དབུ་ཤོག>ཆེད་སྒྲིག
  • འགག་རྩའི་ཚིག་བརྒྱ་ནས་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-08

    91.དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་དགོས།

    དེ་ནི་དབང་ཆ་དང་ལམ་ལུགས་དབར་གྱི་འབྲེལ་བར་གསོན་ཉམས་དོད་པོས་བསྡུས་འགྲེལ་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལམ་ལུགས་ཀྱི“རླུང་ཙི”ཡིས་དབང་ཆ་སྤྱི་དང་ལྷག་པར་དུ་དབང་ཆ་གང་བྱུང་དུ་སྤྱོད་པ་མཐའ་དག་ལ་གཅུན་འདོམས་དང་ལྟ་སྐུལ་བྱ་རྒྱུ་དེ་རེད།

    92.“སྟག་རྡུང་བ་དང་། སྦྲང་བུ་རྡུང་བ། ཝ་རྔོན་པ”

    “སྟག་རྡུང་བ”ཞེས་པ་ནི་གཙོ་བོ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་རུལ་སུངས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུ་དེ་ཡིན་པ་དང་། “སྦྲང་བུ་རྡུང་བ”ཞེས་པ་ནི་གཙོ་བོ་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་པ།“ཝ་རྔོན་པ”ཞེས་པ་ནི་གཙོ་བོ་མངའ་ཁོངས་ཕྱི་རོལ་དུ་བྲོས་བྱོལ་དུ་སོང་བའི་དཔལ་འབྱོར་ཉེས་གསོག་དོགས་ཡོད་མི་སྣ་དང་། མངའ་ཁོངས་ཕྱི་རོལ་དུ་བྲོས་བྱོལ་དུ་སོང་བའི་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ། རུལ་སུངས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མངའ་ཁོངས་ཕྱི་རོལ་དུ་བྲོས་བྱོལ་དུ་སོང་བའི་མི་སྣ་བཅས་རེད།

    93.“དྲ་སྦྲེལ་+ ”

    དེ་ནི་ཆ་འཕྲིན་དུས་རབས་ཀྱི་དྲ་སྦྲེལ་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཞིག་རེད་ལ། དྲ་སྦྲེལ་བརྟེན་སར་བྱས་ཏེ་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་དང་དེ་བཞིན་དྲ་སྦྲེལ་ལས་སྟེགས་སྤྱད་ནས་དྲ་སྦྲེལ་གྱི་གསར་གཏོད་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་ཁག་གི་ཁྱབ་ཁོངས་དང་དེ་བཞིན་སྲོལ་རྒྱུན་ལས་རིགས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ལག་རྩལ་ཡར་ཐོན་དང་། ལས་ཕྱོད་མཐོར་གཏོང་། རྩ་འཛུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། དངོས་ཚན་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་ལས་རིགས་གཞན་དག་ལ་སྐུལ་ཁྲིད་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཀྱང་རེད།

    94.དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ།

    དེའི་ཁྱད་ཆོས་གཙོ་བོ་ནི། འཕར་ཚད་མྱུར་པོ་ནས་མྱུར་ཚད་འབྲིང་མཐོའི་ཕྱོགས་སུ་བསྒྱུར་རྒྱུ་དང་། འཕེལ་རྒྱས་གཏོང་སྟངས་དེ་གཞི་ཁྱོན་དང་མྱུར་ཚད་ཅན་ནས་སྤུས་ཚད་དང་ལས་ཕྱོད་ཅན་དུ་བསྒྱུར་རྒྱུ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་འབོར་ཚད་མང་དུ་དང་ནུས་པ་ཆེ་རུ་གཏོང་བ་གཙོ་བོར་བྱེད་པ་ནས་བསགས་འབོར་ལེགས་སྒྲིག་དང་ལེགས་བཟོ་འབོར་མང་གལ་ཆེ་མཉམ་འཛིན་དུ་བསྒྱུར་རྒྱུ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་གཙོ་བོ་ཐོན་ཁུངས་དང་མ་གནས་དམའ་བའི་ངལ་རྩོལ་ནུས་ཤུགས་སོགས་ཀྱི་གཞི་རྒྱུ་སྤྱོད་གཏོང་བྱེད་པ་ནས་གསར་གཏོད་ཀྱིས་ཡར་སྐུལ་བྱེད་པར་བསྒྱུར་རྒྱུ་བཅས་རེད།

    95.མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས།

    སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་བ་དང་དུས་མཚུངས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། གཙོ་བོ་ནི་ཐོན་ནུས་འདོར་སྒྱུར་དང་། མཛོད་ཉར་འདོར་སྒྱུར། འགྱོགས་མདའ་མེད་པ། མ་གནས་ཆག་པ། ཞན་ཆ་སེལ་བ་བཅས་བྱས་ནས་མཁོ་སྤྲོད་ཀྱི་གྲུབ་ཆའི་དགོས་མཁོའི་འགྱུར་ལྡོག་གི་འཚམ་མཐུན་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།