དབུ་ཤོག>ཆེད་སྒྲིག
  • ནག་ཆུ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་འཛུགས་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ཏེ། ནག་ཆུ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི“དམག་སྦྱོང་བྱ་ཡུལ”ལ་བརྩིས་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་འཐབ་ས་མདུན་མར་བསྐྱོད་པ་དང་། རིམས་ནད་མཆེད་རྒྱུ་ནུས་ལྡན་ངང་འགོག་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་འབྲེལ་ཡོད་བརྡ་ཐོ་དང་གྲོས་འགོའི་ཡི་གེ་དུས་ཐོག་ཏུ་བཀྲམ་ནས་གཞི་རིམ་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་བཅས་ཀྱིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱ་རྒྱུའི་འབོད་སྐུལ་བྱས་པ་མ་ཟད། ཏང་དངུལ་ནས་སྒོར་ཁྲི་85བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་འགོས་ནས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བཀའ་འབྱོར་འཕྲལ་སྒྲུབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ལེགས་སྐྱེས་ཕུལ་ཏེ། གནས་སྐབས་ཏང་རྩ་འཛུགས་42དང་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་1632བཙུགས་པ་དང་། ཏང་ཡོན་28432རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ། འགག་གནད་གྲལ་བཤེར་དང་། ཚ་བ་ལྟ་བ་དང་ཨང་རྟགས་བཤེར་བ། ཉིང་སྐྱུར་བརྟག་དཔྱད་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་5000ལྷག་ཙམ་སྤེལ་ནས་མང་ཚོགས་མི་ཐེངས་ཁྲི་70ལྷག་ཙམ་ལ་ཁྱབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།