1993ལོ།
★ ཟླ་1ཚེས་13ནས་19ཉིན་བར། ཀྲུང་དབྱང་དམག་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུར་དུས་སྐབས་གསར་པར་འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་གཏན་འབེབས་བྱས་ཏེ། དམག་དོན་འཐབ་རྩོད་བྱེད་པའི་གྲ་སྒྲིག་གི་གཞི་རྩ་དེང་རབས་ལག་རྩལ་དང་ལྷག་པར་དུ་ལག་རྩལ་མཐོ་བའི་ཆ་རྐྱེན་འོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཐད་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།
★ ཟླ་2ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་རྩ་གནད》བཀྲམ་སྟེ། དུས་རབས་20པའི་དུས་མཇུག་ཏུ་སླེབས་དུས། རང་རྒྱལ་གྱིས་ལོ་དགུའི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བཏང་ཚར་བ་དང་། གཞོན་ནུ་དང་དར་མའི་ཡིག་རྨོངས་གཞི་རྩའི་ཆ་ནས་སེལ་དགོས་པ་བཏོན་ཡོད།
★ ཟླ་3ཚེས་14ནས་27ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུར་ལི་རུའེ་ཧོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་པ་རེད།
★ ཟླ་3ཚེས་15ནས་31ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་འཆར་ཟིན》ལ་གྲོས་འཆམ་བྱུང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》དང་། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས>སྐོར་གྱི་གཏན་འབེབས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》བཅས་ལ་གྲོས་འཆམ་བྱུང་བ་རེད།
★ ཟླ་4ཚེས་27ནས་29ཉིན་བར། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དབང་ཏའོ་ཧན་དང་ཐའེ་དབན་མཚོ་འགག་སྤེལ་རེས་ཐེབས་རྩ་ལྷན་ཚོགས་ཀྱི་ཏུང་ཧྲི་ཀྲང་ཀུའུ་ཀྲིན་ཧྥུ་གཉིས་ཀྱིས་སིང་ཀ་ཕོར་གྲོས་མོལ་གནང་བ་དང་འབྲེལ《དབང་ཀུའུ་གྲོས་མོལ་གྱི་ཐུན་མོང་གྲོས་ཆོད》སོགས་གྲོས་ཆོད་དོན་ཚན་བཞིར་མིང་རྟགས་བཀོད་པ་རེད།
★ ཟླ་7ཚེས་15ཉིན། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས《མཐོ་རིམ་སློབ་གྲྭ་དང་གཙོ་གནད་རིག་ཚན་སློབ་སྦྱོང་བྱེད་ས་ཁག་གཅིག་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་དང་། དུས་རབས་21པར་ཕྱོགས་པའི་གཙོ་གནད་མཐོ་རིམ་སློབ་གྲྭ་100ཙམ་དང་གཙོ་གནད་རིག་ཚན་སློབ་སྦྱོང་བྱེད་ས་ཁག་གཅིག་བསྐྲུན་རྒྱུའི་འཆར་གཞི་བཏོན་པར། “211འདུ་འགོད”ཅེས་ཟེར། 1998ལོའི་ཟླ་5པར། ཅང་ཙེ་མིན་གྱིས་རང་རྒྱལ་ལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་སློབ་ཆེན་རྩེ་གྲ་འགའ་ཞིག་གཏོད་དགོས་ལུགས་བཏོན་གནང་ཡོད། 1999ལོའི་ཟླ་1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་པུའུ་ལ《དུས་རབས་21པར་ཁ་ཕྱོགས་པའི་སློབ་གསོ་དར་རྒྱས་བྱ་སྤྱོད་ཀྱི་འཆར་གཞི》སྤེལ་རྒྱུའི་ཆོག་མཆན་སྤྲད་པ་དང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་སློབ་ཆེན་རྩེ་གྲ་ཁག་གཅིག་དང་རིག་ཚན་རྩེ་གྲ་ཁག་གཅིག་གཉེར་དགོས་ལུགས་བཏོན་པར། “985འདུ་འགོད”ཅེས་ཟེར།
★ ཟླ་8ཚེས་21ཉིན། ཅང་ཙེ་མིན་གྱིས་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་རུལ་སུངས་ལ་ཆད་པ་གཅོད་པ་བརྒྱུད་རིམ་ལྡན་པའི་བྱ་བ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་དགོས་ཞེས་གསུངས་པ་རེད།
★ ཟླ་10པར། 《ཏེང་ཞའོ་ཕིང་གི་གསུང་རྩོམ་གཅེས་བཏུས》དེབ་གསུམ་པ་དཔེ་སྐྲུན་བྱས།
★ ཟླ་11ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དེང་རབས་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》བཀྲམ་ནས། སྔོན་ནས་གཏན་འཁེལ་བའི་རྨོ་ཞིང་འགན་གཙང་ལེན་པའི་དུས་ཡུན་ཐིམ་རྗེས་སླར་ཡང་ལོ་30ནར་འགྱངས་བྱེད་རྒྱུ་ཡིན་པ་བཏོན་པ་རེད།
★ ཟླ་11ཚེས་7ཉིན། ཅང་ཙེ་མིན་གྱིས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུར་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས་ཞེས་གསུངས།
★ ཟླ་11ཚེས་11ནས་14ཉིན་བར། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ལ《སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད།
★ ཟླ་11ཚེས་20ཉིན། ཅང་ཙེ་མིན་ཨ་རིའི་ཞི་ཡ་ཐུར་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
★ ཟླ་12པའི་ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁྲལ་བགོ་ལམ་ལུགས་ཀྱི་ནོར་སྲིད་དོ་དམ་སྒྲིག་སྲོལ་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་རེད།
★ ཟླ་12ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་རེད།
★ ཟླ་12ཚེས་26ཉིན། མའོ་ཙེ་ཏུང་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད།
(རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)
(མུ་མཐུད་འགོད་རྒྱུ)