དབུ་ཤོག>ཆེད་སྒྲིག
  • ལྗང་མདོག་དང་བདེ་སྐྱིད་ལྡན་པའི་ཉིང་ཁྲི་ཕྱོགས་ཡོངས་ནས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)

                                                  ལྗང་མདོག་དང་བདེ་སྐྱིད་ལྡན་པའི་ཉིང་ཁྲི་ཕྱོགས་ཡོངས་ནས་བསྐྲུན་པ།

                                                     ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཀྲོའུ་ཁྲོན་ཧྥེང་།

    《སྲོལ་ཡིག》ལག་བསྟར་བྱས་ཚུན། ཉིང་ཁྲིའི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། དུས་ཐོག་ཏུ་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་དུས་བཀག་ནང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ་རེད། མི་དམངས་འཐུས་ཚོགས་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཆེད་དོན་ཚོགས་ཆུང་དང་གཞུང་ལས་ཁང་བཙུགས་ཏེ་རྒྱུན་གཏན་གྱི་ལས་དོན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ནུས་ལྡན་བྱེད་པའི《ལག་བསྟར་ཇུས་གཞི》དང《ལས་ཀའི་ཇུས་གཞི》བཟོས་ནས་དམིགས་ཚད་ལས་འགན་དང་། འགན་འཁྲི་ཁག་བགོས། དུས་བཅད་བླང་བྱ་བཅས་ཁ་གསལ་བཟོས་ཏེ། དུས་བཀག་ཞིབ་བཤེར་དང་། རྗེས་སྙེག་དོན་འཁྱོལ། དུས་ཚིགས་བརྡ་ཁྱབ་བཅས་ཀྱི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱས་ཡོད། སྣེ་ཁྲིད་ཚན་པ་དང་གཞོགས་འདེགས་ཚན་པ་ཁག་གིས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། བྱེད་ཐབས་ཞིབ་ཕྲ་བཟོས་པ། དོན་ཚན་རེ་རེ་བཞིན་ལས་འགན་ཁག་བགོས་དང་དོན་འཁྱོལ་བཅས་བྱས་ནས་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས། སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། 《སྲོལ་ཡིག》དེ་སློབ་སྦྱོང་གི་གཙོ་གནད་ནང་བཅུག་ནས་སྤེལ་རེས་དང་། བགྲོ་གླེང་། སྒྲོག་འགྲེལ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། རིམ་ཁག་སློབ་གྲྭས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་རྒྱལ་དམངས་སློབ་གསོ་དང་ཏང་གི་སློབ་གྲྭའི་གསོ་སྦྱོང་ནང་དོན་གྲས་སུ་བཅུག་པ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱེད་པའི་གྲོས་གཞི་གལ་ཆེན་ནང་བཅུག་ནས“ཁྲིམས་སྦྱོང་སློབ་ཁང”གཉེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད། 《སྲོལ་ཡིག》གི་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་ཡོད། འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་སློབ་སྦྱོང་ཐེངས་117སྒྲིག་འཛུགས་བྱས་པ་དང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་7གཉེར་བ་དང་ཆབས་ཅིག རིག་རྩལ་བརྩམས་ཆོས་ཀྱི་དྲིལ་བསྒྲགས་ནུས་པ་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། 《དུས་བཞི་དཔྱིད་ལྟར་མཛེས་པའི་ཉིང་ཁྲི》དང《ཉིང་ཁྲི་ནི་ས་ཆ་ཡག་པོ་ཞིག་རེད》སོགས་གླུ་གཞས་གསར་རྩོམ་བྱས་ནས་མི་ཚང་མ་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་གང་ལེགས་བཏོན་ནས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཞོལ་བཞིན་ཡོད”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་100ལྷག་ཙམ་ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། ཞིང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རང་འགུལ་ངང་ཟབ་ཏུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ཤིང་། ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་རིམ་པ་སྤོར་རྒྱུ་ལྟེ་བར་འཛིན་པ་དང་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་རྒྱུ་གཙོ་རྐང་དུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་བྱ་སྤྱོད་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད། དཔེ་མཚོན་འཛུགས་གཏོད་ཀྱི་བྱ་སྤྱོད་བཅས་ལག་བསྟར་ཤུགས་ཆེན་བྱས་ནས་ལྗོངས་ཡོངས་སུ“ཆུ(མཚོ)དཔོན+ཅན་ཁྲ་ཀྲང་+ཉེན་རྟོག་དཔོན”གྱི་མཉམ་འགུལ་མཉམ་ལས་ཀྱི་ལས་ཀའི་ལམ་ལུགས་སྔོན་ལ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པར་ནགས་དཔོན་291བཀོད་སྒྲིག་བྱས་པ། གཞུང་ལམ་རྒྱུད་ཀྱི་ལྗང་མདོག་ཁྱམས་ལམ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི“འགྲམ་བཞིར་ཤིང་འཛུགས”བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྐྱེ་ཁམས་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྐྱེ་དངོས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་དེ་ཁྲིམས་འཛུགས་ཀྱི་གཙོ་གནད་དུ་བརྩིས་ནས《ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་2022ལོ་ནས་2026ལོ་བར་གྱི་ཁྲིམས་འཛུགས་འཆར་འགོད་དང་2022ལོའི་ཁྲིམས་འཛུགས་འཆར་གཞི》བཟོས་པ་དང་དེའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ནང་དོན་ཁག་5ཡོད་པ་རེད། 《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ཡོད། ཡར་ཀླུང་གཙང་པོ་ཉིང་ཁྲི་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་མཐུན་སྦྱོར་ངང་སྤེལ་ཡོད། སྲིད་གཞུང་སྡེ་ཚན་གྱིས《ཡར་ཀླུང་གཙང་པོའི་རོང་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》དང《ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་བཟོས་ཡོད། 《ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས》སོགས་ཁྲིམས་འཛིན་ཞིབ་བཤེར་བྱས་པ། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། ནགས་ཚལ་མེ་ཟོན་བཅས་ལ་བརྟག་ཞིབ་བྱས་ནས་ལོ་ལྟར་དུས་བཀག་ནང་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་། གྲོས་ཞིབ་བསམ་འཆར་གྱི་རྗེས་སྙེག་སྒྲུབ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཉིང་ཁྲིའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།