དབུ་ཤོག>ཆེད་སྒྲིག
  • “ཡུལ་སྐོར་བ་གོ་རིམ་ལྡན་པའི་ངང་ཕྱིར་ལོག་བྱེད་པ་མཐོང་སྐབས་ང་རང་དཀའ་ལས་ག་ཚོད་ཁག་ནའང་གནོང་འགྱོད་མི་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དབྱང་ཧྥན་དང་དང་བླངས་པ་ཚོས་ཉིན་ལྟར་ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དང་པོའི་ཉེན་ཆེའི་ཁུལ་ཏེ་མིང་རེན་གསོལ་མགྲོན་ཁང་དུ་ལུས་པའི་ཡུལ་སྐོར་བར་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ངོ་སྤྲོད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་གསར་ཤོས་འགྲེལ་བཤད་བརྒྱབ་ནས་ཚང་མའི་སེམས་ཁྲལ་སེལ་གྱི་ཡོད།

    “གློ་བུར་དུ་ཐོན་པའི་རིམས་ནད་ལས་ཡུལ་སྐོར་བ་ཁག་གཅིག་ཉིང་ཁྲིར་ལུས་པ་དང་། དེ་གར་ལུས་པའི་ཡུལ་སྐོར་བའི་སྡོད་གནས་དང་། ཉིང་སྐྱུར་བརྟག་དཔྱད། ཕྱིར་ལོག་སོགས་ཀྱི་གནད་དོན་ལམ་སེང་ཐག་གཅོད་བྱེད་དགོས་པས། བློ་འདྲིའི་ཁ་པར་གཅིག་རྗེས་གཉིས་མཐུད་ངང་འབྱོར་གྱི་འདུག ང་ཚོས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་འགྲེལ་བཤད་བརྒྱབ་དགོས་པས་ང་ཚོའི་ལས་དོན་མི་སྣ་ཚང་མའི་སྐད་ཀྱང་འཛེར་འདུག འོན་ཀྱང་ཡུལ་སྐོར་བ་གོ་རིམ་ལྡན་པའི་ངང་ཕྱིར་ལོག་བྱས་ནས་ཐུགས་རྗེ་ཆེ་ཞེས་ཞུ་སྐབས་ཚང་མར་སེམས་འགུལ་ཚད་མེད་ཐེབས་ནས་དཀའ་ལས་ག་ཚོད་ཁག་ནའང་གནོང་འགྱོད་མི་འདུག”ཅེས་དབྱང་ཧྥན་གྱིས་བཤད།

    ཟླ་8ཚེས་10ཉིན་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་གནས་ཚང་701གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་རང་འགུལ་ངང་དང་ལེན་བྱས་ནས། མགྲོན་ཁང་སྒོ་རྒྱག་པ་དང་ནད་དུག་ཕྱོགས་ཡོངས་ནས་གཙང་སེལ་གྱི་ལས་དོན་སྤེལ་བ་རེད། ཟླ་8ཚེས་21ཉིན་གྱི་ཆུ་ཚོད་12བར་ཉིང་ཁྲིར་ལུས་པའི་ཡུལ་སྐོར་བ་ཁྱོན་527ཡོད་པ་རེད།

    ཉིན་ཤས་བསྟུད་མར། དེ་གར་ལུས་པའི་ཡུལ་སྐོར་བ་བཀོད་སྒྲིག་འོས་འཚམ་བྱ་རྒྱུ་དེ་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སེམས་ཁྲལ་བྱེད་པའི་དོན་ཆེན་ཞིག་ཏུ་གྱུར་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་ཁག་བགོས་དོ་དམ་ཧྲི་ཀྲང་གཞོན་པ་ཙུའུ་ཀྲང་དུ་བྱས་པའི་ཡུལ་སྐོར་ཞབས་ཞུའི་ཚོགས་ཆུང་ཆེད་མངགས་བཙུགས་ནས། ཉིང་ཁྲིར་ལུས་པའི་ཡུལ་སྐོར་བར་དོ་དམ་དང་མཐུན་སྦྱོར་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཡོད། གྲོང་ཁྱེར་དེས་རྫོང(ཆུས)ཁག་གི་འགྲོ་འོང་བྱ་ཡུལ་གཙོ་བོར་ཉིང་ཁྲི་ནས་ཁ་བྲལ་མཁན་ཡུལ་སྐོར་བར་ཞབས་ཞུའི་ས་ཚིགས་15བཙུགས་ནས་རྒྱ་ཆེའི་ཡུལ་སྐོར་བར་བཟའ་བཅའ་དང་། ཆུ། ཁ་རས། སྨན་རྫས་སོགས་མཁོ་འདོན་བྱས་པ་དང་རིམས་ནད་གནས་ཚུལ་གྱི་སྲིད་ཇུས་དང་། རླངས་འཁོར་གྱི་ཆ་འཕྲིན། མགྲོན་ཁང་དུ་སྡོད་པ་སོགས་ཀྱི་ལེ་ལག་ཚང་བའི་ཆ་འཕྲིན་མཁོ་འདོན་བྱས་པ་མ་ཟད། ཁོང་ཚོར་སེམས་གསོའང་བཏང་བ་རེད། ཟླ་8ཚེས་12ཉིན་ནས་བཟུང་གྲོང་ཁྱེར་དེས་ཉེན་ཁ་ཆེ་འབྲིང་གི་དོ་དམ་ཚོད་འཛིན་ཁུལ(མགྲོན་ཁང)དུ་ལུས་པའི་ཡུལ་སྐོར་བར་རིན་མི་དགོས་པར་སྡོད་གནས་དང་བཟའ་བཅའ་མཁོ་འདོན་བྱས་པ་རེད།

    དེ་གར་ལུས་པའི་ཡུལ་སྐོར་བ་གོ་རིམ་ལྡན་པའི་ངང་ཉིང་ཁྲི་ནས་ཁ་བྲལ་བའི་ལས་དོན་ཡག་པོ་བསྒྲུབ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཐོག་ཏུ་སྤྱི་བསྒྲགས་སྤེལ་ཏེ་ཡུལ་སྐོར་བར་ཉིང་ཁྲི་ནས་ཁ་བྲལ་བའི་ཞིབ་ཕྲའི་བཀོད་སྒྲིག་ཁག་ཤེས་སུ་འཇུག་པ་དང་། སྤྱི་བདེ་དང་། འཕྲོད་བསྟེན། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཉིང་ཁྲིར་འགྲོ་འོང་བྱེད་པའི་ཆ་རྐྱེན་དང་མཐུན་པའི་མི་སྣར་ཉིང་སྐྱུར་བརྟག་དཔྱད་ཀྱི་ལྗང་མདོག་བགྲོད་ལམ་དང་ཉིང་ཁྲི་ནས་འགྲོ་འོང་བྱེད་པའི་ཡུལ་སྐོར་བར་བརྟག་དཔྱད་མྱུར་པོ་བྱེད་པའི་བགྲོད་ལམ་ཤར་གཏོང་བྱས་པ་རེད། གདུབ་ཟུམ་བརྒྱུད་སྐྱེལ་བྱ་ཐབས་སྤྱད་ནས་རང་མོས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་སྨན་བཅོས་ཀྱི་དགོས་མཁོ་ཡོད་པའི་མི་སྣ་དང་། རྒན་རྒོན། བྱིས་པ། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་དང་དེ་བཞིན་ཁོང་ཚོའི་ནད་གཡོག་ཉིང་ཁྲི་ནས་ཁ་བྲལ་རྒྱུ་བཀོད་སྒྲིག་བྱས་པ་དང་། ཁག་བགོས་སྐྱེལ་འདྲེན་བྱས་ཏེ་ཡུལ་སྐོར་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཉིང་ཁྲི་ནས་ཁ་བྲལ་ཐུབ་པའི་འགན་ལེན་བྱས་ཡོད། ཟླ་8ཚེས་11ནས་20ཉིན་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་བོགས་གཏོང་རླངས་འཁོར་ཐེངས་646བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ནང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་25བཀོད་སྒྲིག་བྱས་པ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་128བཀོད་སྒྲིག་བྱས་པ། རིམ་རྩིས་བྱས་ན“གནད་གཏུག་གནད”ཀྱི་སྒོ་ནས་མི་སྣ་4345སྐྱེལ་འདྲེན་བྱས་ཡོད། བྱ་ཐབས་ནུས་ལྡན་རབ་དང་རིམ་པ་ལས་དེ་གར་ལུས་པའི་ཡུལ་སྐོར་བར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱས་ཡོད།

    “ཨ་ཁུ་ལགས། ང་ཚོ་གནམ་ཐང་དུ་འབྱོར་སོང་། ཉིན་དེ་དག་ནང་ཁྱེད་ཀྱིས་ང་ཚོར་སེམས་ཁུར་དང་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ཐེངས་ཀྱི་ཉམས་མྱོང་ནི་ངའི་མི་ཚེའི་ནང་བརྗེད་པར་དཀའ་བ་ཞིག་ཡིན། རིམས་ནད་མཇུག་འགྲིལ་རྗེས་ང་ད་དུང་ཉིང་ཁྲིར་ཡོང་གི་ཡིན”ཞེས་ཧྲན་ཏུང་ནས་ཡོང་བའི་གྲོགས་པོ་ཆུང་ཆུང་མ་ཁྲེན་ཡུས་ཀྱིས་སྨན་གླིང་གནམ་ཐང་དུ་སླེབས་མ་ཐག་ཁོང་ལ་ལྟ་རྟོག་བྱེད་མཁན་དང་བླངས་པ་ལི་ཅུན་ལ་སྐད་འཕྲིན་བསྐུར་ནས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།