དབུ་ཤོག>ཆེད་སྒྲིག
  • ཁྲིམས་འཛིན་སྲིད་འཛིན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་འདེགས་སྐྱོར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)

                                              ཁྲིམས་འཛིན་སྲིད་འཛིན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་འདེགས་སྐྱོར་བྱེད་པ།

                                                   རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། ཀྲང་ཧུའེ་མིང་།

    《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ཚུན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་དམིགས་ཚད་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། འགན་ནུས་འདོན་སྤེལ་བཅས་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་སོགས་ཀྱི་ལས་དོན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    གཅིག་ནས་སྲིད་འཛིན་ཁྲིམས་འཛུགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱ་རྒྱུའི་སྐོར་གྱི་གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་ལ་དམིགས་ནས། ཁྲིམས་འཛུགས་གྲབས་གསོག་མ་ལག་འཛུགས་པ་དང་། སྤྱི་ཚོགས་ལ་ཕྱོགས་ནས་ཁྲིམས་འཛུགས་རྣམ་གྲངས་དང་ནང་དོན་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞི་བཟོ་བར་གཞོགས་འདེགས་བྱེད་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་སྒྲིག་སྲོལ་གྱི་ལོ་འཁོར་ཁྲིམས་འཛུགས་འཆར་གཞི་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་མ་ཟད་འབྲེལ་ཡོད་ཁྲིམས་འཛུགས་ཁྲོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་མངོན་པར་བྱས་ཡོད། སྲོག་ཆགས་ཀྱི་རིམས་འགོག་སྲོལ་ཡིག་དང་ཁྱིམ་བྱ་དང་ཕྱུགས་རིགས་དམིགས་འཛུགས་བཤས་གཏོང་དོ་དམ་བྱེད་ཐབས་ལ་ཞིབ་བཤེར་དང་བཟོ་བཅོས་རྒྱག་པ་དང་། སྨན་བཅོས་སྙིགས་རོ་དོ་དམ་བྱེད་ཐབས་དང་། གློག་ཤུགས་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཐབས། ཞིང་འབྲོག་ཁུལ་གྱི་འཐུང་ཆུ་མཁོ་འདོན་ལས་གྲྭ་གཉེར་སྐྱོང་དོ་དམ་བྱེད་ཐབས་བཅས་ལ་བཟོ་བཅོས་བརྒྱབ་ནས་བཟོ་བ། རི་འཛེག་སྲོལ་ཡིག་དང་། ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག ལྗང་མདོག་བཟོ་སྐྲུན་ཁྱབ་གདལ་དང་དོ་དམ་བྱེད་ཐབས་སོགས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ཀྱི་འཆར་ཟིན་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་ལས་དོན་སྤེལ་བ། ནགས་ས་དོ་དམ་བྱེད་ཐབས་ལ་ཁྲིམས་བཙུགས་རྗེས་ཚོད་སྐོར་བྱས་ནས། 《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་ཀྱི་དོ་དམ་བྱེད་ཐབས》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་བཏོན་ཡོད། ན་ནིང་ནས་བཟུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་3དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་5བཟོ་བཅོས་དང་དེའི་ཞིབ་བསྡུར་ནང་ཞུགས་པ་རེད།

    གཉིས་ནས་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ལ་སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་ཁག་གསུམ་”གྱི་ལག་བསྟར་བྱེད་ཐབས་བཟོ་བར་མཛུབ་ཁྲིད་དང་། འགན་དབང་གསལ་ཐོ་དང་། སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་ཆད་གཅོད་དབང་། སྲིད་འཛིན་ཁྲིམས་འཛིན་གྱི་ཡིག་རིགས་བཅས་ཚད་ལྡན་དུ་གཏོང་བ། སྲིད་འཛིན་ཁྲིམས་འཛིན་གྱི་གྱོད་ཚགས་སྒྲིག་འཛུགས་བྱས་ནས་ཟུར་བཤེར་བཅས་བྱས་ཏེ། དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་ལ་ལྟ་སྐུལ་བྱས་པ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ཁྲིམས་སྐྱོང་ལྟ་ཞིབ་ཀྱི་ནང་དོན་ནང་བཅུག་ནས། སྤྱི་བདེ་དང་། རང་བྱུང་ཐོན་ཁུངས། ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཚན་དང་མཉམ་དུ་ས་ཁུལ་དང་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

    གསུམ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གི་སྤྱི་འདོམས་མཛུབ་ཁྲིད་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དེ་དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གལ་ཆེའི་ནང་དོན་ལ་བརྩིས་ཏེ་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་དང“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་དུ་བཅུག་སྟེ། “རྩིས་ཐོ་ཅན་གྱི་དོ་དམ”དང་། “རྣམ་གྲངས་ཅན་གྱི་སྐུལ་འདེད” “རྩིས་བསྡུར་རྣམ་པའི་དཔྱད་ཞིབ”བཅས་ལག་ལེན་བསྟར་ནས་ཡུལ་མི་འདྲ་བ་དང་། ཚོགས་སྤྱི་མི་འདྲ་བ། གནས་མི་འདྲ་བ་བཅས་ལ་དམིགས་ཏེ་རིགས་དབྱེའི་སྲིད་ཇུས་ལག་བསྟར་བྱས་པ་དང་། གཅིག་སྡུད་སྒྲོག་འགྲེལ་དང་། བཅའ་ཁྲིམས་དུད་ཚང་ལ་ཁྱབ་གདལ། ས་གནས་ས་ཐོག་ཏུ་བློ་འདྲི། འཕྲིན་ཐུང་བསྐུར་བ། གྱོད་གཞིར་གཞིགས་ནས་ཁྲིམས་ལ་འགྲེལ་བཤད། དྲ་ཐོག་ནས་དྲིལ་བསྒྲགས། དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག་དང་། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས། ནགས་ཚལ་གྱི་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ཁྲིད་སྟོན་བྱས་ཡོད།

    བཞི་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་ནང་ཁྲིམས་རྩོད་པ་ཧུར་ཐག་ཞུགས་པར་ལྕག་སྐུལ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་གི་གནོད་འཚེ་དང་འབྲེལ་བའི་གྱོད་གཞི་བཅའ་ཁྲིམས་རོགས་སྐྱོར་བྱེད་ཁོངས་སུ་བཅུག་སྟེ། “ཐོགས་མེད་བགྲོད་ལམ”ཤར་བགྲོད་ཐུབ་པར་རོགས་སྐྱོར་གང་ཐུབ་བྱས་ཡོད། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན་བསྒྲུབས་སྐབས་དུས་ཐོག་ཏུ་རྩོད་གཞི་ཐག་གཅོད་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་དང་ཆེད་བསྐོས་མི་དམངས་འདུམ་འགྲིག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མི་དམངས་འདུམ་འགྲིག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    གོམ་སྟབས་རྗེས་མར། ང་ཚོས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་པ་དང་། “སྤྱི་འདོམས་གཅིག་དང་འགན་ནུས་བཞིར”གཞི་ཚུགས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། འགན་འཁྲིའི་བསམ་པ་བཅས་ཆེ་རུ་བཏང་ནས་ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོ་བ་དང་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམ་འཛིན་ནན་པོ་དང་། ཏིན་ཏིག ཞིབ་ཕྲ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།