《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
ས་ཁོངས་ཧྲིལ་པོར་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་བྱས་པའི་མངའ་རིས་ཀྱི་ལག་ལེན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན། ཐང་ཝུན་མིང་།
《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཀྲམ་རྗེས་མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཐོག་ཏུ《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་སློབ་སྦྱོང་དང་ལྟ་སྐུལ་ལས་དོན་གྱི་ནང་དོན་གཙོ་བོར་བཅུག་ནས། 《སྲོལ་ཡིག》ཁྱབ་གདལ་དང་ལག་བསྟར་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད། ད་ལྟ་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་རྒྱུ་གཤམ་གསལ།
《སྲོལ་ཡིག》བཀྲམ་རྗེས“མངའ་རིས་མི་དམངས་འཐུས་ཚོགས”དང“མཁའ་དབྱིངས་ཀྱི་མངའ་རིས”སོགས་སྐད་འཕྲིན་སྤྱི་རྟགས་སུ་དུས་ཐོག་ཏུ་དྲིལ་བསྒྲགས་བརྒྱུད་བསྐུར་བྱས་པ་མ་ཟད། མངའ་རིས་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་སྒྲིག་ལེ་ཚན་བཟོས་ནས་དུས་ཚོད་ཁག་བགོས་ཏེ《སྲོལ་ཡིག》གི་ལེའུ་10དང་དོན་ཚན་68ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད། མི་དམངས་འཐུས་ཚོགས་མངའ་རིས་ས་ཨུད་ཏང་ཙུའུ་ཡིས་དུས་ཐོག་ཏུ་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་། ལས་དོན་ཨུ་ལྷན་གྱི་འགན་གཅིག་ལྕོགས་འཁུར་མཁན་ཨུ་ཡོན། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ཐག་ཉེ་སར་ཡོད་པའི་འཐུས་མི་བཅས་ཀྱིས་ས་གནས་ས་ཐོག་ཏུ་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་རྣམ་པར་བརྟེན་ནས་གཅིག་སྡུད་སློབ་སྦྱོང་ཐེངས་2བྱས་ཡོད། “ཏང་གི་སློབ་ཚན་གཞི་རིམ་དུ་ཁྲིད་ནས་ཏང་གི་བཀའ་དྲིན་མི་སེར་ལ་བརྒྱུད་བསྒྲགས་བྱེད”པའི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་ཁྲིད་པ་དང་། “སྒོ་རྩར་སློབ་ཚན་ཁྲིད་པའི”རྣམ་པའི་ཐོག་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ཐེངས་43བྱས་ཡོད། 《སྲོལ་ཡིག》དེ་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་གི་སློབ་གྲྭའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བཅུག་ནས་ཆེད་དོན་གསོ་སྦྱོང་ཐེངས་8བྱས་པར་མི་ཐེངས་380ལྷག་ཙམ་ཞུགས་ཡོད།
མངའ་རིས་ས་ཁུལ་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ལོ་ལྟར་རིམ་པ་གཅིག་པའི་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལས་དོན་སྙན་སྒྲོན་ཐེངས་གཉིས་ཉན་ནས་གྲོས་འགོ་ཁག་122བཏོན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་བསམ་འཆར་དང་གྲོས་འགོ་ཁག་17བཏོན་ཡོད། ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་གངས་ཏི་སི་དང་། མ་ཕམ་གཡུ་མཚོ། མཚོ་མོ་ངང་ལྷ་རིང་མོ། རྩ་མདའི་བྲུ་རོང་སོགས་གནས་རི་དང་། མཚོ་མོ། བྲུ་རོང་བཅས་གཙོ་བོར་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པ་རེད། བརྟག་ཞིབ་བྱས་རྗེས་དུས་ཐོག་ཏུ་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་འགན་ཁག་བགོས་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་དྲངས་ཏེ་བརྟག་དཔྱད་ཞིབ་འཇུག་གནས་ཚུལ་ཚུར་ལན་སྤྲོད་པའི་ཚོགས་འདུ་འཚོགས་ནས་བསམ་འཆར་དང་གྲོས་འགོ་ཁག་36བཏོན་པ་མ་ཟད། ཚུར་ལན་བྱས་པའི་གནད་དོན་ལ་དམིགས་ནས་ལས་ཀའི་རྩིས་ཁྲ་རེ་རེ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ་ཆད་ཐོ་བཀོད་ནས་རྗེས་སྙེག་སྒྲུབ་སྐུལ་བྱས་ཡོད། རུ་སྣེ་ཁྲིད་དེ་མངའ་རིས་ཀྱི་སེང་གེ་ཁ་འབབ་དང་། གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ་བཅས“ཆུ་བོ་བཞི”རྒྱུག་ཁུལ་དུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་བསམ་འཆར་དང་གྲོས་འགོ་ཁག་26བཏོན་ཡོད། ས་ཁུལ་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་བཙོག་ཆུ་གཙང་གསིང་། གད་སྙིགས་སྦས་ས་འཛུགས་སྐྲུན་དང་བེད་སྤྱོད། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་ཐེངས་10བྱས་པ་དང་བསམ་འཆར་དང་གྲོས་འགོ་ཁག་118བཏོན་པ་རེད།
མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི་42སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་དུ་བུད་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་འདོན་སྤེལ་བྱས་ཚུལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་མངགས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་འཛིན་གྲོང་ཚོ་དང་གྲོང་ལྷན་145རུ་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་145ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བར་བསྡུས་ནས་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ལས་དོན་སྤེལ་ཡོད། ས་ཁུལ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ལོ་ལྟར་གྱི་ཟླ་8ཚེས་18ཉིན་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོར་བརྩིས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་རེ་ངོ་རེས་མང་ཚོགས་ཁྲོད་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་རེ་དྲིལ་བསྒྲགས་དང་། ཁོར་ཡུག་སྲུང་སྐྱོང་གི་དོན་ཚན་རེར་ལྟ་སྐུལ། ཁོར་ཡུག་སྲུང་སྐྱོང་གི་གྲོས་འགོ་རེ་འདོན་པ། ཁོར་ཡུག་སྲུང་སྐྱོང་གི་གཙང་སྦྲའི་བྱ་སྤྱོད་རེ་སྤེལ་བ”བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། 2021ལོར་ས་ཁུལ་དང་རྫོང་གི་མི་དམངས་འཐུས་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་ཐེངས་16བྱས་པ་དང་། དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཤོག་བྱང་5800ལྷག་ཙམ་སྤྲད་པ། འགྱིག་ཁུག་600ལྷག་ཙམ་གཙང་སེལ་བྱས་ཡོད། ས་ཁུལ་དང་རྫོང་མི་དམངས་འཐུས་ཚོགས་ཀྱིས་སྐྱིད་སྣང་དོད་པ་དང་། གཙང་སྦྲ་ལྡན་པ། ཁོར་ཡུག་མཛེས་པ་བཅས་ཀྱི་དམིགས་ཚད་བླང་བྱར་དམིཌ་ཏེ་ཤིང་སྣ་དང་། ཚལ་རིགས། མེ་ཏོག རྩྭ་བཅས“འདེབས་པ་བཞི”དང་། སྔོ་འགྱུར་དང་། མཛེས་བཟོ། བཀྲག་མདངས་ལྡན་པ། གཙང་སྦྲ་དོད་པ་བཅས“ཡོང་བ་བཞི”ནང་དོན་དུ་བྱེད་པའི་མཛེས་སྡུག་ལྡན་པའི་ལས་ཁུངས་འཛུཌ་སྐྲུན་གྱི་བྱེད་སྒོ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། 2021ལོར་ས་གནས་ཡོངས་ཀྱིས་མི་དམངས་འཐུས་ཚོཌ་ཀྱི་ལས་བྱེད་ལས་བཟོའི་སྒོ་རའི་ནང་ལྗོན་ཤིང་རྐང་2750བཏབ་པ་དང་། ས་ཆ་སྨི་ངོས་གྲུ་2800ལ་མེ་ཏོག་དང་། རྩྭ། ཚལ་རིགས་བཅས་བཏབ་པ། གཞུང་ལས་སྒྲུབ་ཁུལ་དང་ཟ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་8000ལ་མཛེས་བཟོ་བྱས་ཡོད།
གོམ་སྟབས་རྗེས་མར་ང་ཚོས་ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲཌ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འཛིན་ཞིབ་བཤེར་དང་ལྟ་སྐུལ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་དང་རྫོང་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་དང་། མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ལས་དོན་གྱི་གདོང་ལེན་པ་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡིན།