དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    ཚེས་22ཉིན་གྱི་ཆུ་ཚོད་24བར། ནད་པ་77དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་1318ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“སྟོན་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱས་ནས་སྟོན་བསྡུ་བྱེད་སྐབས་དུད་ཚང་གཅིག་ཀྱང་མ་ལུས་པ་དང་མུའུ་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱས་པ།

    ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་ནས། རང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལྗོངས་ཡོངས་ཀྱི“སྟོན་བསྡུ་དང་། སྟོན་རྨོ། སྟོན་འདེབས”བཅས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་22ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་27(དེའི་ནང་ལྷ་ས་གྲོང་ཁྱེར་ལ་ནད་དཔེ་10དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་10 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་2 མངའ་རིས་ས་ཁུལ་ལ་ནད་དཔེ་4)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་518(ལྷ་ས་གྲོང་ཁྱེར་ལ་185དང་། གཞིས་རྩེ་གྲོང་ཁྱེར་ལ་190 ལྷོ་ཁ་གྲོང་ཁྱེར་ལ་42 ཉིང་ཁྲི་གྲོང་ཁྱེར་ལ་10 ཆབ་མདོ་གྲོང་ཁྱེར་ལ་8 ནག་ཆུ་གྲོང་ཁྱེར་ལ་39 མངའ་རིས་ས་ཁུལ་ལ་44)མང་དུ་ཕྱིན་ཡོད་པ་རེད། 

    ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་5(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་4དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་206 (ལྷ་ས་གྲོང་ཁྱེར་ལ་124དང་། གཞིས་རྩེ་གྲོང་ཁྱེར་ལ་13 ལྷོ་ཁ་གྲོང་ཁྱེར་ལ་27 ཉིང་ཁྲི་གྲོང་ཁྱེར་ལ་3 ཆབ་མདོ་གྲོང་ཁྱེར་ལ་2 ནག་ཆུ་གྲོང་ཁྱེར་ལ་18 མངའ་རིས་ས་ཁུལ་ལ་19)མང་དུ་ཕྱིན་ཡོད་པ་རེད།

    ཟླ་8ཚེས་22ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་530དང་ཉེན་ཁ་འབྲིང་བའི་ཁུལ་290ཡོད་པ་རེད།

    ཟླ་8ཚེས་22ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་77དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་1318(སྒྲོམ་ཚང་སྨན་ཁང་ནས་དོན་པ)ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། ཐད་འབྲེལ་པ་2819གཅིག་སྡུད་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར་ནད་པ་46459ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས། དེང་སྐབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སུ་སླེབས་པ་དང་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱང་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཞིང་ལས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“རིམས་ནད་སྔོན་འགོག་དང་ཚོད་འཛིན་དང‘སྟོན་གསུམ’ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། གྲོང་ཁྱེར(ས་ཁུལ)ཁག་གིས་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་། འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ། ཏང་ཡོན་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོ“ཨུ་ལྷན་གཉིས”བཅས་ཀྱི་འགན་འཁྲི་ལྕི་རུ་བཏང་སྟེ་ཞིང་ལས་ཐོན་ཟོག་ཐོན་སྐྱེད་འགན་ལེན་དང་། སྐྱེལ་འདྲེན་མཁོ་སྤྲོད་འགན་ལེན། ཞིང་འཕྲུལ་ལས་དོན་བཅས་ལ་དམ་འཛིན་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཐོག་ཏུ་ཞིང་པ་མང་ཚོགས་སྒྲིག་འཛུགས་བྱས་ནས་གོ་རིམ་ལྡན་པའི་ངང་སྟོན་བསྡུའི་ལས་དོན་སྤེལ་བ་དང་ལྷུ་ཚིགས་རེ་རེ་བཞིན་ལྟ་འདོམས་བྱས་ཏེ་ཐོན་སྐྱེད་ཀྱི་འཕེལ་རིམ་དང་བདེ་འཇགས་འགན་ལེན་བྱས་ཡོད། “སྟོན་གསུམ”གྱི་ལས་དོན་སྔར་ལས་ལེགས་པར་བསྒྲུབ་ཆེད། ཚེས་23ཉིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཉམ་འབྲེལ་ཐོག《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“སྟོན་གསུམ”ལས་དོན་ལ་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་དང“སྟོན་གསུམ”ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་རྒྱུར་སླར་ཡང་བཀོད་སྒྲིག་ཡག་པོ་བྱས་པ་དང་། གྲོང་ཁྱེར(ས་ཁུལ)ཁག་གིས་ཞིང་ལས་ཐོན་སྐྱེད་ཀྱི་འགག་གནད་སྔར་བས་བཤངས་ནས“སྟོན་གསུམ”ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་བཅས་ལ་བླང་བྱ་ཁ་གསལ་བཏོན་ཡོད། མིག་སྔར་ཁྲོམ་ར་ཧྲིལ་པོར་འབྲུ་རིགས་མཁོ་སྤྲོད་འདང་ངེས་དང་ཞིང་དུད་ལ་འབྲུ་རིགས་གྲབས་གསོག་འདང་ངེས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཏུའུ་ཅེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་། ལྗོངས་ཡོངས་ཀྱི“སྟོན་གསུམ”ལས་དོན་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། ཁ་གཏད་གཅོག་ཐབས་ནུས་ལྡན་སྤྱོད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་བཅས་བྱས་ནས“སྟོན་གསུམ”གྱི་གཙོ་གནད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། འདི་ལོ་ལྗོངས་ཡོངས་ཀྱིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་283.83དོན་འཁྱོལ་བྱས་པ་དེ་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ལས་འགན་ནས་མུའུ་ཁྲི་3.03བརྒལ་ཡོད་པ་རེད། མིག་སྔར། སྟོན་བསྡུའི་ལས་དོན་དེ་ཤར་ནས་ནུབ་བར་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པ་དང་། ད་ཆ་འབྲུ་རིགས་ལོ་ཏོག་བསྡུ་ཁྱོན་མུའུ་ཁྲི་62.44ཟིན་པ་དེས་འབྲུ་རིགས་འདེབས་ཁྱོན་གྱི་22%བཟུང་ཡོད། གལ་སྲིད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“སྟོན་གསུམ”ལས་དོན་ལ་སྤྱི་འདོམས་ནུས་ལྡན་དང་། དུས་མཇུག་ཏུ་རང་བྱུང་གནོད་འཚེ་ཆེན་པོ་མི་ཐོན་ཚེ་འདི་ལོ་རང་ལྗོངས་སུ་ལོ་འགོའི་གཏན་འཁེལ་བྱས་པའི་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་རྒྱུ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་མུ་མཐུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རིམ་དབྱེ་རིགས་དབྱེ་དང་གནད་སྨིན་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་པ་བརྒྱུད་སྟོན་བསྡུའི་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་བརྡ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་སོགས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རིམས་ནད་ཐོན་རིང་གི་ཞིང་འབྲོག་ལས་ཐོན་སྐྱེད་དངོས་ཟོག་དང་དེ་བཞིན་ཞིང་ཕྱུགས་ཐོན་ཟོག་ཕྱིར་ཚོང་ཐབས་ལམ་ཤར་བགྲོད་ཐུབ་པར་བྱེད་པ། གྲོང་ཁྱེར(ས་ཁུལ)ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཐོན་འཕར་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད་ཅེས་བརྗོད་པ་རེད།

    ཇི་ལྟར་བྱས་ནས་ཕྱི་རོལ་དུ་ལུས་པའི་ལས་མི་ཕ་ཡུལ་དུ་ལོག་ནས་སྟོན་བསྡུའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཉེ་དུས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད།

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལན་བརྒྱབ་ཅིང་། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་གྲོང་སྤྱི་གཞོན་པ་མོ་ཤིང་པིན་གྱིས། མིག་སྔར་གཞིས་རྩེ་གྲོང་ཁྱེར་འདི་ཉིད་ས་བབ་དམའ་ས་ནས་ས་བབ་མཐོ་ས་བར་བརྔ་བསྡུ་བྱེད་པའི་དུས་སུ་སླེབས་པ་དང་། ཟླ་དགུ་པའི་ཟླ་སྟོད་དུ་ཁྱོན་ཡོངས་ནས་བརྔ་བསྡུའི་དུས་ཚིགས་སུ་སླེབས་རྒྱུ་རེད། གཅིག་སྡུད་ལོགས་བཀར་དང་། ཁྱིམ་སྡོད་ལོགས་བཀར། ཕྱིར་གླ་པར་སྐྱོད་དེ་ཕ་ཡུལ་དུ་ལོག་ཐབས་བྲལ་བའི་ཁྱིམ་ཚང་བཅས་ལ་ཤང(གྲོང་རྡལ)ཁག་གིས་རོགས་སྐྱོར་རེ་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པ་དང་། སྟོན་བསྡུའི་ཐོན་སྐྱེད་སྐོར་གྱི་མང་ཚོགས་ཀྱི་རེ་ཞུ་སྣ་ཚོགས་ཆེད་མངགས་བདག་སྤྲོད་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱས་ཡོད། གཞི་རིམ་རྩ་འཛུགས་དང་ཆེད་ལས་མཉམ་ལས་ཁང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚབ་གཉེར་ཚབ་ལེན་དང་། གཉེན་ཉེ་ཕན་ཚུན་རོགས་རམ། ཁྱིམ་མཚེས་ཕན་ཚུན་རོགས་རམ། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་སྟོན་བསྡུའི་ཐོན་སྐྱེད་བྱེད་རོགས་བྱས་ཏེ་སྟོན་ལས་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མུའུ་གཅིག་ཀྱང་མི་ལུས་པར་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད་ཅེས་བརྗོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་གྲོང་སྤྱི་གཞོན་པ་ཝང་ཞ་ཡིས། ལྷོ་ཁ་གྲོང་ཁྱེར་གྱིས་གཞོན་དར་ངལ་རྩོལ་ནུས་ཤུགས་ཁག་གཅིག་རིམས་ནད་ཀྱིས་རྐྱེན་པས་ས་ཆ་གཞན་དུ་ལུས་པ་དང་ཁྱིམ་སྡོད་ལོགས་བཀར་གྱི་གནས་ཚུལ་ལ་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་ལས་ཁང་གིས་བརྔ་བསྡུ་ཚབ་གཉེར་དང་། ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གིས་བསྡུ་རོགས། དུད་སྦྲེལ་ཚན་པར་བརྟེན་ནས་རོགས་རམ་སོགས་ཀྱི་བྱེད་ཐབས་བརྒྱུད་ཉེ་འགྲམ་གྱི་ཡུལ་མི་ཚོར་གོ་རིམ་ལྡན་པའི་ངང་སྟོན་བསྡུའི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་པ་དང་། མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་སྟོན་བསྡུའི་རྒྱ་ཁྱོན་མུའུ་ཁྲི་20.7ཟིན་ནས་ལེགས་གྲུབ་བྱུང་ཚད་43.5%ཟིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།