དབུ་ཤོག>ཆེད་སྒྲིག
  • གཞིས་རྩེ་གྲོང་ཁྱེར་གྱིས་རིམས་འགོག་དང་སྟོན་བསྡུའི་ལས་དོན་གཉིས་ཀ་མི་འཕྱུགས་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    cb1b0c05-97bf-425a-b061-1a4bd5b26f98.jpg.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་དབང་ཚའེ་ཞིང་འཕྲུལ་བོགས་གཏོང་ཆེད་ལས་མཉམ་ལས་ཁང་གི་ཞིང་འཕྲུལ་གཏོང་མཁན་གྱིས་བཙས་མ་རྔ་བཞིན་པ།

    མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱི་སྟོན་བསྡུའི་ལས་དོན་དེ་རིན་སྤུངས་རྫོང་དང་བསམ་གྲུབ་རྩེ་ཆུས་ནས་འགོ་ཚུགས་ཤིང་། ཟླ་དགུ་པའི་ཟླ་སྟོད་དུ་ཁྱོན་ཡོངས་ནས་བརྔ་བསྡུ་བྱེད་པའི་དུས་མཚམས་སུ་སླེབས་རྒྱུ་རེད། “‘བོད་ཀྱི་འབྲུ་མཛོད’དུ་གྲགས་པའི་གཞིས་རྩེས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་མུའུ་ཁྲི་98.32ཡི་འབྲུ་རིགས་དང་ལྷག་པར་དུ་མུའུ་ཁྲི་90.48ཀྱི་ནས་ཞིང་དུས་ཐོག་ཏུ་བརྔ་བསྡུ་དང་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་དུ་བསྡུ་ཐུབ་པ་བྱ་རྒྱུ་རེད། མིག་སྔ་ནི་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འགག་རྩའི་དུས་མཚམས་ཤིག་ཡིན་ལ། སྟོན་བསྡུའི་འགག་རྩའི་དུས་སྐབས་ཀྱང་ཡིན་པས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྟོན་བསྡུ་གཉིས་ཀ་མི་འཕྱུགས་པ་བྱ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལུའུ་ཅི་ཕུང་གིས་གསར་འགོད་པར་བཤད།

    ཞིང་འབྲོག་ཁུལ་དུ་རིམས་ནད་བསྐྱར་དུ་མི་ཐོན་པ་དང་། མི་མཆེད་པ། མི་འགོ་བ་བཅས་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་དྲ་མིག་ཅན་གྱི་དོ་དམ་ཏན་ཏིག་སྤྱད་དེ་རིམ་པ་དང་རིགས་དབྱེའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཤིང་། རྫོང་དང་ཆུས་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། མི་དང་འཕྲུལ་འཁོར་ཟུང་འབྲེལ། འཕྲུལ་ཆས་གཙོ་བོར་བྱེད་པ་བཅས་བྱས་ནས་ས་ཁོངས་མི་འདྲ་བའི་སྟོན་བསྡུའི་དུས་ཚོད་གཞིར་བཟུང་ཚང་གཡོལ་ལས་སྒྲུབ་བྱས་ཏེ་ས་ཁོངས་གཅིག་གི་ལོ་ཏོག་སྨིན་ན་དེ་བརྔ་བསྡུ་བྱེད་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་རོགས་སྐྱོར་རེ་ཞུའི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་ནས་གཅིག་སྡུད་ལོགས་བཀར་དང་། ཁྱིམ་སྡོད་ལོགས་བཀར། ཕྱིར་གླ་པར་བསྐྱོད་ནས་ཁྱིམ་དུ་ལོག་མི་ཐུབ་པ་བཅས་ཀྱི་ཁྱིམ་ཚང་ལ་ཞབས་འདེགས་ཞུས་ཏེ་དཀའ་ངལ་དངོས་ཧུར་ཐག་སེལ་རོགས་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།