དབུ་ཤོག>ཆེད་སྒྲིག
  • དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་རོལ་དབྱངས་དཀྲོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-06-20

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས་ཁྲུང་ཆིང་གི་སྒྱུར་བཅོས་དང་འཕེལ་རྒྱས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་འོག་ཁྲུང་ཆིང་གིས་སྐམ་སའི་དབུས་ཁུལ་དུ་སྒོ་དབྱེའི་མཐོ་ས་དང་རི་སྔོན་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་སྐྲུན་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤུས་ཀ་དག་པའི་འཚོ་བ་བཏོད་དེ་རྣམ་པ་གསར་རྐྱང་གི་ཐོག་ནས་དཔའ་ངར་ཆེར་སྐྱེད་ཀྱིས་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད།

    “བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”

    ཝུའུ་ལིན་རི་ཁུལ་དུ་གནས་པའི་ཁྲུང་ཆིང་གྲོང་ཁྱེར་ཧྲེ་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་གི་རི་བོ་མཐོ་ལ་གྲོག་རོང་གཡང་གཟར་བ་དང་ས་རྒྱུ་ཞན་པས་དེ་སྔ་ཁྲུང་ཆིང་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་18ཀྱི་གྲས་ཤིག་རེད།

    2019ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རི་ཁུལ་གྱི་ཀྲུང་དབྱི་ཤང་ཧྭ་ཤིས་གྲོང་ཚོར་ཕེབས་ནས་ས་གནས་ས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དབུལ་སྒྲོལ་དུད་ཚང་མཱ་ཕེ་ཆིང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་མཛོད་ལ་གཟིགས་པ་དང་ཐབ་ཚང་དུ་ཕེབས་ནས་འཚོ་བ་དང་ཡོང་འབབ་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། སྒོ་རའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་གྲོང་མིའི་འཐུས་མི་དང་གཞི་རིམ་ལས་བྱེད་པ་སོགས་དང་ལྷན་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་རེད།

    དེ་རྗེས་ཁྲུང་ཆིང་དུ་གཙོ་སྐྱོང་གནང་ནས་འཚོགས་པའི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་པས་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་དཔའ་ངར་ཞུམ་མེད་ཀྱིས་དམག་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་དམག་མཚམས་འཇོག་མི་རུང་བའི་འབོད་སྐུལ་གནང་བ་རེད།

    མཱ་ཕེ་ཆིང་གིས“སྤྱི་ཁྱབ་ཧྲུའུ་ཅིས‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་དོན་འཁྱོལ་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས། ང་ཚོར་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཡིན་པས། ཡུལ་མི་ཚོས་མཉམ་དུ་འབད་བརྩོན་བྱས་ནས་མདུན་ཕྱོགས་སུ་ཧུར་ཐག་སྐྱོད་དགོས་པའི་མངགས་བཅོལ་གནང་བྱུང”ཞེས་གསར་འགོད་པར་བཤད། སྔོན་ཆད་ནང་མི་ཚང་མ“བྱ་ཚང་ལྟ་བུའི”སྡོད་ཁང་གོག་ཧྲུལ་དུ་སྡོད་པ་དང་གནམ་ཆུ་བསྒུགས་ནས་འཚོ་ཐབས་བྱེད་དགོས། ལོ་འདི་དག་རིང་དབུལ་སྒྲོལ་བྱུང་བ་མ་ཟད། ད་དུང་སྒོ་འགྲམ་དུ་ཡུལ་སྐོར་ལས་རིགས་གཉེར་ནས་ཡོང་འབབ་བརྟན་པོ་ཡོད་པས། འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་བརྒྱུད་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལམ་དུ་ཁྲུང་ཆིང་གིས་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ཆད་་པར་བྱས་ཡོད། 2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་190.6ཚང་མ་དབུལ་སྒྲོལ་ཐུབ་པ་དང་ཆུས་དང་རྫོང་དབུལ་པོ་18ཚང་མའི་དབུལ་ཞྭ་འཕུད་ཐུབ་ཡོད།

    2016ལོའི་ཟླ་1པོར་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གསར་པའི་དུས་གཅིག་ཏུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉམས་ཞན་ཁྱབ་ཁོངས་ལ་ཤུགས་སྣོན་རྒྱག་རིང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་དང་དོ་སྙོམས་འཕེལ་རྒྱས་ཀྱི་གྲུབ་ཆ་ཆགས་པར་བྱས་ནས། འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    2019ལོའི་ཟླ་4པར་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲུང་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དར་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། བྱས་རྗེས་ཧུར་ཐག་འཇོག་པ། མུ་མཐུད་འབད་འཐབ་བཅས་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པ་དམ་འཛིན་བྱ་གཞིར་བྱས་ནས། དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་བ། “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤྱི་ལེ་ཁྲི་8.7བསྐྲུན་པ། གྲོང་གསེབ་ཏུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་84%ཟིན་པ། མཉམ་སྡེབ་དཔལ་འབྱོར་གྱི“ཁོག་སྟོང་གྲོང་ཚོ”གཞི་རྩའི་ཆ་ནས་མེད་པར་བཟོས་པ། 2021ལོར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10.6%འཕར་ཡོད།

    “ས་ཁོངས་གཅིག་འཆར་འགོད་དང་ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་བས་སྣང་ཆེན་བྱེད་དགོས”

    2016ལོའི་ཟླ་1པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོ་ཡོན་གྲུ་ཁར་ཕེབས་ནས་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ཏེ། སྒྲིག་ཆས་རྩེ་གྲ་དང་། ལག་རྩལ་རྩེ་གྲ དོ་དམ་རྩེ་གྲ ཞབས་འདེགས་རྩེ་གྲ་བཅས་ལ་བརྟེན་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་བ། ནུབ་རྒྱུད་ཐོན་འབྱེད་ཆེན་པོར་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་དེ་དག་རིང་ང་ཚོས་ནུས་ཤུགས་ཡོད་རྒུས་འབྱུང་འཕྲོད་རིག་ནུས་གྲུ་ཁ་སྐྲུན་པ་དང་། སྣ་མང་མཉམ་འདྲེན་འཐུས་སྒོ་ཚང་དུ་གཏོང་བ། འགག་སྒོའི་ནུས་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཀོ་ཡོན་གྲུ་ཁ་སྲོལ་རྒྱུན་གྱི་མངའ་ཁོངས་གཙང་པོའི་གྲུ་ཁ་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་གོ་ལ་ཧྲིལ་པོ་སྦྲེལ་མཐུད་བྱེད་པའི‘བར་བརྒྱུད་ས་ཚིགས’སུ་རིམ་པ་སྤར་ཡོད”ཅེས་ཁྲུང་ཆིང་ཀོ་ཡོན་གྲུ་ཁའི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཉིའུ་ཤན་ཏན་གྱིས་བཤད།

    2019ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། ཁྲུང་ཆིང་གིས་ས་ཁོངས་གཅིག་འཆར་འགོད་དང་ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་བས་སྣང་ཆེན་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོར་སྐུལ་འདེད་གཏོང་བར་འདེགས་སྐྱོར་གྱི་ནུས་པ་འདོན་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་ནུས་པ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཉེ་བའི་ལོ་5ཡི་རིང་། ཁྲུང་ཆིང་གིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་517ཟིན་པ་དང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ནས་ཁྲུང་ཆིང་དུ་312ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག 2020ལོའི་ཚུན་དུ། ཁྲུང་ཆིང་དང་སི་ཁྲོན་གྱིས་མཉམ་དུ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་སྐྲུན་བཞིན་ཡོད། མིག་སྔར་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་མཉམ་དུ་ལག་བསྟར་བྱས་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་བར་ཁྱམས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གསར་པ་དང་། དེ་བཞིན་རིག་ནུས་དྲ་སྦྲེལ་རླངས་འཁོར། གློག་རྡུལ་ཆ་འཕྲིན་སོགས་འཛམ་གླིང་རིམ་པའི་ཐོན་ལས་ཚོགས་པ་མཉམ་དུ་བཏོད་ཡོད། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོར་འདེགས་སྐྱོར་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།

    “འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྐྱེ་ཁམས་ལ་ཐུགས་བསམ་བཞེས་ནས་ཁྲུང་ཆིང་དུ་རྟོག་ཞིབ་གནང་རིང་། “འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་དང་འབྲི་ཆུའི་མ་ཡུམ་གཙང་པོ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཁྲུང་ཆིང་གི་ཕུགས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད” “སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་དགོས”ཞེས་གསུངས་པ་རེད།

    ཁྲུང་ཆིང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་མཐའ་མའི་འགག་སྒོ་ཡིན་པས། “ཆུ་དྭངས་མ་དང་། སྔོ་ལྗང་གི་ངོགས་གཉིས”སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཁྲུང་ཆིང་གིས“སྟོད་རྒྱུད་ཀྱི་འགན་འཁྲི”འཁུར་བའི་ལྡོག་མེད་བླང་བྱ་ཞིག་རེད་ལ། རང་ངོས་འཕེལ་རྒྱས་ཀྱི་མངོན་མེད་ཀྱི་སྟོབས་ཤུགས་གནས་ས་ཞིག་ཀྱང་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས། “‘དགུང་སྔོན་དང་། ཆུ་དྭངས། དབེན་འཇམ། སྤང་ལྗོངས། ཞིང་ར’བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་བྱུང་མ་རྩ་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་སྟེ། ཁྲུང་ཆིང་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་གནས་ཤིག་ཏུ་འགྱུར་བར་བྱེད་དགོས”ཞེས་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་བེད་མེད་གཏེར་རིའི་སྣོད་བཅུད་སླར་གསོ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་བཅོས་སྒྲིག་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་2200ཡན་ཟིན་ཡོད། འབྲི་ཆུ་དང་། ཅ་ལིན་གཙང་པོ། ཝུའུ་ཅང་གཙང་པོའི་ཁྲུང་ཆིང་དུམ་བུའི་བཙོག་འབུད་བྱ་ཡུལ་3400ལྷག་ཙམ་བཅོས་སྒྲིག་བྱས་པ་དང་། 2021ལོར་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་326ཟིན་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་པའི་ཁུལ་74ཡི་ཆུ་སྤུས་ལེགས་ཚད་98.6%ཟིན་པ། གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁྱབ་ཚད་54.5%ཟིན་ཡོད།

    འདི་ལོ་ཁྲུང་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས“ཆུ་བཅོས”ཕན་འབྲས་སྔར་བས་བརྟན་དུ་བཏང་སྟེ། ཆུ་ཁོངས་མང་པོར“སྔོ་ཞིང་དྭངས་བའི་ཆུ་བོའི”མཛེས་ལྗོངས་ཡང་བསྐྱར་མངོན་པ་དང་། སྤུས་ཚད་མཐོར་གཏོང་གིས“ངོགས་གཉིས་ཀྱི་སྔོ་ལྗང་དང་། ལེ་དབར་སྟོང་གི་ནགས་ཚལ”སྐྲུན་དགོས། ལོ་10ཡི་དུས་ཡུན་སྤྱད་དེ་ནགས་ཚལ་མུའུ་ཁྲི་315སྐྲུན་པ་དང་། ཡུལ་བབ་དང་བསྟུན་ཏེ་རི་ཁུལ་གྱི་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་བྱས་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་ས་ཆའི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།