དབུ་ཤོག>ཆེད་སྒྲིག
  • སྐྱེ་ཁམས་ཤེས་དཔལ་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)

                                                   སྐྱེ་ཁམས་ཤེས་དཔལ་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་སྐྲུན།

                                                     ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཝང་ཏེ་ཝུན།

    《སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་གཤམ་གསལ་གྱི་བྱེད་ཐབས་གཙོ་བོ་དག་གྲུབ་ཡོད།

    2021ལོར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་མང་འཚོགས་ཏེ《སྲོལ་ཡིག》སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། ད་ལོའི་ལོ་སྟོད་དུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས“ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་གིས་སླེབས་པར་བྱེད་པའི”བརྗོད་དོན་གཙོ་བོར་སློབ་སྦྱོང་བགྲོ་གླེང་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སྐྱེ་ཁམས་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཤིང་། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ《བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཆར་འགོད(2020ལོ་ནས་2025ལོ་བར)》སོགས་འཆར་འགོད་རབ་དང་རིམ་པ་དང《ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལག་བསྟར་ཇུས་གཞི》དང་དེ་བཞིན་འབྲེལ་ཡོད་ཀྱི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དང་འགན་འཁྲིའི་གསལ་ཐོ་བཟོས་ནས་ལག་བསྟར་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ན་ནིང་གི་ཟླ་གསུམ་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་གཙོ་གནད་གསར་གཏོད་དང་གཏན་འཁེལ་བྱས་ཤིང་། ད་ལོའི་ཟླ་བཞི་པར་བཟོས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ནང་དོན་གྱིས་བསྡུར་ཚད་མཐོ་པོ་བཟུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཞིང་འབྲོག་ལས་དང་། ཁྱད་ལྡན་ཐོན་ལས། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར་སོགས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་། ལྷུན་རྩེ་རྫོང་གིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང(ཆུས)7དང་། སྐྱེ་ཁམས་ཤང(གྲོང་རྡལ)73 སྐྱེ་ཁམས་གྲོང་ཚོ(གྲོང་ལྷན)518བཅས་འཛུགས་གཏོད་བྱས་པ་རེད། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་ལྷུན་རྩེ་གཙང་པོ་རྒྱུག་ཁུལ་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སྐྱེ་ཁམས་འདུ་འགོད་གལ་ཆེན་སྐྲུན་ཐབས་ལག་བསྟར་གཏིང་ཟབ་བྱས་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་གླ་ཚེར་ནགས་ཚལ་སྲུང་སྐྱོང་གི་སྲོལ་ཡིག》ལ་གྲོས་ཞིབ་ཐེངས་གཉིས་པ་བྱེད་གྲབས་ཡོད་ལ། ལྷོ་ཁ་གྲོང་ཁྱེར་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་ཤིང་ཡར་ཀླུང་གཙང་པོ་དང་འབྲེལ་བའི་གྲོང་ཁྱེར་བཞི་ཡིས་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི《ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》མཉམ་དུ་བཟོས་པ་དང་སྲོལ་ཡིག་འཆར་ཟིན་ལེགས་གྲུབ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི“གཙང་པོ་གཅིག་དང་། མཚོ་གཅིག ལྗོན་ཤིང་གཅིག”བཅས་ཕྱོགས་ཡོངས་ནས་སྲུང་སྐྱོང་གི་ལས་དོན་ཁྲིམས་སྐྱོང་ཅན་གྱི་ལམ་དུ་བསྐྱོད་ཡོད།

    ད་ལོར“ཁོར་ཡུག་སྲུང་སྐྱོང་གི་བཅོས་སྒྲིག་ལ་དམ་འཛིན་གྱིས་དྭངས་གཙང་་ཆུ་མོ་དང་ནམ་མཁའ་སྔོན་པོ་སྲུང་སྐྱོང”བརྗོད་དོན་གཙོ་བོར་བྱས་པའི“ཡར་ཀླུང་གཙང་པའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད”ལ་བརྟེན་པ་དང་། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། ནགས་ཚལ་ལྟ་སྐུལ་ཞིབ་བཤེར་གྱི་གནད་དོན་བཅོས་སྒྲིག་དོན་འཁྱོལ་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་བཅས་ལ་དམ་པོར་དམིགས་ནས་ཞན་ཆ་བཙལ་འཚོལ་གྱིས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་ལྟར་ལོ་འཁོར་གོང་མའི་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐད་ཁྲིམས་འཛིན་ཞིབ་བཤེར་དང་བློ་ཡིད་ཚིམ་ཚད་བརྟག་ནས་ལྟ་སྐུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    2021ལོར་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་རྩ་འཛུགས་ཀྱིས“སྐྱེ་ཁམས་ཤེས་དཔལ་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་སྐྲུན་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་ཞུགས་ནས་དྲིལ་བསྒྲགས་དཔྱད་ཡིག་ཁྲི་10ལྷག་ཙམ་སྤྲད་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་བཟོའི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོར་ཧུར་ཐག་ཞུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཉམས་གསོ། སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བཅས་ནང་དོན་གཙོ་བོར་བྱས་པའི་འཐུས་མིའི་ལྟ་ཞིབ་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། གད་སྙིགས་གཙང་སེལ་དབོར་འདྲེན་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དྲིལ་བསྒྲགས། ཤེས་དཔལ་གྲོང་ཚོ(གྲོང་ལྷན) ཤེས་དཔལ་ཁྱིམ་ཚང་འཛུགས་གཏོད་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།

    ང་ཚོས《སྲོལ་ཡིག》མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཁྲིམས་སྲོལ་ལམ་ལུགས་ལ་དམ་འཛིན་ཏན་ཏིག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས། “སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི། ཁོར་ཡུག་ཆོག་འཐུས་ཀྱི་གསལ་ཐོ”བཅས་དོན་འཁྱོལ་ནན་པོ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་ལེགས་སྐྱེས་འབུལ་བར་བརྩོན་རྒྱུ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།