དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-27

    1995ལོ།

    ★ ཟླ་1ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཀྲམ་པ། 2004ལོའི་ཟླ་9ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག》བཀྲམ་པ།

    ★ ཟླ་1ཚེས་30ཉིན། ཅང་ཙེ་མིན་གྱིས《མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་གྲུབ་བྱེད་པར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས》ཞེས་པའི་གསུང་བཤད་ནང་ད་ལྟའི་དུས་མཚམས་སུ་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་དགོངས་ཚུལ་ཁག་བརྒྱད་བཏོན་གནང་ཡོད།

    ★ ཟླ་2ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》བཀྲམ་པ། 2002ལོའི་ཟླ་7་ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་སྲོལ་ཡིག》བཀྲམ་པ།

    ★ ཟླ་3ཚེས་18ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ།

    ★ ཟླ་5ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཚན་རིག་ལག་རྩལ་ཡར་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ནས་ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད།

    ★ ཟླ་6པར། 《མར་ཁེ་སེ་དང་ཨེན་ཀེ་སིའི་གསུང་རྩོམ་ཕྱོགས་བསྒྲིགས》རྒྱ་ཡིག་པར་ཐེངས་གཉིས་པ་ཁག་བགོས་དཔེ་སྐྲུན་བྱེད་འགོ་ཚུགས་པ།

    ★ ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་དགུ་པའི”འཆར་འགོད་དང་2010ལོའི་ཕུགས་ཀྱི་དམིགས་ཚད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོར》གྲོས་འཆམ་བྱུང་བ། ★ ཟླ་11ཚེས་29ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་གསེར་བུམ་དཀྲུགས་ནས་ངོས་འཛིན་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུ་རྒྱུར་དམིགས་བསལ་ཆོག་མཆན་གནང་བ།

    ★ ཟླ་12པར། ཀྲུང་དབྱང་དམག་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག《“ལོ་ལྔ་ཚན་དགུ་པའི”རིང་གི་དམག་དཔུང་འཛུགས་སྐྱོང་གི་འཆར་འགོད་རྩ་གནད》ལ་གྲོས་འཆམ་བྱུང་ནས་ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ལུགས་བཏོན་པ།

    ★ ལོ་དེར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་61340ཟིན་པ་དང་། སྔོན་གཏན་འཁེལ་བའི་2000ལོར་1980ལོ་ལས་ལྡབ་གཉིས་འཕར་བའི་དམིགས་ཚད་ལོ་5ཡི་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། 1997ལོར་ཡང་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་གཉིས་འཕར་བའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།