《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
བོད་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ།
ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཆི་དབྱིང་ཧའེ།
ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ངས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཚུལ་སྐོར་ལ་གཏམ་བཤད་སྤེལ་རྒྱུ་གཤམ་གསལ།
《སྲོལ་ཡིག》ནི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་སྐོར་གྱི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་ཞིང་། སྐྱེ་ཁམས་འཆར་འགོད་དང་། སྐྱེ་ཁམས་བདེ་འཇགས། སྐྱེ་ཁམས་དཔལ་འབྱོར་བཅས་ལ་སྤྱིའི་བཀོད་ཇུས་བྱེད་རྒྱུ་མཐའ་འཁྱོངས་དང་། དཔེ་སྟོན་འཛུགས་སྐྲུན་དང་། སྤྱི་ཚོགས་མཐུན་སྦྱོར། ལྟ་སྐུལ་འགན་སྲུང་བཅས་གཞི་གཅིག་ཚད་ལྡན་ཡོང་བར་སྤྱི་འདོམས་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་བཏོན་ཡོད། དེ་ནི་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྩ་དོན་དོན་འཁྱོལ་བྱེད་པའི་བཅའ་ཁྲིམས་གལ་ཆེན་ཞིག་དང་། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་བོད་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་རྟགས་གང་ལེགས་མངོན་ཡོད།
《སྲོལ་ཡིག》ལག་བསྟར་བྱས་ཚུན། ང་ཚོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “རི་བོ་གཉིས”ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་འབུར་དུ་ཐོན་པ་བཅས་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། 《སྲོལ་ཡིག》དེ་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་ལ་འཇུག་པ། ཏང་ཙུའུ་ཡིས་རྒྱུན་མཐུད་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་ལ་བརྟེན་ནས་ཀྲི་པུའུ་ཡིས་སྦྱོང་བ་དང་། ལས་བྱེད་པས་སྦྱོང་བ། འཐུས་མིས་སྦྱོང་བ་བཅས་ལ་སྐུལ་ཁྲིད་བྱེད་པ། “ཆབ་མདོའི་མི་དམངས་འཐུས་ཚོགས”ཀྱི་དུས་དེབ་དང་སྐད་འཕྲིན་སྤྱི་རྟགས་སུ་བརྒྱུད་འགོད་དང་བརྙན་འཕྲིན་ལས་ཁུངས་ཀྱིས་འཕྲིན་སྤེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ། ཁྲིམས་འཛིན་ཞིབ་བཤེར་དང་། བརྟག་དཔྱད་ཞིབ་འཇུག་དང“ལས་བྱེད་པ་ཆིག་སྟོང་གྲོང་ཚོ་ཆིག་སྟོང་དུ་བསྐྱོད་དེ་བཅའ་ཁྲིམས་ཤེས་བྱ་ཁྱིམ་ཚང་མང་པོར་དྲིལ་བསྒྲགས་བྱེད་པའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས། འཐུས་མིར་འབྲེལ་གཏུག་དང་མང་ཚོགས་ཁྲོད་ཟབ་སྐྱོད་བྱས་ཏེ《སྲོལ་ཡིག》དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་རྒྱུ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11དང་ཤང(གྲོང་རྡལ)138ཚང་མར་ཁྱབ་པར་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་ལས་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།
ཕན་ནུས་ལྡན་པའི་ལྟ་སྐུལ་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་བཏང་ཞིང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་དོན་གྱི་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ་ལོ་2བསྟུད་མར“ཁྲིམས་ལུགས་གཅིག་དང་སྲོལ་ཡིག་གཉིས”དང་ལྷག་དོན་དུ《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ཁྲིམས་འཛིན་ལ་ཞིབ་བཤེར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བླང་བྱ་གཞིར་བཟུང་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་བྱེད་སྒོ་སྤེལ་ནས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ། འཐུང་ཆུའི་བདེ་འཇགས། གེགས་འགོག་གེགས་སེལ། ས་ཆུ་སྲུང་འཛིན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ཞིབ་བཤེར་བྱས་ཡོད། གྲོང་ཁྱེར་སྲིད་གཞུང་གི་2021ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་སེང་ཉན་པ་དང་དེར་གྲོས་ཞིབ་བྱས་ཤིང་། ཁྱོན་གནད་དོན་ཁག་11འཚོལ་བཤེར་བྱས་པ་དང་། དག་ཐེར་གྲོས་འགོ་ཁག་12བཏོན་ནས་ལག་བསྟར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་སྔར་བས་ཆེ་རུ་བཏང་ཡོད། འཛུགས་གཏོད་ལས་དོན་ལ་བརྟེན་ནས་སྤུས་ཕན་ཆེ་རུ་གཏོང་བ་དང་། “འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ་དང་ཤུགས་སྣོན་བརྒྱབ་ནས་ཆབ་མདོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཆར་འགོད་དང་སྐུལ་འདེད་གཏོང་བ། 《“འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིའི”སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཇུས་གཞི》བཟོ་བ། འགོ་ཁྲིད་ཚོགས་ཆུང་འཛུགས་པ། “ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་ཞབས་ཞུར་བརྟེན་ནས་སྐྱོང་མཁས་འགན་ལེན་བྱེད་པ། དོན་དག་གལ་ཆེན་ལ་བརྟེན་ནས་ཁ་ཕྱོགས་སྟངས་འཛིན་བྱེད་པ། འདེམས་བསྐོ་དང་བསྐོ་འཐེན་ལ་བརྟེན་ནས་འདེགས་སྐྱོར་ལ་མཐོང་ཆེན་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་ལ་བརྟེན་ནས་སྐུལ་འདེད་ལ་དམ་འཛིན་བྱེད་པ། སྤྱོད་ཚུལ་ལེགས་གཏོང་ལ་བརྟེན་ནས་འགན་ལེན་ཡོད་པར་བྱེད་པ”དང“གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྣེ་ཁྲིད་མཁན་བརྩོན་ལེན་བྱེད་རྒྱུར་ཁྲིད་སྟོན་བྱེད་པའི”འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ《སྲོལ་ཡིག》ལག་བསྟར་བྱེད་པར་དམ་འཛིན་བྱ་གཞི་ཡོད་པ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱས་ཡོད།
《སྲོལ་ཡིག》ལག་བསྟར་བྱེད་པའི་ཐད་ང་ཚོར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། འོན་ཀྱང་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་སྐབས་ད་དུང་དྲིལ་བསྒྲགས་གཏིང་ཟབ་བྱེད་ཤུགས་མི་འདང་བ་དང་།ལྟ་སྐུལ་བྱེད་ཤུགས་ཆུང་བ། “ཁྲིམས་འཛིན་པས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གཞིར་བཟུང་། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཡག་པོ་སྤྲོས་པ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། འཛུགས་གཏོད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལག་བསྟར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུར་སྔར་བས་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན།