དབུ་ཤོག>ཆེད་སྒྲིག
  • སླར་ཡང་བོད་ཀྱི་རྫོང་གཉིས་ལ་རིམས་ནད་གཙང་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-24

    ས་དགའ་རྫོང་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་4པ། 

    ཟླ་8ཚེས་11ཉིན་ས་དགའ་རྫོང་དུ་གདགས་གཤིས་ཡིན་པའི་ནད་དཔེ་ཐོག་མ་དོན་པ་ནས་བཟུང་། 《ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཇུས་གཞིའི(དཔར་གཞི་དགུ་པ)》བླང་བྱར་ནན་པོར་གཞིགས་པ་དང་། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་འོག ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་བོད་ལྗོངས་ལས་དོན་ཚོགས་ཆུང་གི་བཀོད་འདོམས་ཞིབ་ཕྲའི་འོག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མྱུར་པོ་དང་། ནན་པོ། དམ་པོ། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྤེལ་བ་རེད། ཁུལ་ཁོངས་ཡོངས་ཀྱི་མི་སྣ་ཚང་མར་ཉིང་སྐྱུར་བརྟག་དཔྱད་རྒྱུན་མཐུད་བྱས་པ་བརྒྱུད། མིག་སྔར་ཉིན་7བསྟུད་མར་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་ཕོག་མཁན་མང་དུ་ཕྱིན་མེད་སྟབས། སྤྱི་ཚོགས་ཐོག་རིམས་ནད་གཙང་བཟོ་ཐུབ་ཡོད་པས། གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་ཀྱི་ཡིན། ཆེད་དུ་སྤྱི་ཚོགས་ལ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    རྫོང་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། ཏང་ཡོན་ལས་བྱེད་པ། དང་བླངས་པ། དེ་བཞིན་ས་དགའི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལས་སླ་པོར་བྱུང་བ་མིན་པའི་ཕན་འབྲས་ཐོབ་ཡོད། འདིར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རིམས་འགོག་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། རིམས་ནད་ཚོད་འཛིན་དང་སྔོན་འགོག་ལ་བསམ་ཤེས་དང་། ཞུགས་པ། གཞོགས་འདེགས། རྒྱབ་སྐྱོར་བཅས་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

     རིམས་ནད་སྔར་བཞིན་ཡོད་པ་དང་དུས་བབ་སྔར་བཞིན་ཛ་དྲག་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུས་ནས། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ལག་པ་ཡང་སེ་འཁྲུད་པ། ཁ་རས་རྒྱག་པ། འཕྲོད་བསྟེན་ལ་སྣང་ཆེན། འདུ་འཛོམས་མི་བྱེད་པ། རླུང་འགྲོ་ཡག་པོ། དུག་སེལ་བྱེད་པ། འབྲེལ་འདྲིས་ཀྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྐུར་བ་བཅས་བྱས་ནས། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་དགོས།

    ས་དགའ་རྫོང་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།

    2022ལོའི་ཟླ་8ཚེས་24ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།