དབུ་ཤོག>ཆེད་སྒྲིག
  • སྣང་རྫོང་གི་མཛེས་སྡུག་ལྡན་པའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-15

    སྣང་རྫོང་དུ་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་ལས་དོན་ལ་ཁས་ལེན་གནང་བ་དང་ཁོང་གིས“ཁྱེད་ཚོས་ཏང་གི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་བཏང་མེད་པ་དང་། ཧྥུའུ་ཅན་མི་དམངས་དང་བོད་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མ་བཏང་བར་སྤྱིར་བཏང་གི་མིས་བསམ་ཚོད་དཀའ་བའི་དཀའ་ངལ་ཁྱད་དུ་བསད་ནས་རང་ཉིད་ཀྱི་འབད་བརྩོན་ཆེ་ཤོས་བྱས་ཡོད”ཁྱེད་ཚོས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། ད་དུང་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་སྲོལ་བཟང་དར་སྤེལ་བཏང་སྟེ་མི་རྣམས་དཀའ་ཚེགས་ཆེ་བའི་ས་ཆར་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྐུལ་མ་བཏང་ཡོད”ཅེས་གསུངས་པ་དང་། ཁོང་གིས་ཁ་གཏད་བོད་སྐྱོར་ལས་དོན་ཁག་གཉིས་པ་བཀོད་སྒྲིག་གནང་སྐབས་བོད་སྐྱོར་ལས་བྱེད་པར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། མཐུན་སྒྲིལ་མཉམ་ལས་བྱེད་པ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ལེའུ་གསར་པ་ཞིག་རྩོམ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    རིག་གནས་ཀྱི་གནས་མཆོག་ལ་སྐྱེ་སྟོབས་གསར་པ་རྒྱས་པ།

    སྣང་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལྷོ་ནུབ་ངོས་སུ་གནས་པ་དང་། དེ་གར་རིག་གནས་ཀྱི་སྙིང་དོན་ཟབ་མོ་ལྡན། ཟླ་4ཚེས་15ཉིན་གསར་འགོད་པ་སྤྲིན་སྨུག་འཁྲིགས་པའི་ཉིང་ཁྲི་གྲོང་ཁྱེར་ནས་རྡོག་ཐོན་བྱས་ཏེ་རྒྱལ་ལམ་219བརྒྱུད་རྒྱལ་ལམ་560བར་གྱི་ལམ་ཧྲིལ་པོ་སྣུམ་ནག་ལམ་ཡིན་པ་དང་། ལམ་རྒྱུད་ཀྱི་ཡུལ་ལྗོངས་ནི་རི་མོ་བྲིས་པ་ལྟར་མཛེས་པ་དང་། རི་ཚོགས་མུ་ཁྱུད་དུ་ཆགས་པ། ཐང་ཤིང་སྔོ་ཐིང་ངེར་སྐྱེས་པ། སྤྲིན་སྨུག་མཁའ་ལ་འཕྱུར་བ་ལ་སོགས་མདོར་ན་སུམ་རྩེན་གནས་ལྟར་གྱི་རྫོང་གྲོང་དེར་སླེབས་སྐབས“རིག་གནས་སྣང་རྫོང་དང་གནས་མཆོག་ཡུལ་གྲུ”ཞེས་པའི་སྦྱར་ཡིག་དམར་པོ་ཧ་ཅང་ཆེན་པོ་ཞིག་མིག་ལམ་དུ་འཆར་བ་དང་། མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁུལ་གྱི་རྣམ་པ་དང་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་སྣུམ་ནག་ཁྲོམ་ལམ་གང་སར་སྣོལ་མར་ཆགས་པ། ཁང་པ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོའི་ངང་ཆགས་པ་བཅས་རེད།

    ས་གནས་དེ་གའི་མང་ཚོགས་ཀྱིས་བཤད་པ་ལྟར་ན། དེ་ནི་གྲོང་ཁྱེར་གྱི་གཞུང་ལམ་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་རྗེས་ཀྱི་གྲོང་ཁུལ་ཆུང་ངུར་འགྱུར་ལྡོག་ཆེན་པོ་བྱུང་བ་ཞིག་ཡིན་པ་དང་། ལོ་ཤས་གོང་གི་སྣང་རྫོང་དུ་དེ་ལྟར་གཏན་ནས་མིན།

    “གྲོང་ཁུལ་གྱི་འགྲོ་ལམ་ཁོད་མི་སྙོམས་པ་དང་གང་སར་ཐལ་རྡུལ་དང་བ་ཕྱུགས་ཀྱི་ལྕི་བས་ཁེངས་ནས་མི་སེར་གྱི་འཚོ་བར་སྟབས་ཧ་ཅང་བདེ་པོ་མེད”ཅེས་སྣང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས། རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། རྫོང་སྲིད་གཞུང་གིས་2019ལོ་ནས་བཟུང་གྲོང་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་བྱས་པ་དང་། 2020ལོའི་ལོ་མཇུག་ཏུ་སྣང་རྫོང་གི་གྲོང་དོན་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་འདུ་འགོད་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པར། གཞུང་ལམ་ལེགས་སུ་གཏོང་བ་དང་། མཛེས་སུ་གཏོང་བ། སྔོ་འགྱུར་སོགས་ཚུད་ཡོད། ལས་གྲྭ་ལག་བསྟར་བྱས་རྗེས་གྲོང་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར།

    གྲོང་ཁུལ་གྱི་འགྱུར་ལྡོག་ཐད་ཁོར་ཡུག་གཙང་སྦྲའི་བཟོ་པར་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། “དེ་སྔ་ང་ཚོས་ཐོ་རེངས་ཆུ་ཚོད་5དང་ཕྱེད་ཀ་ཙམ་ནས་ལམ་ངོས་གཙང་སེལ་བྱེད་དགོས་པས་དཀའ་ངལ་ཆེན་པོ་ཡོད། གཞུང་ལམ་མཁྲེགས་འགྱུར་བྱས་རྗེས་ཆུ་ཚོད་8པར་གཞི་ནས་ལས་ཀར་ལོག་གི་ཡོད”ཅེས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ལྷག་པ་མཚམས་གཅོད་ཀྱིས་བབ་ཆགས་པའི་སྐད་ཆ་ནས་གྲོང་ཁྱེར་ཆུང་ཆུང་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ཕན་བདེའི་སྐོར་གླེང་།

    གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པའི་གནད་དོན་ཐག་གཅོད་བྱ་ཆེད། རྫོང་སྲིད་གཞུང་གིས་སྤེལ་རེས་ཚོགས་འདུ་ཐེངས་མང་འཚོགས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་གྱི“བདེ་འཇགས་འཐུང་ཆུ་དང་། ཆར་པ་དང་བཙོག་ཆུ་ཁག་དབྱེ། མི་ཕྱུགས་ལོགས་དབྱེ”བཅས་ཀྱི་སྔོན་ལ་ཁྱབ་པའི་རྩ་དོན་བཏོན་ནས་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་རོགས་རམ་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་བཏང་བ་རེད།

    ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་ཐུབ་པ།

    ཉེ་བའི་ལོ་ཤས་རིང་སྣང་རྫོང་གིས་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུར་བསྐྱོད།

    སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོ་ནི་སྔར་ནས་བཟུང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཞིང་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣར་བརྟེན་ནས་སྐད་གྲགས་ཆོད་པ་ཞིག་ཡིན་པ་དང་། ད་ཆ་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ་དང་ཀུ་ཤུའི་ལྡུམ་རར་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།

    ཉེ་བའི་ལོ་ཤས་རིང་གྲོང་ཚོས་སྟར་སྡོང་དང་ཀུ་ཤུའི་འདེབས་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་མ་ཟད། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་བརྒྱུད་ཕྱིར་ཚོང་བྱས་པས་སྟར་སྡོང་དང་ཀུ་སྡོང་འཁྲུངས་ཁང་གྲོང་ཚོའི་དཔག་བསམ་ལྗོན་ཤིང་ལྟ་བུར་གྱུར་ཡོད། ཁེ་ཕན་ཐོབ་པའི་གྲོང་མི་ཚོས་ད་དུང་ཉེ་འཁོར་གྱི་གྲོང་ཚོ་དང་མཉམ་འབྲེལ་བྱས་ཏེ་ཕག་གསོ་ར་བ་དང་གཟན་ཆག་ལས་སྣོན་བཟོ་གྲྭ་བཙུགས་ནས“མི་ཚང་མས་གསོ་ཚགས་བྱེད་པ་དང་ཁྱིམ་ཚང་ཚང་མས་ཐོན་ལས་གཉེར་བའི”དར་སྲོལ་རིམ་གྱིས་ཆགས།

    ལ་ཐོག་ཤང་རྩ་གྲོང་ཚོའི་ལྷོ་ནུབ་ཀྱི་སྤྱི་ལེ་49ཙམ་གྱི་སར་རི་རྒོད་ཅིག་ཡོད་པ་དེར་ད་ཆ་སྨན་རི་ཞེས་པའི་མིང་ཡག་པོ་ཞིག་བཏགས་དོན་ནི་དེ་གར་མི་རྣམས་དགའ་འོས་པའི་ཐོན་ལས་བོད་སྨན་སྨན་རྒྱུ་འདེབས་ཡུལ་ཡིན་པས་རེད།

    གྲོང་ཚོ་དབུལ་པོས་ཐོན་ལས་གཉེར་བར་མ་དངུལ་གང་ནས་བྱུང་ངམ། གཏིང་ཟབ་པའི་ཟུར་ལུགས་བོད་ལུགས་གསོ་རིག་གི་རིག་གནས་དང་ཕུན་སུམ་ཚོགས་པའི་བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་ལ་བརྟེན་ནས་ཧུའེ་ཀྲོའུ་ཡི་བོད་སྐྱོར་ལས་བྱེད་པས་དུས་ཐོག་ཏུ་རོགས་སྐྱོར་བྱས་ཏེ་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་800བཏང་ནས་བ་མ་ལུ་ལུ་སོགས་མུའུ་300ཙམ་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་སྣ་ཁ་6བཏབ་པ་དང་འབྲེལ་བདུད་རྩི་ཚོགས་པ་དང་ཆེས་བྲིན་བོད་སྨན་དང་མཉམ་ལས་འདོད་མཐུན་བཞག་སྟེ་བོད་སྨན་གྱི་སྨན་རྒྱུ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། 2021ལོའི་ལོ་མཇུག་ཏུ་རྣམ་གྲངས་དེ་ཁོ་ནར་ཁེ་སྤོགས་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད།

    “ཟུར་མཁར་སྲོལ་རྒྱུན་བོད་སྨན་ལས་སྣོན་ཁང་དུ་ཕེབས་པར་དགའ་བསུ་ཞུ། ང་ཚོས་སྐུ་ཉིད་གནའ་བོའི་སྤོས་ཀྱི་ལག་རྩལ་ལ་མྱོང་རོལ་བྱེད་དུ་འཇུག་གི་ཡིན”“ལ་ཐོག་ཟུར་མཁར”ཁྱུག་དབྱིངས་ཐད་གཏོང་ཁང་དུ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་པད་མ་ཆོས་འཛོམས་ཀྱིས་དེ་ལྟར་བཤད་དེ་ཐད་གཏོང་ཟོག་ཚོང་བྱེད་འགོ་ཚུགས། ཁོང་གིས་བོད་སྨན་བཟོ་བའི་ལས་རིམ་ངོ་སྤྲོད་བྱེད་བཞིན་དུ་དྲ་ཐོག་ནས་སྤེལ་རེས་བྱས་ཏེ། “སྨན་འདིར་བོད་སྨན་རིགས་37འདུས་ཡོད་པར་སྙིང་ཁམས་བདེ་བ་དང་གཉིད་ཁུག་བདེ་བ་སོགས་ཀྱི་ཕན་ནུས་ཡོད། དགོས་མཁོ་ཡོད་མཁན་ཚོས་ང་དང་འབྲེལ་གཏུག་གནང་རོགས”ཞེས་ཐད་གཏོང་བྱེད་ཐེངས་གཅིག་ལ་ཉུང་ན་སྒོར་བརྒྱ་ཕྲག་དང་མང་ན་སྒོར་ཆིག་སྟོང་ཟིན་པའི་མངགས་ཐོ་འབྱོར་གྱི་ཡོད། 2021ལོར་རྩ་གྲོང་ཚོའི་བོད་སྨན་བཟོ་གྲྭའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་91ལྷག་ཙམ་ཟིན་ཡོད།

    མཐའ་མཚམས་གྲོང་རྡལ་ཆུང་ངུར་ཤེས་དཔལ་གྱི་སྲོལ་གསར་དར།

    སྣང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་གཞུང་དུ་སྐྱོད་སྐབས། གད་སྙིགས་མེད་དོན་གང་ཡིན་ནམ། གྲོང་མདའ་གྲོང་རྡལ་གྱི་གད་སྙིགས་བརྗེ་ས་ཞིག་ཏུ་གསར་འགོད་པས་དེའི་དོན་ཤེས།

    གྲོང་མདའ་གྲོང་རྡལ་གྲོང་མདའ་གྲོང་ཚོའི་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས་ཟོག་སྒྲོམ་སྟེང་གི་ཅང་ཡིའུ་དང་། འདག་རྫས། གློག་རྡིག་སོགས་རྒྱུན་སྤྱོད་མཁོ་ཆས་སྣ་ཚོགས་གསར་འགོད་པར་དོ་སྣང་བྱུང་བ་དང་། གྱང་སྟེང་གི་གད་སྙིགས་བརྗེ་བའི་ཞིབ་ཕྲའི་རེའུ་མིག་ནང་སྐར་གསོག་སྒྲིག་ལམ་གསལ་པོ་བཀོད་ཡོད།

    གྲོང་མི་མིག་དམར་ནི་སྒོ་རྩིས་ཚོང་ཁང་གི“སྐུ་མགྲོན་རྙིང་པ”ཞིག་རེད། ཁོང་གིས་ལོ་གསར་གཏོང་རིང་བསགས་པའི་ལྕགས་ཀྲིན་དང་འཐུང་ཆུའི་ཤེལ་དམ་ལས་སྐར་མ་བསགས་པར་སྒོར་150རི་བའི་འཕྲོད་བསྟེན་ཤོག་བུ་དང་འགྱིག་རས་ཁ་ཤས་རག་པ་རེད། “མིག་སྔར་ངས་སྐར་མ་1500ལྷག་ཙམ་བསགས་ནས་བཙའ་མི་རྒྱག་པའི་ཆུ་དམ་དང་སོ་སྨན་སོགས་འཚོ་བའི་མཁོ་ཆས་སྔ་རྗེས་སུ་བརྗེ་མྱོང་ཡོད”མིག་དམར་གྱིས་གསར་འགོད་པར་གད་སྙིགས་བརྗེ་བས་གྲོང་མིའི་ཐོབ་སྣང་ཆེ་རུ་ཕྱིན་པ་མ་ཟད། ཚང་མ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཧུར་ཐག་ཞུགས་ཡོད་ཅེས་བཤད།

    གྲོང་མདའ་གྲོང་ཚོའི་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་བཙུགས་ནས་ལོ་གསུམ་སོང་རིང་རིམ་རྩིས་བྱས་ན་སྐར་མ་ཁྲི་6ལྷག་ཙམ་བསགས་ནས་ཚོང་ཟོག་700ལྷག་ཙམ་བརྗེས་ཡོད་པ་རེད། “གད་སྙིགས་གཙང་སེལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག གད་སྙིགས་རིགས་དབྱེའི་འདུ་ཤེས་མི་སེམས་ལ་སྔར་བས་ཟུག་སྟེ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད” གྲོང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བསོད་ནམས་དོན་གྲུབ་ཀྱི་སྐད་ཆ་ལས་གད་སྙིགས་བརྗེ་བའི་དོན་སྙིང་ནི་ཡུལ་སྲོལ་ཡ་རབས་ཀྱི་འཚོ་བའི་འདུ་ཤེས་སྐྱེད་སྲིང་བྱེད་ཐབས་ཤིག་ཡིན་པ་ཤེས་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རིགས་ས་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་ནི་སློབ་གསོར་རྟེན་དགོས་ཞེས་གསུངས་པ་དང་། སྣང་རྫོང་གི་མང་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་སློབ་གསོར་ཡང་གོ་བ་ལེན་སྟངས་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།

    “ཉེ་བའི་ལོ་ཤས་རིང་མི་སེར་གྱི་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ལ་ཐོག་ཤང་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་གོ་ལེའང་གིས་བཤད་པ་དང་། རེས་གཟའ་པ་སངས་ཀྱི་ཕྱི་དྲོ་འཆར་རིམ་བཞིན་སློབ་གྲྭའི་སྒོ་འགྲམ་དུ་རླངས་འཁོར་མང་པོ་ཡོང་ནས་ཁྱིམ་བདག་གིས་ཕྲུ་གུ་ཁྱིམ་དུ་ཁྲིད་དེ་འཚོ་བཅུད་ཁ་སྣོན་བྱེད་པ་དང་རེས་གཟའ་ཉི་མར་ཚུར་སྐྱེལ་གྱི་ཡོད།

    སྣང་རྫོང་གི་ད་ལྟའི་སློབ་གསོའི་སྤུས་ཚད་ཧ་ཅང་ཡག་ཏུ་ཕྱིན་ནས་འབྲིང་རྒྱུགས་སྐབས་བོད་ལྗོངས་འཛིན་གྲྭ་ཁོ་ནར་ལོན་ཚད་39.6%ནས་67.61%བར་འཕར་ཏེ་ཉེ་བའི་ལོ་ལྔའི་རིང་གི་ཟིན་ཐོ་མཐོ་ཤོས་བཏོད་ནས་ཉིང་ཁྲིའི་རྫོང་དང་ཆུས་ཁག་གི་ཨང་བདུན་པ་ནས་ཨང་བཞི་པར་སླེབས་ཡོད།

    སྣང་རྫོང་གི་འཕེལ་རྒྱས་ནི་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་དང་ཆུས་འཛུགས་སྐྲུན་འཕེལ་རིམ་གྱི་བསྡུས་རིས་ཤིག་རེད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མཐའ་མཚམས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། དམག་གྲབས་དང་དམངས་བདེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་མཐའ་སྲུང་བདེ་འཇགས་བརྟན་ལྷིང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་མི་སེར་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་རུ་སྣེ་འཁྲིད་མཁན་ཞིག་ཧུར་ཐག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།