉིང་སྐྱུར་བཤེར་འཇལ་བྱ་དགོས། ལས་དོན་མི་སྣ་རང་ཉིད་ཀྱིས་ཀྱང་ཉིན་རེར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱ་དགོས། གལ་ཏེ་ཉེན་ཁ་འབྲིང་ཁུལ་དུ་གདགས་གཤིས་མི་སྣ་ཐོན་ཚེ་དེ་མ་ཐག་ཏུ་ཉེན་ཁ་ཆེ་ཁུལ་དུ་བསྒྱུར་རྒྱུ།
དོན་ཚན་ཉེར་གསུམ་པ། གྲོང་ཚོ(སྡེ་ཁུལ)ལ་ཉེན་ཁའི་མི་སྣའི་ཞིབ་བཤེར་ཆ་འཕྲིན་འབྱོར་རྗེས། ཆུ་ཚོད24ནང་ཉེན་ཁའི་མི་སྣ་གྲལ་བཤེར་ཐུབ་པར་བྱས་ཐོག མི་སྣ་དོ་དམ་དང་བདེ་ཐང་ལྟ་ཞིབ། ཉིང་སྐྱུར་བརྟག་དཔྱད། མི་སྣ་བརྒྱུད་འདྲེན་སོགས་ཀྱི་ལས་ཀར་གཞོགས་འདེགས་ཡག་པོ་བྱ་དགོས། གྲལ་བཤེར་བྱ་ཐབས་མེད་པའི་མི་སྣ་ཡོད་ཚེ་དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་ལན་སྤྲད་ནས། བཀག་སྐྱེལ་བརྟག་བཤེར་གྱི་རྣམ་པར་བསྒྱུར་རྒྱུ།
དོན་ཚན་ཉེར་བཞི་པ། གལ་ཏེ་ཉེན་ཁ་འབྲིང་ཁུལ་དུ་ཏོག་གསར་གློ་ཚད་ཕོག་མཁན་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་མི་སྣར་གཏན་འཁེལ་བྱས་ཚེ། ཆུ་ཚོད8ནང་གཅིག་བསྡུས་ཐོག་ལོགས་བཀར་བྱེད་སར་བསྐྱལ་ཐུབ་པར་བྱས་ཐོག འབྲེལ་འདྲིས་ཅུང་ཡོད་མཁན་རང་ཁྱིམ་དུ་ལོགས་བཀར་བྱ་དགོས། ཉིང་སྐྱུར་བཤེར་འཇལ་བྱས་འབྲས་གདགས་གཤིས་ཡིན་པའི་མི་ཡོད་ཚེ། ཆུ་ཚོད2ནང་དམིགས་བཙུགས་སྨན་ཁང་དུ་བསྐྱལ་ཐུབ་པར་བྱ་དགོས་ལ། མ་བསྐྱལ་གོང་འབྲེལ་ཡོད་མི་སྣས་ས་ཆ་དེ་གའི་ལྟ་སྡོམ་ལ་ཤུགས་བརྒྱག་དགོས་པ་དང་། ལམ་བར་དུ་སྐྱེལ་མཁན་དང་ལས་དོན་མི་སྣས་རང་གི་འགོག་སྲུང་ཡག་པོ་བྱེད་རྒྱུ།
དོན་ཚན་ཉེར་ལྔ་པ། དུག་སེལ་མི་སྣའི་གསོ་སྦྱོང་དང་། ལག་རྩལ་ཁྲིད་སྟོན། ལྟ་སྐུལ་སློབ་སྟོན་བཅས་ལ་ཤུགས་བརྒྱག་དགོས་པ་དང་། རྩ་དོན་ཐོག་གཙང་སྦྲ་གཙོ་བོ་དང་དུག་སེལ་རམ་འདེགས་སུ་བྱས་ཏེ། གཙོ་གནད་ཐོག་ཁྱིམ་ཚང་དང་སྡེ་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་དོན་ཡག་པོ་བསྒྲུབ་དགོས། གློག་སྐས(བར་ཁྱམས )དང་། གློག་སྐས་མཐེབ་མནན། ཐེམ་སྐས་ལག་སྐྱོར། སྡེ་ཚན་ཁག་གི་སྒོའི་ལག་འཇུ་སོགས་རྒྱུན་དུ་ལག་པ་ཡང་ཡང་ཐུག་སར་དུག་སེལ་བྱ་རྒྱུ།
དོན་ཚན་ཉེར་དྲུག་པ། འཚོ་བའི་གད་སྙིགས་གནས་སྐབས་བསྡུ་རུབ་བྱེད་ས་དང་སྨན་བཅོས་གད་སྙིགས་གནས་སྐབས་བསྡུ་རུབ་བྱེད་ས་ཚད་ལྡན་བཟོ་དགོས། ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་མཁན་དང་། འབྲེལ་འདྲིས་དམ་ཟབ་དང་ཅུང་ཡོད་མཁན་སོགས་ལོགས་སུ་བཀར་བའི་མི་སྣའི་འཚོ་བའི་གད་སྙིགས་དང་ལས་དོན་མི་སྣས་སྤྱད་མྱོང་བའི་འགོག་སྲུང་མཁོ་ཆས་སོགས་སྨན་བཅོས་གད་སྙིགས་ལྟར་ཐག་གཅོད་བྱ་དགོས། གད་སྙིགས་གཞན་དག་ཉིན་རེར་གཙང་སེལ་བྱས་ནས་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱ་རྒྱུ།
དོན་ཚན་ཉེར་བདུན་པ། དམངས་ཕན་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་ཏེ། ཁ་ཆད་དང་ཚང་ཁ་མི་ཐེབས་པར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་མིར་འཚོ་བའི་དངོས་ཟོག་གོ་རིམ་ལྡན་པའི་ངང་ཉོ་སྒྲུབ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མི་སྣ་འདུ་འཛོམས་མི་ཡོང་བར་བྱ་དགོས་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཁང་ནས་གྲོང་མིར་བདེ་ཐང་བློ་འདྲི་དང་། རྒྱུན་མཐོང་ནད་རིགས་དང་གཅོང་ནད་སྨན་བཅོས་བྱེད་པར་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། དེ་བཞིན་ཛ་དྲག་དང་ནད་གཞི་ཚབས་ཆེའི་ནད་པ་དང་། དམིགས་བསལ་ནད་པ་སྐྱོབ་བཅོས་དང་སྨན་ཁང་གཞན་དུ་སྐྱེལ་བར་མཐུན་སྦྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། སྦྲུམ་མ་དང་། དབང་པོ་སྐྱོན་ཅན། རྒན་རྒོན་མི་ཧྲེང་། གཅོང་ནད་སྨན་དགོས་མཁོ་ཡོད་པའི་ནད་པ། མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་སོགས་ཀྱི་དམིགས་བསལ་དགོས་མཁོར་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ།
དོན་ཚན་ཉེར་བརྒྱད་པ། ཉིན་བདུན་གྱི་ནང(རིམས་ནད་ཕོག་མཁན་ནད་པ་མཇུག་ཤོས་དེ་ལྟ་སྡོམ་བྱེད་པའི་ཟླ་ཚེས་ནས་བརྩི་དགོས)ནད་པ་འཕར་སྣོན་བྱུང་མེད་པ་དང་། ཁོར་ཡུག་གཙང་སྦྲ་དང་དུག་སེལ་གྱི་ཚད་གཞི་ལོན་ཞིང་། རྫོང་(ཆུས)ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡིས་གྲོང་ཁྱེར(ས་ཁུལ)ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་པ་བརྒྱུད། གྲོང་ཁྱེར(ས་ཁུལ)ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དཔྱད་དཔོག་བྱས་ནས་མོས་མཐུན་བྱུང་རྗེས། ལྟ་སྡོམ་མེད་པར་བཟོ་རྒྱུ། གལ་ཏེ་གདགས་གཤིས་ནད་པ་ཐོན་ཚེ། གྲོང་ཁྱེར(ས་ཁུལ)ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཞིབ་འཇུག་བརྡར་གཅོད་བརྒྱུད། བཀག་སྡོམ་ཁུལ་དང་བཀག་སྡོམ་དུས་ཚོད་གཏན་འཁེལ་བྱ་རྒྱུ།
ས་བཅད་ལྔ་པ། ཉེན་ཁ་ཆུང་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས།
དོན་ཚན་ཉེར་དགུ་པ། ཉེན་ཁ་ཆུང་ཁུལ་དུ་འགོག་ཟོན་དོ་དམ་གྱི་བྱ་ཐབས་སྤྱད་རྒྱུ་དང་། རིགས་ཁག་མི་སྣས་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། དེའི་རིང་གང་ཐུབ་ཕྱིར་རོལ་དུ་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ། ཚང་ཁ་མི་རྒྱག་པ་བཅས་བྱེད་པ་དང་། ཕྱིར་འགྲོ་སྐབས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས། ཁང་པའི་ནང་ཁུལ་གྱི་སྤྱི་པའི་ཁུལ་དུ་ལག་ཁྱེར་ཞིབ་བཤེར་དང་། ཐོ་འགོད། དྲོད་ཚད་ལེན་པ། ཨང་རྟགས་བཤེར་བ(འདོན་པ) ཁ་རས་རྒྱག་པ་བཅས་དོན་འཁྱོལ་ནན་པོ་བྱ་རྒྱུ།
དོན་ཚན་སུམ་ཅུ་པ། གྲོང་ཚོར(སྡེ་ཁུལ)ཉེན་ཁའི་མི་སྣར་ཞིབ་བཤེར་གཞོགས་འདེགས་བྱེད་པའི་ཆ་འཕྲིན་འབྱོར་རྗེས། ཆུ་ཚོད24ནང་ཉེན་ཁའི་མི་སྣ་གྲལ་བཤེར་ཐུབ་པར་བྱ་དགོས་པར་མ་ཟད། མི་སྣ་དོ་དམ་དང་། བདེ་ཐང་ལྟ་ཞིབ། ཉིང་སྐྱུར་ བཤེར་འཇལ། མི་སྣ་བརྒྱུད་སྤྲོད་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱ་དགོས། གྲལ་བཤེར་བྱེད་ཐབས་མེད་པའི་མི་སྣ་ཐུག་ཚེ་དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་ནས་བཀག་སྐྱེལ་ཞིབ་བཤེར་བྱ་རྒྱུ།
དོན་ཚན་སོ་གཅིག་པ། ཉེན་ཁ་ཆུང་ཁུལ་གྱི་མི་སྣ་རྩ་དོན་ཐོག་ཁ་ཚ་དགོས་ཐུག་གི་དོན་དག་མེད་ན་ཁུལ་དེ་ནས་ཁ་བྲལ་མི་རུང་སྟེ། དཔེར་ན་སྨན་བཅོས་བྱེད་པ་དང་དམིགས་བསལ་གཞུང་དོན་སྒྲུབ་པ་སོགས་ཀྱི་རྐྱེན་པས་འགྲོ་འོང་བྱ་དགོས་ཚེ། ངེས་པར་དུ་ཆུ་ཚོད24ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་བྱས་པ་སྲིབ་གཤིས་ཡིན་པ་ར་སྤྲོད་བྱ་དགོས། ཐོན་སྐྱེད་དང་འཚོ་བ། དེ་བཞིན་སྨན་བཅོས་འགོག་སྲུང་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་དང་། གཞུང་ལམ་སྐྱེལ་འདྲེན་གྱི་གནས་གཏན་འཁེལ་ངང་དབོར་འདྲེན་བྱེད་མཁན་རླངས་འཁོར་དང་མི་སྣར་དུག་སེལ་དང་། བཀག་རྒྱ་དོ་དམ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་རྨང་གཞིའི་ཐོག འགྲོ་འོང་བདེ་བླག་ཡོང་བར་འགན་ལེན་བྱ་རྒྱུ།
དོན་ཚན་སོ་གཉིས་པ། གྲོང་མི་ཚོར་རང་འགུལ་ངང་བདེ་ཐང་ལྟ་བཤེར་དང་ཉིན་ལྟར་ཚ་བ་ལྟ་བ་སོགས་ཀྱི་འཛུབ་ཁྲིད་བྱ་དགོས། གལ་ཏེ་ནད་རྟགས་བཅུ་གཅིག(ཚ་རྒྱག་པ་དང་། སྐམ་གློ་ལུ་བ། ཤུགས་མེད་པ། མིད་པ་ན་བ། སྣ་ཤེས་ཉམས་པ། རོ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་འཛར་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། ཤ་གནད་ན་བ། ཁོག་པ་བཤལ་བ་ )ཡོད་ཚེ། རང་འགུལ་ངང་ལམ་སང་དམིགས་བཙུགས་སྨན་ཁང་དུ་བསྐྱལ་དགོས་པ་དང་། དུས་མཚུངས་སུ། རང་གནས་སའི་ཚན་པའམ་གྲོང་ཚོ(སྡེ་ཁུལ )དུ་སྙན་སེང་ཞུ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཚན་པས་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཁང་གི་ཚ་བ་འཇོག་བྱེད་ཀྱི་སྨན་དང་གློ་སྨན་སོགས་གོང་ཞུ་ཐོ་འགོད་དོ་དམ་ནན་པོ་བྱས་ནས། བདེ་ཐང་ཨང་རྟགས་སེར་པོ་ཡིན་པའི་མི་སྣར་ཚ་བ་འཇོག་བྱེད་ཀྱི་སྨན་དང་གློ་སྨན་སོགས་ཚོང་གཉེར་བྱེད་པར་བཀག་འགོག་ནན་པོ་བྱ་རྒྱུ།
དོན་ཚན་སོ་གསུམ་པ། རིམས་ནད་འགོས་ཁྱབ་ཉེན་ཁའི་དཔྱད་དཔོག་འབྲས་བུ་དང་ཉེན་ཁ་ཆེ་བའི་མི་སྣའི་ལེབ་བཤེར་དོ་དོམ་གྱི་གནས་ཚུལ་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་ཟོན་ཁུལ་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་པའི་མི་ཚོགས་ཁྱབ་ཁོངས་དང་། ཐེངས་གྲངས་སོགས་གཏན་འཁེལ་བྱ་དགོས་པར་མ་ཟད། ཉིང་སྐྱུར་བཤེར་འཇལ་བྱས་པའི་རིང་ཉེ་འཁོར་དུ་བཤེར་འཇལ་ས་ཚིགས་བཙུགས་ནས་མང་ཚོགས་སྟབས་བདེ་བསྐྲུན་དགོས། ས་གནས་ས་ཐོག་ཏུ་སྒྲིག་འཛུགས་དོ་དམ་ནན་པོ་བྱ་རྒྱུ་དང་། གོ་རིམ་ལྡན་ལ་ཚང་ཁ་མི་ཐེབས་པ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པར་ལྟ་སྐུལ་བྱ་དགོས། ཉེན་ཁ་ཆུང་ཁུལ་དུ་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་གདགས་གཤིས་ཐོན་ཚེ་སྡེ་ཁུལ་དེ་འཕྲལ་མར་ཉེན་ཁ་ཆེ་ཁུལ་དུ་རིམ་སྤོར་བྱ་རྒྱུ།
དོན་ཚན་སོ་བཞི་པ། བདེ་ཐང་སློབ་གསོ་སྤེལ་བར་ཤུགས་རྒྱག་པ་དང་ལྟ་སྡོམ་ལམ་ལུགས་དྲིལ་བསྒྲགས་ཡང་དག་བྱས་ནས་ཁྲིད་སྟོན་བྱ་རྒྱུ་དང་། མང་ཚོགས་རྣམས་ཕྱིར་མི་ཐོན་པ་དང་འདུ་འཛོམས་མི་བྱེད་པ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་སོགས་དྲན་སྐུལ་བྱ་དགོས་ལ། གྲོང་མི་ཚོས་རང་འགུལ་ངང་ཉེན་ཁ་ཡོད་པའི་མི་སྣར་ཞིབ་བཤེར་བྱེད་པར་གཞོགས་འདེགས་གང་ལེགས་བྱ་རྒྱུ།
དོན་ཚན་སོ་ལྔ་པ། སྤྱི་པའི་གསང་སྤྱོད་དང་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ། ཕྱི་རོལ་གྱི་སྤྱི་པའི་སྒྲིག་ཆས་དང་གད་སྙིགས་དབྱུག་ས་སོགས་ལ་དུག་སེལ་ནན་ཏན་བྱ་རྒྱུ།
དོན་ཚན་སོ་དྲུག་པ། ས་ཁོངས་ནང་གི་ཉེན་ཁ་ཆེ་ཁུལ་དང་འབྲིང་ཁུལ་ཡོངས་སུ་ལྟ་སྡོམ་བཀའ་རྒྱ་གྲོལ་རྗེས་རྒྱུན་གཏན་གྱི་རིམས་ནད་འགོག་ཟོན་བྱ་ཐབས་སྤེལ་རྒྱུ།
ཞར་བྱུང་།
དོན་ཚན་སོ་བདུན་པ། བྱ་ཐབས་འདི་བོད་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་སྡེ་ཁུལ་ལྟ་སྡོམ་ཚོགས་ཆུང་ནས་གསལ་འགྲེལ་བྱ་རྒྱུ།
དོན་ཚན་སོ་བརྒྱད་པ། བྱ་ཐབས་འདི་པར་འགྲེམས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣