དབུ་ཤོག>ཆེད་སྒྲིག
  • ང་ཚོས་མཛེས་སྡུག་ལྡན་པའི་གཞིས་རྩེ་མཉམ་དུ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)

                                                               ང་ཚོས་མཛེས་སྡུག་ལྡན་པའི་གཞིས་རྩེ་མཉམ་དུ་སྐྲུན།

                                                                གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཡུས་ཏེ་ཕིང་།

    གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། སྔ་རྗེས་སུ་གྲོང་ཁྱེར་ཨུ་ལྷན་གྱི་སྐྱེ་ཁམས་ཤེས་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་2འཚོགས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་5འཚོགས་ནས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་གདོང་དམག་དཔའ་ངར་ཆེན་པོས་བྱེད་པའི་གཞིས་རྩེ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་གདོང་དམག་དཔའ་ངར་ཆེན་པོས་བྱེད་པའི་གཞིས་རྩེ་གྲོང་ཁྱེར་གྱི་2022ལོའི་ལས་ཀའི་འཆར་གཞི》སོགས་ཀྱི་ཡིག་ཆ་བཀྲམ་ནས་ལག་བསྟར་བྱས་པ་རེད། ཆེད་དོན་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་གཏན་འབེབས་བྱས་ཤིང་། འབྲེལ་གཏུག་པ་དང་། གཟའ་འཁོར་རེའི་སྙན་སེང་། ཟླ་རེར་བཀོད་གཏོང་སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་2022ལོའི་ལས་ཀའི་ལས་འགན་59དང་དམིགས་ཚད་ལས་འགན་གྱི་ཞིབ་ཕྲའི་འགན་འཁུར་སྡེ་ཁག་ཁ་གསལ་བཟོས་པ་དང་། བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་ལས་འགན་ཁག་བགོས་ཀྱིས་ལས་ཀར་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། དོན་འཁྱོལ་བྱེད་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཡོད།

    《སྲོལ་ཡིག》སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཙུའུ་ཡིས《སྲོལ་ཡིག》ཏང་ཙུའི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་། ཏང་ཀྲི་པུའི་ཚོགས་འདུ་བཅས་ཀྱིས་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་ཁྲོད་བཅུག་ནས་དྲ་ཐོག་རང་སྦྱོང་། དྲ་ཕྱིར་མཉམ་སྦྱོང་བྱེད་པའི་སློབ་སྦྱོང་གི་ཐབས་ལམ་གསར་གཏོད་བྱས་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་བགྲོ་གླེང་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་གཡུལ་ས་གསར་པ་བཏོད་ཡོད། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ནས་མཛེས་སྡུག་དང་ཞི་མཐུན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད།——བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད》དང《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པ》སོགས་འབྲེལ་ཡོད་ཆེད་དོན་སློབ་ཚན་4བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་འཛུགས་གཏོད་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སོགས་འཛིན་གྲྭ་15རུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་བྱས་ནས་ཏང་ཡོན་དང་ལས་བྱེད་པ་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད། 《སྲོལ་ཡིག》དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། “གྲོང་གསེབ་ཏུ་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲཌ་བྱེད། ང་ཚོས་མཛེས་སྡུག་ལྡན་པའི་གཞིས་རྩེ་མཉམ་དུ་སྐྲུན”སོགས་དྲིལ་བསྒྲགས་བྱེད་སྒོ་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞིང་འབྲོག་པའི་ཏང་ཡོན་དང་ལས་བྱེད་དང་མང་ཚོགས་ཁྲོད་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སྒྲོག་འགྲེལ་ཤུགས་ཆེན་བྱས་ནས་སྒྲོག་འགྲེལ་ཐེངས་1300ལྷག་ཙམ་བྱས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་1000ལྷག་ཙམ་བཀལ་བ། དྲིལ་བསྒྲགས་ལག་དེབ་སྣ་ཚོགས་བསྡོམས་ཁྲི་1.4ལྷག་ཙམ་སྤྲད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས“6·5”ཁོར་ཡུག་ཉིན་མོ་དང“ལོ་ལྔ་ཚན་བདུན་པའི་བཅའ་ཁྲིམས་ཁྱབ་གདལ་ཉིན་མོ”སོགས་ཀྱི་མཚམས་ཚིགས་བེད་སྤྱད་དེ་སྲོལ་ཡིག་དྲིལ་བསྒྲགས་བྱས་པ་རེད། དྲིལ་བསྒྲགས་ཐབས་ལམ་རྒྱ་སྐྱེད་དང་གནད་སྨིན་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། གཞི་རིམ་གྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”དང“འཐུས་མིའི་ཚོགས་ཆུང”གང་ལེགས་སྤྱད་དེ་སྡེ་ཁུལ་དང་། གྲོང་ཚོ་དང་གྲོང་ལྷན། ཁང་པའི་ནང་དང་ཁང་པའི་ཕྱི་བཅས་ཡོངས་ལ་ཁྱབ་པའི་ཕྱོགས་བསྡུས་དྲིལ་བསྒྲགས་ཀྱི་དྲ་བ་ཞིག་བསྐྲུན་ནས་སྲོལ་ཡིག་ཁྱབ་གདལ་གཏོང་ཤུགས་དང་སེམས་སུ་ཐིམ་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད།

    མིག་སྔར། གཞིས་རྩེ་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་1དང་། ཤང་6 གྲོང་ཚོ་233བཅས་བསྐྲུན་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་ཆེད། སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་དར་རྒྱས་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ཐེངས་3འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་སེང་དང་དེ་བཞིན་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་ཚུལ་གྱི་སྙན་སེང་ཉན་ནས་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་ཞིབ་བསམ་འཆར་ཡང་བཏོན་པ་རེད། འཐུས་མིའི་བྱེད་པོའི་ནུས་པ་བཏོན་ནས་སྐྱེ་ཁམས་ཀྱི་དོན་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། “འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་ཟབ་ཏུ་གཏོང་བ། འཐུས་མིའི་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། སྔ་རྗེས་སུ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཁོར་ཡུག་འཕྲོད་བསྟེན་ལས་དོན་ལ་དམིགས་ནས་གཅིག་སྡུད་ལྟ་ཞིབ་དང་། ཁྲིམས་བསྟར་ཞིབ་བཤེར། ཆེད་དོན་བརྟག་དཔྱད་ཞིབ་འཇུག་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས《སྲོལ་ཡིག》གི་འབྲེལ་ཡོད་དོན་ཚན་ལ་འགྲེལ་བཤད་བརྒྱབ་པ་དང་། རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན། དེ་བཞིན་གྲོང་ཁྱེར་དང་རྫོང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་སོ་སོའི་ལས་ཀའི་དོན་དངོས་ནས་འགོ་བཙུགས་ཏེ་གོམ་སྟབས་རྗེས་མའི《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཐད་སྤེལ་རེས་བྱས་ཏེ《སྲོལ་ཡིག》དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།

    གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་གིས་སླེབས་པར་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་རེའི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དུས་བབ་དང་ལས་འགན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འཛུགས་གཏོད་ཀྱི་དུས་ཡུན་དང་མཚམས་ཚིགས་ཁག་ལ་དམ་པོར་དམིགས་ཏེ་ལས་ཀའི་ཤུགས་རྒྱག་ས་དང་གཙོ་རྒོལ་བྱ་ཡུལ་འཕྱུགས་མེད་བཙལ་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།