དབུ་ཤོག>ཆེད་སྒྲིག
  • མངགས་བཅོལ་ཟབ་མོ་འཆང་བཞིན་མདུན་དུ་སྐྱོད།འབད་འབུངས་ཡར་བརྩོན་སླར་ཡང་འོད་སྟོང་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-21

    19d595eb-7158-4fb7-8777-e4eba07b8ead.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་འདམ་རའི་སྤྱི་གླིང་གི་ཟུར་ཞིག་ཡིན་པ།

    0d04b052-4672-4ea3-a17a-9e5e4cfa0f6f.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཡུལ་མིས་ཤིང་འབྲས་ར་བར་ཤིང་འབྲས་འཐུ་བཞིན་པ།

    07731c5f-404f-44c9-9775-0fd7170686f6.jpg.jpg

    འདི་ནི་ལྷ་ཉིང་ལྕགས་ལམ་དུ་སྐྱོད་པའི་ཤུགས་འགྲེམས་མེ་འཁོར“བསྐྱར་དར་རྟགས་ཅན”ཡིན་པ།

    c10b6629-2ab3-444d-b0f8-cd5c17dc9be8.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ས་སྐྱོང་གྲོང་ཚོའི་སྟེང་པའི་དྲ་ཐོག་མིང་ཅན་ཏེ་ལུང(གཡོན)གིས་གྲོང་ཚོའི་སྤྲེལ་ཁམ་ར་བར་ཚན་རྩལ་ཆེད་བསྐོས་པར་བཅར་འདྲི་བྱེད་བཞིན་པ།

    16a7a4c4-29b3-4054-8fa7-a22341bfb61b.jpg.jpg

    འདི་ནི་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་ཀྱི་དངོས་ཟོག་འབེབས་སར་ལས་མིས་དོད་སྒམ་འབེབས་བཞིན་པ།

    02ef5b60-9641-4d37-81b8-0eaa95debf27.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇ་རའི་ལས་མིས་ཇ་ཞིང་དུ་ཇ་འཐུ་བཞིན་པ།

    e0b13923-81af-42d2-8deb-1b78363ec5d3.jpg.jpg

    འདི་ནི་དཔྱིད་ཀར་ཁམ་བུའི་མེ་ཏོག་དང་པད་ཁའི་མེ་ཏོག་ཕན་ཚུན་འགྲན་པ་ལྟར་བཞད་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མཛེས་ལྗོངས་ཡིན་པ།

    ཟླ་བདུན་པར་རྟ་བདུན་དབང་པོའི་ཟེར་བརྒྱ་འཛིན་མའི་ཁྱོན་ལ་ཁྱབ་ཅིང་། ས་མཐོའི་ཆེས་མཛེས་ལ་སྐྱིད་པའི་ནམ་དུས་ཀྱང་ཤར། 2021ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལ་གཟིགས་སྐོར་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།

    ལོ་གཅིག་སོང་རིང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཟབ་མོ་སྔར་བཞིན་རྣ་བར་འཇགས་ལ་སེམས་སུ་བརྟན་པོར་ཟུག་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་ལས་བྱེད་མང་ཚོགས་དང་བརྩེ་བ་ཟབ་མོས་སྤེལ་རེས་གནང་བའི་རྣམ་པ་ད་དུང་ཡང་མིག་ལམ་དུ་གསལ་ལེར་འཆར་ནས་མི་སེམས་དྲོ་བར་བྱེད།

    མངགས་བཅོལ་ཟབ་མོ་ལྷག་པར་གཙིགས་ཆེ་བས། འབད་འཐབ་ལམ་བུར་སྐད་ཅིག་ཙམ་ཡང་བརྩོན།

    ལོ་གཅིག་སོང་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་སྒྲིལ་བ་བཅས་བྱས་ནས་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་མགྱོགས་འཛུགས་སྐྲུན་བྱས་ཡོད།

    “རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། རྩྭ་ར། བྱེ་ཐང་། འཁྱཌ་རོམ་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པའི”འདུ་ཤེས་མི་སེམས་ལ་ཟུག་ཅིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཀྱི་མཛེས་རིས་ཤིག་བརྩམས་ཡོད།

    “བོད་ཀྱི་མཛེས་ལྗོངས་ཁུལ”ཉིང་ཁྲི་གྲོང་གསེབ་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་ལ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡུལ་ལྗོངས་ལྟ་ན་སྡུག གྲོང་གསེབ་མཛེས་ཤིང་ཞིང་ལས་དར་བ་དང་། ཞིང་པ་ཕྱུག་པོ་ཆགས་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་ང་ཚོའི་མིག་ལམ་དུ་རིམ་བཞིན་མངོན།

    ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་འཛུགས་སྐྲུན་པས་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་དཀའ་སྤྱད་ལས་ལ་གཞོལ་ཞིང་། ཚ་ཚ་འུར་འུར་ངང་འཛུགས་སྐྲུན་ལ་གཞོལ་བའི་ལས་ཡུལ་རེ་རེ་ནས་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་མཐོང་ལམ་དུ་གསལ་ལེར་འཆར་འོང་།

    ཕུགས་འདུན་ལས་མདུན་སྐྱོད་ལམ་བུ་གསལ། འབད་འབུངས་ལས་སླར་ཡང་འབྲས་བཟང་གཏོད། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བྱས་པའི་ལས་ལ་རྗེས་ཐོན་པ་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ཏེ། གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་འཆང་བར་དྲིན་ལན་འཇལ་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།