《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
རི་སྔོ་ཆུ་དྭངས་དང་སྐྱེ་ཁམས་གནས་འཕྲོད་ཀྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་དགོས།
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཧོ་ཕུང་།
《སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱེད་འགོ་ཚུཌ་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ཤིང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“འཐུས་མི་སྟོང་གིས《སྲོལ་ཡིག》དྲིལ་བསྒྲགས”སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་ཏེ། 《སྲོལ་ཡིག》དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་2000ལྷག་ཙམ་སྤྲད་པ་དང་། རྫོང(ཆུས)ཁག་གིས《སྲོལ་ཡིག》ཆེད་དོན་སྒྲོག་འགྲེལ་དང་འཆད་ཁྲིད་ཐེངས་10ལྷག་ཙམ་དང་གྲོང་གསེབ་ཏུ་དྲིལ་བསྒྲགས་དང་འཆད་ཁྲིད་ཐེངས་50ལྷག་ཙམ་བྱས་པ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དྲིལ་བསྒྲགས་པ་དང་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད།
ལམ་སྲོལ་བཙུགས་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྷ་ས་གྲོང་ཨུད་ཀྱིས་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་ལྷ་ས་གྲོང་ཁྱེར་གྱི“ཁུལ་གསུམ་དང་མཐོ་ས་གཅིག”ནུས་ཤུགས་ཡོད་རྒུས་གཏོད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་གདོང་དམག་་ཡག་པོ་བྱེད་པའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། 《སྲོལ་ཡིག》ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་བཏང་ཡོད། ད་ལོར་གྲོང་ཨུད་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་ཐེངས་8དང་དེ་བཞིན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཆེད་དོན་ཚོགས་འདུ་ཐེངས་10འཚོགས་ནས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱས་ཡོད།
སྐྱེ་ཁམས་ཁྲིམས་འཛུགས་དང་ཁྲིམས་འཛིན་ལྟ་སྐུལ་ལ་དམ་འཛིན་ནན་པོ་བྱས་ཤིང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གཙོ་བོར་བརྩིས་པ་རེད། ཁྲིམས་ལུགས་ཀྱི་འགྱུར་མེད་གཅུན་སྡོམ་གྱི་ནུས་པ་ཆེ་རུ་བཏང་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུར་ཕུལ་བ་བརྒྱུད《ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རི་སྔོ་འགྱུར་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་ཏེ། ལྗོངས་ཡོངས་སུ“བཅད་ཁ་ཆུང་ངུའི”སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛུགས་ཚོད་ལྟ་ཐོག་མར་བྱས་པ་རེད། 《ལྷ་ས་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག》དང་། 《ལྷ་ས་གྲོང་ཁྱེར་གྱི་གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》 《ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་དོ་དམ་སྲོལ་ཡིག》སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་མང་པོ་བཟོས་པ་རེད། 《ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་དངོས་གཏོང་འབུད་ལ་ལྟ་སྐུལ་དོ་དམ་གྱི་བྱ་ཐབས》སོགས་བཟོས་པའམ་མགྱོགས་མྱུར་བཟོ་བཅོས་བརྒྱབ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ཅིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ལ་ཧུར་ཐག་ཞུགས་ཏེ། 《རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང་། 《ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》 《ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》 《ས་ཆའི་དོ་དམ་བཅའ་ཁྲིམས》 《སྲ་གཟུགས་ཟོག་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྔ་རྗེས་སུ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། དུས་མཚུངས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ལོ་ལྟར་སྤེལ་བའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད·བོད་ཀྱི་བྱ་སྤྱོད”ཅེས་པའི་བྱེད་སྒོར་ཧུར་ཐག་ཞུགས་ཡོད།
སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བློ་མཐུན་5ཡིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལྷ་སའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ནང་ཞུགས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ཞུ་གཏུག་གྱོད་གཞི་111ཐག་གཅོད་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ཇུས་གཞི་འགོད་པའི་ནང་ཞུགས་ཏེ། “དུས་བཀག་ཐག་གཅོད་ལམ་ལུགས”དང“གནད་དོན་ཐོ་བསུབ་ལམ་ལུགས”ཀྱི་བཅོས་སྒྲིག་ལས་དོན་དོན་འཁྱོལ་ནན་པོ་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་ས་འོག་ཆུའི་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་རྒྱུར་སྐུལ་འདེད་བཏང་ཞིང་། སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་འདོར་བ་དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་འགྲོ་སྐྱོད་ལ་ཚོད་འཛིན་གྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་100%ཟིན་ཡོད།
གོམ་སྟབས་རྗེས་མར་ང་ཚོས་གཤམ་གྱི་ཕྱོགས་གསུམ་གྱི་ཐད་ནས་ཤུགས་སྣོན་རྒྱག་རྒྱུ་སྟེ།
“སྲོལ་ཡིག”སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་མི་དམངས་འཐུས་ཚོགས་ཀྱིས་ལོ་ལྟར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེངས་གཅིག་སྒྲིག་འཛུཌ་བྱས་ཏེ། 《སྲོལ་ཡིག》ལ་ཁྲིམས་འཛིན་ལྟ་བཤེར་བྱས་ནས《སྲོལ་ཡིག》གི་བླང་བྱ་ཚང་མ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་གཅིག འཛམ་གླིང་ཁོར་ཡུག་ཉིན་མོ་དང་། སའི་གོ་ལའི་ཉིན་མོ། “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད”སོགས་ཀྱི་བྱེད་སྒོར་བརྟེན་ཁར། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། སློབ་གྲྭར་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ། དཔོད་ཆུང་ངམ་སྐད་འཕྲིན་དྲ་བའི་སྟེགས་བུ་གསར་འཛུགས་སོགས་ཀྱི་བྱ་ཐབས་སྤྱད་དེ《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་དོན་དངོས་ལ་གཞི་ཚུགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་བཟོ་འགོད་དང་ཟུང་འབྲེལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུཌ་དམིགས་ཚད་དང་ལས་འགན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་། ཁྲིམས་འཛུགས་ཀྱི་རྣམ་གྲངས་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་དང་ཇུས་འགོད་བྱེད་པ། ཁྲིམས་འཛུགས་ཐད་རིགས་པས་ཁུངས་སྐྱེལ་ཡག་པོ་བྱེད་པ། “བཅད་ཁ་ཆུང་ངུ”དང“ཕྲན་མྱུར་བསྟུན་གསུམ”གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲིམས་འཛུགས་ཀྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། སྤྱོད་འཐུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་ཡིན།
ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་གཞི་བཟོ་འགོད་དང་། གྲོང་ཁྱེར་གྱི་ཆུ་རྒྱུད་བསྐྱར་གསོ། འཆར་གཞི་ལག་བསྟར། བཙོག་ཆུ་གཙང་གསིང་། ལྷ་སའི་སྐྱིད་ཆུ་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྒྲིག་བཅས་ཀྱི་ལས་གྲྭའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་ལམ་གྱི“གང་བྱུང་བཞི་གཙང་སེལ”ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་ལྟ་བཤེར་ཧུར་ཐག་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་དང་ལྗང་མདོག་ཨར་ལས་རྒྱུ་ཆས་ཁྱབ་སྤེལ་གཏོང་བ། འཚོ་བའི་གད་སྙིགས་བཙན་གྱིས་དབྱེ་འབྱེད་བྱེད་པ་བཅས་ཀྱི་ཐོག་ནས་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།