དབུ་ཤོག>ཆེད་སྒྲིག
  • ཧུའུ་ནན་ས་གཞིར་ལས་རིགས་འཕེལ་རྒྱས་བཟང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་​།   |     སྤེལ་དུས།  2022-06-15

    acd76227-d504-4f9b-bf36-8a2e5f870562.jpg.jpg

    2020ལོའི་ཟླ་5ཚེས་15ཉིན་ཧུའུ་ནན་ཤང་ཤིས་ཧྲེ་པཱ་ཏུང་གྲོང་ཚོའི་དབུལ་སྐྱོར་རུ་དཔོན་མཱ་ཧུའེ་ཧོང(གཡོན)དང་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཧྲི་ལིན་ཅའོ(དཀྱིལ)ཡིས་བརྙན་ལམ་ནས་ཡུལ་ཟོག་ངོ་སྤྲོད་བྱེད་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧུའུ་ནན་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཧུའུ་ནན་གྱི་འཕེལ་རྒྱས་ལ་དམིགས་ཚད་གསར་པ་གཏན་འཁེལ་དང་། ངེས་གནས་གསར་པ་གསལ་བཏོན། ལས་འགན་གསར་པ་དཀྲིས་པ་བཅས་གནང་ཡོད།

    ཧུའུ་ནན་ས་གཞིར་ལས་རིགས་འཕེལ་རྒྱས་བཟང་། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཧུའུ་ནན་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་ཧུའུ་ནན་གྱི་ས་གཞི་ཧྲིལ་པོར་ཐོན་ནས་བྱ་གཞག་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

    “དབུལ་སྒྲོལ་དང་དབུལ་ཞྭ་འབུད་རྒྱུ་ནི་མཇུག་འགྲིལ་བ་ཞིག་མ་ཡིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད”

    ཤང་ཤིས་ཀྱི་ཝུའུ་ལིན་རི་རྒྱུད་ཀྱི་ལྟེ་བར་གནས་པའི་ཧུའུ་ནན་ཞིང་ཆེན་ཧྭ་ཡོན་རྫོང་ཧྲེ་པཱ་ཏུང་གྲོང་ཚོ་ནི་མི་འབོར་མང་བ་དང་། ས་ཆ་སྐྱོ་བ། རི་བོ་མཐོ་བ། ལམ་གཟར་བ་བཅས་ཀྱི་ས་ཆ་ཞིག་ཡིན་པས་དབུལ་པོའི་གནད་དོན་ཡུན་རིང་ཐག་གཅོད་ཐུབ་མེད་ལ། དབུལ་སྒྲོལ་ཡོང་རེ་བྱེད་མཁན་ཧུའུ་ནན་གྱི་ས་ཁུལ་མང་པོའི་ཁྲོད་ཀྱི་དཔེ་མཚོན་གྱི་བསྡུས་རིས་ཤིག་རེད།

    2013ལོའི་ཟླ་11ཚེས་3ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲེ་པཱ་ཏུང་གྲོང་ཚོར་ཕེབས་ནས་མང་ཚོགས་དབུལ་པོར་གཟིགས་གནང་བ་དང་འབྲེལ“གནད་སྨིན་དབུལ་སྐྱོར”བྱེད་དགོས་ཞེས་ཐོག་མར་བཏོན་གནང་བ་རེད། “དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད། གནད་སྨིན་དབུལ་སྐྱོར”བཅས་ཀྱི་འདུ་ཤེས་དེ་དཔྱིད་རླུང་ལྟར་གནའ་བོའི་གྲོང་ཚོ་དེ་ནས་ཀྲུང་གོའི་ས་གཞི་ཆེ་མོར་ལྡང་།

    “དབུལ་སྐྱོར་ལོ་མང་བྱས་ཀྱང་། སྤྱི་ཁྱབ་ཧྲུའུ་ཅིའི་བྱ་ཐབས་དེ་གོ་ཆོད་ཤོས་རེད”ཅེས་ཧྲེ་པཱ་ཏུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲི་ཅིན་ཐུང་གིས་བརྗོད། སྤྱི་ཁྱབ་ཧྲུའུ་ཅིས་ཧྲེ་པཱ་ཏུང་གྲོང་ཚོར་རྟོག་ཞིབ་གནང་བ་ནས་བཟུང་། གྲོང་ཚོའི་ནང་ཡུལ་སྐོར་དང་། གཏེར་ཆུ། ལོ་གསུམ་ཁམ་བུ། འཚེམ་དྲུབ་སོགས་ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། 2016ལོར་ཧྲེ་པཱ་ཏུང་གྲོང་ཚོ་ཧུའུ་ནན་གྱི་དབུལ་སྒྲོལ་ཐུབ་པའི་གྲོང་ཚོ་ཁག་དང་པོར་གྱུར། 2021ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཏེ་ལོ་8ཀྱི་གོང་ལས་ལྡབ་10ལྷག་ཙམ་འཕར་ཡོད།

    ལོ་བརྒྱད་ཀྱི་དབུལ་སྒྲོལ་འགག་སྒྲོལ་རིང་། ཧུའུ་ནན་གྱིས་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་གནད་སྨིན་དང་། ཁྱད་ལྡན། རྒྱུན་མཐུད་བཅས་ཀྱི་དབུལ་སྒྲོལ་ལམ་བུར་བསྐྱོད་ཅིང་། 2020ལོའི་ལོ་མཇུག་བར་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་682ཚང་མ་དབུལ་སྒྲོལ་ཐུབ་ནས་ལོ་ངོ་སྟོང་གི་དབུལ་པོའི་གནད་དོན་རྦད་དེ་ཐག་གཅོད་བྱུང་ཡོད།

    “དབུལ་སྒྲོལ་དང་དབུལ་ཞྭ་འབུད་རྒྱུ་ནི་མཇུག་འགྲིལ་བ་ཞིག་མ་ཡིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད” 2020ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ཧུའུ་ནན་གྱིས“ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས”“ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས”“ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱེད་དགོས”ཞེས་གསུངས་པ་རེད།

    ཧུའུ་ནན་ཞིང་ཆེན་ཀུའུ་ཀྲང་རྫོང་གི་གྲོང་ཚོ་མང་པོར་ཇ་ལོ་དཀར་པོ་བཏབ་པས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མོ་རོང་གྲོང་རྡལ་དབང་ཚའོ་གྲོང་ཚོ་ནི་མེའོ་རིགས་འདུས་སྡོད་ཀྱི་གྲོང་ཚོ་ཞིག་རེད། སྲོལ་རྒྱུན་གྲོང་ཚོ་དེར་ལོ་དེ་དག་ནང་ཀྲེ་ཅང་གིས་རོགས་སྐྱོར་བྱས་པའི“ལོ་མ་དཀར་པོ”རྟགས་ཅན་གྱི་དེང་རབས་ཀྱི་ཇ་ལོ་དཀར་པོ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མེའོ་རིགས་གྲོང་ཚོ་དང་། ཁྱིམ་ཚང་མགྲོན་ཁང་། རྟེན་གཞིའི་མཛེས་ལྗོངས་སོགས་ཀྱིས་ཇ་དང་ཡུལ་སྐོར་མཉམ་འདྲེས་ཐོན་ལས་ལ་འདེགས་སྐྱོར་བྱེད་བཞིན་ཡོད། 2022ལོའི་དྭངས་གསལ་དུས་ཚིགས་ཀྱི་སྔ་རྗེས་སུ་ཇ་ལོ་བཙོངས་པའི་ཡོང་འབབ་སྒོར་ཁྲི་སུམ་ཅུ་བཞི་བཅུ་ཟིན་ཡོད།

    དེ་དང་ཆབས་ཅིག་ཞིང་ཕན་ཞིང་དར་གྱི་སྲིད་ཇུས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་ཤིང་། འདེབས་འཛུགས་ལས་རིགས་ལ་བརྟེན་ནས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་དང་། ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དམ་འཛིན་ནན་པོ། “ཞིང་ལས་སྟོབས་ཆེར་གཏོང་བའི་བྱེད་ཐབས་ཆེན་པོ་དྲུག”གི་བྱ་སྤྱོད་ལག་བསྟར་གཏིང་ཟབ། ཞིང་འབྲེལ་དང་ཞིང་ལས་སྣེ་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད།

    2022ལོའི་ལོ་འགོར། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་བླང་བྱ་དང་ཡང་ཡང་བསྡུར་ནས། ཧུའུ་ནན་ཞིང་ཆེན་གྱིས་འཐབ་ཇུས་བཀོད་སྒྲིག་དང་གནད་སྨིན་ཇུས་བསྟར་མུ་མཐུད་ཟབ་ཏུ་བཏང་བ་དང་། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས། ཞིང་ལས་ཐོན་བརྟན་ཐོན་འཕར་དང་། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ། གྲོང་གསེབ་ཀྱི་བརྟན་ལྷིང་བཅས་འགན་ལེན་བྱེད་པའི་ལས་ཀའི་དམིགས་ཚད་བཏོན་པ་མ་ཟད། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་ཀྱང་བྱས་ཡོད།

    “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་བུ་གསར་པ་གཏོད་དགོས”

    འབྲི་ཆུ་ཤར་ཕྱོགས་སུ་ཤང་ཤང་དུ་རྒྱུག་ཅིང་། ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཅུན་ཧྲན་རི་ཁུལ་གྱི་ལིན་ཀོ་ལུའོ་དུམ་བུའི་རྣམ་པ་དེ་བས་མཛེས་སྡུག་ལྡན། སྔོན་མ་གཙང་འགྲམ་དུ་ཁྲིམས་འགལ་ངང་སྲེག་མ་སྔོག་མཁན་མང་པོ་ཡོད་ཅིང་། ཕྱིས་སུ་བཅོས་སྒྲིག་བྱས་པ་བརྒྱུད་ད་ཆ་གཙང་པོ་སླར་གསོ་བྱུང་ནས“འཛུམ་འཚེར་ཕོ་ཉ”ཞེས་འབོད་པའི་མཚོ་ཕག་ཅི་དགར་རོལ་བཞིན་མཆིས།

    འགྱུར་ལྡོག་ཆེན་པོ་དེ་འདྲ་ནི་2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་རྟོག་ཞིབ་གནང་བ་ལས་བྱུང་བ་ཞིག་རེད། འབྲི་ཆུའི་རྒྱུད་དུ་ཁྲིམས་འགལ་ངང་སྲེག་མ་སྔོག་མཁན་མེད་པ་བཟོས་པ་དང་བཅོས་སྒྲིག་བྱས་ནས་སྔོ་ལྗང་སླར་གསོ་དང་འདམ་ར་སླར་གསོ་སོགས་ཀྱི་གནས་ཚུལ་སྤྱི་ཁྱབ་ཧྲུའུ་ཅིས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཧུའུ་ནན་གྱིས་ཆུ་བོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    དེ་རྗེས་ཀྱི་དུས་ཐུང་ལོ་འགའི་ནང་འབྲི་ཆུའི་ངོགས་ཀྱི་ཧུའུ་ནན་དུམ་བུའི་སྲེག་མ་སྔོག་ས་251མེད་པ་བཟོས་ནས་སྔོ་ལྗང་སླར་གསོ་བྱས་ཡོད། ཤང་ཅང་གཙང་པོ་བཅོས་སྒྲིག་བྱེད་པའི་འགག་སྒྲོལ་དམག་འཐབ་ནང་སྦགས་བཙོག་ཁེ་ལས་1034སྒོ་བརྒྱབ་ཡོད། ཏུང་ཐིང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམག་འཐབ་རྒྱག་འགོ་ཚུགས་པ་དང་། མུའུ་ཁྲི་47གྱི་ལྕགས་དྲ་ཁྲིམས་ལྟར་བཤིག་པ། ཡོ་རོབ་དང་ཨ་རིའི་སྦྱར་ནག་མུའུ་ཁྲི་32.6མེད་པ་བཟོས་པ། རང་བྱུང་སྲུང་སྐྱོང་ཁུལ་དུ་ཕྱོགས་ཡོངས་ནས་སྲེག་མ་སྔོག་འདོན་བྱ་རྒྱུ་གཏན་འགོག ཤོག་ལྡུར་ཐོན་སྐྱེད་ཁེ་ལས་ཚང་མ་སྒོ་བརྒྱབ་པ་བཅས་བྱས་ཡོད།

    2020ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ཧུའུ་ནན་ལ་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་དང་། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་དང་སྐམ་སའི་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་བྱས་རྗེས་གསར་པ་འཇོག་པ། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་མངོན་པ་བཅས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཧུའུ་ནན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ཁ་གསལ་ཤེས་རྟོགས་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཧུའུ་ནན་གྱིས་2020ལོ་ཚུན་དུ་འཛུགས་སྐྲུན་རྣམ་གྲངས་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་འབྲེལ། གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་སྟེ། ལས་གྲྭའི་འཕྲུལ་ཆས་དང་སྔོན་ཐོན་གྱི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་རྒྱལ་ཁབ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འགྲན་བསྡུར་ལ་རྣམ་པར་རྒྱལ་བ་དང་། རྒྱལ་ཁབ་རིམ་པའི་ཆེད་ཞིབ་དམིགས་གསར་བཅས་ཀྱི་ཁེ་ལས་160ལྷག་ཙམ་མང་དུ་ཕྱིན་ཡོད། མཐོ་གསར་ལག་རྩལ་ཁེ་ལས་ཁྲི་ལས་བརྒལ་བ་དང་རང་མོས་ཉོ་ཚོང་ཁུལ་དུ་རིམ་རྩིས་བྱས་ན་གསར་དུ་བཙུགས་པའི་ཁེ་ལས་6700ལྷག་ཙམ་ཟིན་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་ཆེད། ཧུའུ་ནན་གྱིས་ད་དུང་སྔོན་ཐོན་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་ལྡབ་འཕར་ཡོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་སོགས“འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་གྱི་འཆར་འགོད་བཏོན་པ་དང་། ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་སོགས“འཆར་གཞི་ཆེན་པོ་བདུན”ལག་བསྟར་བཅས་བྱས་ནས། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རང་རྟེན་ཚོད་འཛིན་ཆོག་པ་དང་ནུས་ཆེའི་རྩིས་འཁོར། སྒྲིག་ཆས་རྩེར་སོན་བཟོ་སྐྲུན། རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་བའི་ལེགས་ཆ་རིམ་གྱིས་གྲུབ་ཡོད།

    “དུས་རབས་གསར་པའི་རྒྱང་ལམ་དུ་མུ་མཐུད་ཡག་པོ་སྐྱོད་དགོས”

    2020ལོའི་ཟླ་9ཚེས་16ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་འབྱོར་མ་ཐག་ཐད་ཀར་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་ཕེབས། དམར་དམག་གི་བུད་མེད་འཐབ་འཛིང་བས་རང་གི་ཕོ་ཁེབས་དྲས་ནས་གྲོང་མིར་སྤྲོད་པའི་ནང་དོན་མཚོན་པའི་འཇིམ་བརྙན་གྱི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་རིང་རྩེ་གཅིག་ཏུ་གཟིགས་ནས་བཞུགས།

    སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོས“‘ཕོ་ཁེབས་ཕྱེད་ཀའི’གཏམ་རྒྱུད་ལས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་མཚོན་པ་མ་ཟད། མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་གི་རང་གཤིས་ཀྱང་མངོན་ཡོད” “ད་ཆ་ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དེ་བས་བརྟན་དུ་བཏང་ནས་ཏང་གི་དམ་བཅའ་དང་ཁས་ལེན་མངོན་འགྱུར་ཡོང་བར་བྱས་ཏེ། མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་། ཤ་རུས་གཅིག་སྦྲེལ། ལས་དབང་གཅིག་སྦྲེལ་བཅས་ཀྱིས་དུས་རབས་གསར་པའི་རྒྱང་ལམ་དུ་མུ་མཐུད་ཡག་པོ་སྐྱོད་དགོས”ཞེས་གསུངས་པ་རེད།

    འདི་ལོ་ལོ་53ལ་སླེབས་པའི་ཀྲུའུ་ཞའོ་ཧུང་ནི“ཕོ་ཁེབས་ཕྱེད་ཀའི”གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ཞུས་ཅེ་ཤིའུ་ཡི་ཚ་བོ་རེད། དེ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཆེད་མངགས་ཁོང་ལ་གཟིགས་པར་ཕེབས། ཀྲུའུ་ཞའོ་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅིར“སྔོན་མ་དམར་དམག་གིས་ངའི་རྨོ་བོ་ལགས་ལ་ཕོ་ཁེབས་ཕྱེད་ཀ་གནང་ཡོད། དེ་རིང་གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་འཚོ་བ་གནང་བྱུང”ཞེས་བརྗོད།

    “ཕོ་ཁེབས་ཕྱེད་ཀའི”གཏམ་རྒྱུད་དེ་ཧུའུ་ནན་གྱི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱེད་པའི“སྦྱོང་དགོས་ངེས་ཀྱི་སློབ་ཚན”ཞིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཧུའུ་ནན་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱིས་དམངས་འཚོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་ལས་ཆུང་དུ་བཏང་མེད་པ་དང་། དམངས་འཚོའི་གཏོང་སྒོས་ནོར་སྲིད་གཏོང་སྒོ་ནས་བཟུང་བའི་བསྡུར་ཚད་70%ཙམ་རྒྱུན་འཁྱོངས་ཐུབ་ཡོད། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་འདེགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་ཞབས་འདེགས་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བ། རོགས་སྐྱོབ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད། 2021ལོར་ཧུའུ་ནན་ཞིང་ཆེན་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་428.72གྲབས་གསོག་བྱས་པ་དང་། གཙོ་གནད་དམངས་འཚོའི་བྱ་བ་དངོས་20ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པའམ་ཚད་ལས་བརྒལ་ནས་ལེགས་སྒྲུབ་བྱས་པར་བརྟེན། དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།