དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-06-16

    ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་རྗེས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་དུས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བར་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། 《གྲོས་ཆོད》ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་དུས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཡོད། བརྡར་ཤ་གལ་ཆེན་འདིར་གཙོ་བོ་གཤམ་གསལ་གྱི་ཕྱོགས་གསུམ་ནས་གོ་བ་ཟབ་མོ་ལེན་ཆོག་པ་སྟེ།

    དང་པོ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རིམ་གསར་པའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་བཏང་ཡོད། དུས་རབས་གསར་པ་དང་དུས་མཚམས་གསར་པར་སླེབས་རྗེས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བ་དང་། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་སྔར་ན་མེད་པའི་ཛ་དྲག་ཏུ་གྱུར་ཡོད། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བར་དམིགས་ཏེ་ཏང་གི་ཚོགས་ཆེན་བཅུ་དྲུག་པས་དུས་རབས་21པའི་དུས་འགོའི་ལོ་20ནི་རང་རྒྱལ་གྱི་ངོས་ནས་བརྗོད་ན་ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་དགོས་པ་མ་ཟད། གྲུབ་འབྲས་ཆེན་པོ་ཐོབ་ངེས་པའི་འཐབ་ཇུས་གོ་སྐབས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་པའི་བརྡར་ཤ་གལ་ཆེན་བཅད་ཡོད། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་གཏོང་བ། མི་གཙོ་བོར་འཛིན་པ་དང་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་ཧུར་ཐག་གཏོང་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། ཞི་མཐུན་གྱི་འཛམ་གླིང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་འོད་སྟོང་འབར་བའི་གྲུབ་འབྲས་གསར་གཏོད་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    2002ལོ་ནས་2012ལོའི་བར། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་12.03ནས་སྒོར་དུང་ཕྱུར་ཁྲི་51.95བར་འཕར་བ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་དྲུག་པ་ནས་ཨང་གཉིས་པར་འཕར་ཡོད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་། དམངས་གཙོ་རྒྱུན་ཆད་མེད་པར་འཐུས་ཚང་། རིག་གནས་ཉིན་བཞིན་དར་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ་བྱུང་ཡོད།

    གཉིས་པ། མདུན་སྐྱོད་ལམ་བུའི་ཐོག་གི་འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གློ་བུར་དུ་བྱུང་བའི་དམིགས་བསལ་གློ་ཚད་ཀྱི་ནད་ཡམས་ལས་རྣམ་པར་རྒྱལ་བ་དང་། དབུན་ཁྲོན་གྱི་ས་ཡོམ་ཆེན་པོ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་ལས་རྣམ་པར་རྒྱལ་བ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ཆེན་པོ་བླངས་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་རབ་དང་རིམ་པ་ཐག་གཅོད་འོས་འཚམ་བཅས་བྱས་ཡོད། ཤུགས་དྲག་ཆེ་བའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་མདུན་དུ། ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། བློ་ཐག་ཆོད་པོས་ཇུས་ཐག་བཅད་ཅིང་། ཁ་གཏད་འཇལ་བའི་འཆར་གཞི་སྡེབ་་གཅིག་དངོས་སུ་བཏོན་པ་མ་ཟད། རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བས། འཛམ་གླིང་གི་སྔོན་དུ་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་བྱུང་ཡོད། པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་། དབང་སྐྱོན་ཨའོ་རྩལ་འགྲན་ཚོགས། ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་བཅས་ལེགས་གྲུབ་ལྡན་པའི་སྒོ་ནས་གཉེར་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་མངོན་འགྱུར་བྱས་ཡོད། དུས་སྐབས་དེའི་རིང་འཕྲལ་མཁོ་དང་དཀའ་གནད་ཆེ་བར་ཁ་གཏད་བཅག་པ་དང་། གནོད་འཚེ་ཆེན་པོ་དང་བར་ཆད་ཆེན་པོ་ལས་རྣམ་པར་རྒྱལ་བ། བཀྲ་ཤིས་པའི་དོན་ཆེན་སྒྲུབ་པ་བཅས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལམ་བུ་དང་གསོན་ཉམས་ལྡན་པའི་ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་དང་སྐྱེ་སྟོབས་ཧ་ཅང་ཆེན་པོ་གསལ་པོར་མཚོན་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད།

    གསུམ་པ། ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ། མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་གནས་ཚད་གསར་པ་བཏོད་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་བླང་བྱ་གསར་པར་གཞིགས་ནས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་ནང་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་བྱེད་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཕན་ཚུན་འབྲེལ་མཐུད་དམ་ཟབ་དང་མཐུན་སྦྱོར་བཟང་བའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་གྲུབ་ཡོད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་མར་ཁེ་སི་རིང་ལུགས་དེང་རབས་ཀྱི་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་ཐོན་དངོས་ཤིག་རེད། དུས་བབ་གསར་པའི་འོག་འཕེལ་རྒྱས་གང་འདྲ་ཞིག་ཡོང་བར་བྱེད་པ་དང་འཕེལ་རྒྱས་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་ལན་བཏབ་པས། ང་ཚོའི་ཏང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་སུ་བཅུག་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པས། ཏང་གི་མཛུབ་ཁྲིད་བསམ་བློ་སླར་ཡང་དུས་བསྟུན་མདུན་སྐྱོད་བྱུང་ཡོད།

    ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ལོ་10ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པའི་ལོ་10ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དང་། དཔལ་འབྱོར་སྟོབས་ཤུགས། ཚན་རྩལ་སྟོབས་ཤུགས་བཅས་སྐས་རིམ་མཐོ་པོ་ཞིག་ཏུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་། གྲོང་མིའི་ཡོང་འབབ་ཆུ་ཚད། སྤྱི་ཚོགས་འགན་སྲུང་ཆུ་ཚད་བཅས་སྐས་རིམ་མཐོ་པོ་ཞིག་ཏུ་སླེབས་པ། ཕྱོགས་བསྡུས་རྒྱལ་སྟོབས་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་སྐས་རིམ་མཐོ་པོ་ཞིག་ཏུ་སླེབས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་བཏོད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལེའུ་གསར་པ་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།