དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

    1923ལོ།

    ★ཟླ་2ཚེས་4ནས་9ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཅིང་ཧན་ལྕགས་ལམ་གྱི་བཟོ་པ་ཁྲི་2ལྷག་ཙམ་གྱིས་སྤྱི་ཡོངས་ནས་ལས་མཚམས་བཞག་པ་དེ་བཟོ་པའི་ལས་འགུལ་གྱི་ཚ་རླབས་ཐེངས་དང་པོ་འཕྱུར་ཆེ་ཤོས་སུ་གྱུར་པ།

    ★ཟླ་6ཚེས་12ནས་20ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཀོང་ཀྲོའུ་རུ་འཚོགས་པ།

    1924ལོ།

    ★ཟླ་1ཚེས་20ནས་30ཉིན་བར། སུན་ཀྲུང་ཧྲན་གྱི་གཙོ་སྐྱོང་འོག་ཀྲུང་གོ་གོ་མིན་ཏང་གིས་ཀོང་ཀྲོའུ་རུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།

    ★ཟླ་5པར། གསར་བརྗེའི་དྲག་ཆས་ཀྱི་རྐང་འཛིན་སྟོབས་ཤུགས་གསོ་སྐྱོང་བྱེད་ཆེད། གོ་གུང་མཉམ་ལས་བྱས་ནས་བཙུགས་པའི་གོ་མིན་ཏང་སྐམ་དམག་དམག་དཔོན་སློབ་གྲྭ(ཧོང་ཧྥུའུ་དམག་དཔོན་སློབ་གྲྭ)སློབ་འགོ་ཚུགས་པ་དང་། ཟླ་6ཚེས་16ཉིན། དམག་དཔོན་སློབ་གྲྭས་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད། སུན་ཀྲུང་ཧྲན་གྱིས་དམག་དཔོན་སློབ་གྲྭའི་སྤྱི་ཁྱབ་འགན་ཁུར་བ་དང་། ཅང་ཅེ་ཧྲིས་སློབ་སྤྱིའི་འགན་ཁུར་བ། ལེའོ་ཀྲུང་ཁའེ་ཡིས་ཏང་གི་འཐུས་མིའི་འགན་ཁུར་བ་རེད།

    ★ཟླ་7ཚེས་3ཉིན། གོ་གུང་མཉམ་ལས་བྱས་ནས་གཉེར་བའི་ཞིང་པའི་ལས་འགུལ་གྱི་ཁྲིད་སྦྱོང་ཁང་ཀོང་ཀྲོའུ་རུ་དངོས་སུ་སློབ་འགོ་ཚུགས་པ།

    1925ལོ།

    ★ ཟླ་1ཚེས་11ནས་22ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ཧྲང་ཧའེ་རུ་འཚོགས་པ།

    ★ ཟླ་5ཚེས་1ནས་7ཉིན་བར། རྒྱལ་ཡོངས་ཀྱི་ངལ་རྩོལ་ཚོགས་ཆེན་ཐེངས་གཉིས་པ་ཀོང་ཀྲོའུ་རུ་འཚོགས་ཏེ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་པ།

    ★ ཟླ་5ཚེས་30ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་བཙན་རྒྱལ་རིང་ལུགས་ཀྱི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལྔ་པའི་སུམ་ཅུའི་ལས་འགུལ་དེ་ཧྲང་ཧའེ་རུ་ལངས་པ།

    ★ 1925ལོའི་ཟླ་6པ་ནས་1926ལོའི་ཟླ་10པ་བར། ཀོང་ཀྲོའུ་དང་ཤང་ཀང་དུ་ཧྲེང་ཀང་ལས་མཚམས་ཆེན་པོ་བཞག་པ་དང་། དེ་ནི་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་ལོ་རྒྱུས་ཐོག་རྒྱུན་མཐུད་དུས་ཚོད་རིང་ཤོས་ཀྱི་ཆབ་སྲིད་ཀྱི་ལས་མཚམས་ཆེན་པོ་བཞག་པ་ཞིག་རེད།

    ★ ཟླ་7ཚེས་1ཉིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གོ་མིན་སྲིད་གཞུང་ཀོང་ཀྲོའུ་རུ་བཙུགས་པ།

    ★ ཟླ་10པར། ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞིང་པར་སྤྲིངས་པའི་ཡི་གེ་ཁྱབ་བསྒྲགས་བྱས་ཏེ་ཞིང་པའི་དཀའ་ངལ་སེལ་བའི་རྩ་བའི་བྱ་ཐབས་ནི“རྨོ་ཞིང་ཞིང་པར་བདག་པའི”བྱ་ཐབས་ལག་བསྟར་བྱ་རྒྱུ་དེ་ཡིན་པ་བཏོན་པ་མ་ཟད། ཚོགས་འདུའི་ཐོག་བྱང་ཕྱོགས་ས་ཁུལ་ལས་དོན་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ནས་བྱང་ཕྱོགས་གསར་བརྗེའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ།

    ★ ཟླ་12ཚེས་1ཉིན། མའོ་ཙེ་ཏུང་གིས《ཀྲུང་གོའི་སྤྱི་ཚོགས་གྲལ་རིམ་ཁག་གི་དབྱེ་ཞིབ》ཅེས་པ་སྤེལ་བ།

    1926ལོ།

    ★ ཟླ་3ཚེས་20ཉིན། ཅང་ཅེ་ཧྲིས་ཀྲུང་ཧྲན་རྟགས་ཅན་གྲུ་གཟིངས་ཀྱི་དོན་རྐྱེན་བཟོས་པ།

    ★ ཟླ་7ཚེས་9ཉིན། རྒྱལ་དམངས་གསར་བརྗེའི་དམག་གིས་ཀོང་ཀྲོའུ་རུ་བྱང་འདུལ་དཔུང་འཇུག་གི་དམ་བཅའ་བཞག་པ།

    ★ ཟླ་8ཚེས་4ཉིན། ལྐོག་ཟ་ངན་རུལ་པ་མཐའ་གཅིག་ཏུ་གཙང་སེལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཁྱབ་བཏང་བ།

    ★ ཟླ་བཅུ་པ་ནས་ཕྱི་ལོའི་ཟླ་3པ་བར། ཀྲུང་གུང་ཀྲུང་དབྱང་དང་ཧྲང་ཧའེ་ཆུས་ཨུད་ཀྱིས་ཧྲང་ཧའེ་ཡི་བཟོ་པ་སྒྲིག་འཛུགས་བྱས་ནས་དྲག་པོའི་འོས་ལངས་ཐེངས་གསུམ་བསྟུད་མ་བྱས་པ།

    ★ 1927ལོའི་ཟླ་3ཚེས་21ཉིན། དྲག་པོའི་འོས་ལངས་ཐེངས་གསུམ་པ་དེ་ཁྲེང་ཏུའུ་ཤིའུ་དང་། ལུའོ་དབྱི་ནུང་། ཀྲའོ་ཧྲི་ཡན། ཀྲའོ་ཨེན་ལའེ་སོགས་ལས་གྲུབ་པའི་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག(ཀྲའོ་ཨེན་ལའེ་ཡིས་འོས་ལངས་སྤྱི་ཁྱབ་བཀོད་འདོམས་པ་གནང་བ)རྒྱལ་ཁ་ཐོབ་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།