དབུ་ཤོག>ཆེད་སྒྲིག
  • ཟོག་གོང་ཧམ་ཤེད་ཀྱིས་སྤོར་མཁན་ཚོང་ཁང་ཞིག་ལ་ཉེས་ཆད་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-24

    ཉེ་དུས་ལྷ་ས་གྲོང་ཁྱེར་ཧྲིལ་པོ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆེད་དོན་ཁྲིམས་འཛིན་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཁྲོམ་རའི་རིན་གོང་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    11.jpg

    ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཟོག་གོང་ཧམ་ཤེད་ཀྱིས་སྤར་བར་དོགས་པ་ཡོད་པའི་སྔོ་ཚལ་ཚོང་ཁང་དུ་ཞིབ་བཤེར་དཔང་ལེན་བྱེད་བཞིན་པ།

    ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཟོག་གོང་ཧམ་ཤེད་ཀྱིས་སྤར་བར་དོགས་པ་ཡོད་པའི་སྔོ་ཚལ་ཚོང་ཁང་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཤིང་། ཟླ་8ཚེས་19ཉིན་གྱི་ཐོ་རེངས་སུ་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གིས་སྐོར་ཞིབ་བྱེད་རིང་། གཙང་རལ་ལམ་གྱི་སྔོ་ཚལ་ཤིང་ཏོག་ཚོང་ཁང་ཞིག་ལ་ཟོག་གོང་ཧམ་ཤེད་ཀྱིས་སྤར་བའི་དོགས་པ་ཡོད་པ་ཤེས་རྟོགས་ཐུབ་ཡོད། ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ནས་འབྲེལ་ཡོད་དཔང་རྟགས་བླངས་པ་བརྒྱུད། ཚོང་ཁང་དེའི་རིན་གོང་ཁྲོམ་རའི་རིན་གོང་ལས་མཐོ་བ་ཡོད་པ་ཤེས་རྟོགས་ཐུབ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་སྲོལ་ཡིག》ལས་འགལ་ཡོད། ཁྲིམས་འཛིན་མི་སྣས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཚོང་ཁང་དེར་མགྱོགས་མྱུར་ཉེས་ཆད་ལྕི་པོ་གཏོང་རྩིས་ཡོད།

    22.jpg

    ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཟོག་གོང་ཧམ་ཤེད་ཀྱིས་སྤར་བར་དོགས་པ་ཡོད་པའི་སྔོ་ཚལ་ཚོང་ཁང་དུ་ཞིབ་བཤེར་དཔང་ལེན་བྱེད་བཞིན་པ།

    33.jpg

    ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཟོག་གོང་ཧམ་ཤེད་ཀྱིས་སྤར་བར་དོགས་པ་ཡོད་པའི་སྔོ་ཚལ་ཚོང་ཁང་སྒོ་རྒྱག་ཏུ་འཇུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།