དབུ་ཤོག>ཆེད་སྒྲིག
  • སྐྱེ་ཁམས་ལྗང་མདོག་དང་སྡོད་མལ་གྲོང་ཁྱེར་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-11

     འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་བ་དེ་སྒུལ་ཤུགས་ཆེན་པོར་བརྩིས་ནས་ལམ་སྲོལ་འཛུགས་པ་དང་། ལག་བསྟར་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་ནན་པོ་བཅས་བྱས་ཐོག་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱི་ཡོངས་འཆར་འགོད(2021ལོ་ནས་2023ལོ་བར)》དང་། 《ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》 《ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལག་བསྟར་ཇུས་གཞི》བཅས་ཀྱི་ཐོག་མའི་མ་ཟིན་བཟོས་པ་དང“ཁུལ་གསུམ་དང་ཐིག་གསུམ”སྤྱི་འདོམས་ཀྱིས་དབྱེ་མཚམས་ཕྱེ་བ་དང་། 《ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱས་པ་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛུགས་ཆུང་ཙག་གསར་གཏོད་བྱ་རྒྱུའི་ཚོད་ལྟ་བྱས་པ། 《ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ཆུ་རྒྱུད་སྲུང་སྐྱོང་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་མང་པོ་མགྱོགས་མྱུར་བཟོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།