དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་དགོས་དོན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-01

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་དགོས་དོན་གང་ཡིན་ནམ།

    ལན། 1978ལོའི་ཟླ་12པར། ཏང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། “གྲལ་རིམ་འཐབ་རྩོད་ཀྱིས་གཙོ་རྐང་བྱེད་པ”འཕྲལ་ཐག་ཆོད་པོས་མཇུག་འགྲིལ་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ལྟེ་བའི་འཐབ་ཇུས་གཞན་སྒྱུར་མངོན་འགྱུར་བྱུང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཏོད་ཡོད། 《གྲོས་ཆོད》ནང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་ཅེས་བསྟན་ཡོད། བརྡར་ཤ་གལ་ཆེན་འདིར་གཤམ་གསལ་གྱི་ཕྱོགས་གསུམ་ནས་གོ་བ་གཏིང་ཟབ་ལེན་ཆོག་པ་སྟེ།

    གཅིག ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་བསྐྱར་དུ་གཏན་འཁེལ་བྱས་པ་དེ་ཐོག་ནས་དུས་རབས་གསར་པའི་ཆ་རྐྱེན་འོག རང་རེའི་ཏང་གི་གོ་རྟོགས་ཆེན་པོ་སད་པ་མཚོན་ཡོད། “རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་རྗེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“རིག་གནས་གསར་བརྗེ་ཆེན་པོའི”ནོར་འཁྲུལ་ཡོ་བསྲང་བྱས་ནས་ལོ་བཅུའི་ཟང་ཟིང་ལས་བྱུང་བའི་ཛ་དྲག་ཆེ་བའི་གནས་བབ་ལ་རྦད་དེ་འགྱུར་ལྡོག་གཏོང་དགོས་པའི་བླང་བྱ་དྲག་པོ་བཏོན་ཡོད། འོན་ཀྱང་འགལ་རྐྱེན་ཚབས་ཆེན་འཕྲད་པ་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤེལ་རིང་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོག་གོང་། ཏང་ཀྲུང་དབྱང་གིས་ལས་དོན་ཚོགས་འདུ་འཚོགས་ཏེ་ཚང་འཛོམས་གྲོས་ཚོགས་འཚོག་རྒྱུའི་གྲ་སྒྲིག་བྱས་པ་དང་། བློ་མཐུན་ཏེང་ཞའོ་ཕིང་གིས་འགོ་བརྗོད་དུ《བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱིས་མདུན་ཕྱོགས་སུ་སྐྱོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས“ཏང་ཞིག་དང་། རྒྱལ་ཁབ་ཅིག མི་རིགས་ཤིག་བཅས་ལ་ཆ་བཞག་ན། གལ་ཏེ་བྱ་བ་གང་ཞིག་སྒྲུབ་ཀྱང་ཀླད་རྙིང་མཁྲེགས་བཟུང་བྱས་ན་བསམ་བློ་འཆིང་རྒྱ་ལས་མི་སྒྲོལ་བ་དང་རྨོངས་དད་ཆེ་རུ་ཕྱིན་ནས་མདུན་སྐྱོད་བྱེད་ཐབས་བྲལ་ལ་གསོན་ཤུགས་ཀྱང་ཉམས་ནས་མཐར་ཏང་དང་རྒྱལ་ཁབ་རྩ་སྟོངས་སུ་འགྲོ་ངེས་རེད” “བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས། བྱ་བ་ཐ་དག་དོན་དངོས་ལ་གཞིགས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་བྱས་ན། ང་ཚོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གཞི་ནས་བདེ་བླག་ངང་བྱེད་ཐུབ”ཅེས་གསུངས་ཡོད། གསུང་བཤད་འདི་ནི་བསམ་བློར་བཅིངས་འགྲོལ་དང་། དུས་རབས་གསར་པ་དང་འགྲོ་ལམ་གསར་པ་གཏོད་པའི་བསྒྲགས་གཏམ་ཡི་གེ་ཡིན་ཞིང་། དོན་དངོས་ཐོག་དེ་ནི་རྗེས་སུ་འཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བརྗོད་དོན་གཙོ་བོའི་སྙན་སྒྲོན་ལ་གྱུར་ཡོད། བློ་མཐུན་ཏེང་ཞའོ་ཕིང་གི་འགོ་ཁྲིད་དང་གསར་བརྗེ་པ་རྒན་རབས་ཚོའི་རྒྱབ་སྐྱོར་འོག ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་དམངས་ཀྱི་འདོད་བློ་དང་བསྟུན་ནས་དུས་ཡུན་རིང་བའི“གཡོན་ལྷུང་རིང་ལུགས”ཀྱི་ནོར་འཁྲུལ་ཚབས་ཆེན་གྱི་འཆིང་རྒྱ་ལས་བསྒྲལ་བ་དང་། “ཡིན་ཕྱིན་གཉིས”ཀྱི་ནོར་འཁྲུལ་བྱེད་ཕྱོགས་རྦད་དེ་རྩིས་མེད་དུ་བཏང་བ། ངེས་པར་དུ་ཆ་ཚང་ལ་ཡང་དག་པའི་སྒོ་ནས་མའོ་ཙེ་ཏུང་གི་དགོངས་པ་ཁོང་དུ་ཆུད་དགོས་པའི་ཚན་རིག་དང་མཐུན་པའི་མ་ལག་ལ་ཁས་ལེན་གང་ལེགས་བྱས་པ། བདེན་དོན་གྱི་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་བསྡུར་ལ་ཚད་མཐོའི་གདེང་འཇོག་བྱས་པ། ཏང་གི་ཡང་དག་པའི་བསམ་བློའི་ལམ་ཕྱོགས་བསྐྱར་དུ་གཏན་འཁེལ་བྱས་པ་རེད། ཐེངས་འདིའི་ཚོགས་འདུ་འཚོགས་པ་དེ་ཐོག་ནས་དུས་རབས་གསར་པའི་ཆ་རྐྱེན་འོག་རང་རེའི་ཏང་གི་གོ་རྟོགས་ཆེན་པོ་སད་པ་མཚོན་པ་དང་ཏང་དང་རྒྱལ་ཁབ་འཇིག་ཉེན་ཁྲོད་ནས་སླར་ཡང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་འགོ་ཚུགས་པ་མཚོན་ཡོད།

    གཉིས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྒྱུར་བཅོས་སྒོ་དབྱེའི་འགོ་བརྩམས་པ་དང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་པ་གཏོད་པའི་འགོ་འཛུགས་ས་ཞིག་རེད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་རྗེས། རང་རེའི་ཏང་གིས་ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་ཐད་འཚོལ་ཞིབ་ཡུན་རིང་ཇི་ལྟར་བྱས་པ་དང་དེར་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་སྦྲགས། ནོར་འཁྲུལ་གྱི་ལམ་དུ་ཡང་ཕྲན་བུ་བསྐྱོད་ཡོད། ལྷག་པར་དུ“རིག་གནས་གསར་བརྗེ་ཆེན་པོའི”ལོ་བཅུའི་ནང་ཟིང་གི་རྐྱེན་པས་རང་རྒྱལ་གྱི་དཔལ་འབྱོར་ཐོར་ཞིག་ཏུ་འགྲོ་བའི་མཚམས་སུ་སླེབས་པ་དང་། ཐ་ན་མི་དམངས་ཀྱི་ལྟོ་གོས་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་ཡོད་ལ། རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་རིགས་ཀུན་ཉམས་རྒུད་དུ་འགྲོ་བའི་གནས་སུ་ཡང་གྱར་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་ཀྱི་བླང་བྱ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས། མི་དམངས་ཀྱི་རེ་སྒུག་བཅས་ཀྱི་མཐོ་ཚད་ཐོག་ནས“གྲལ་རིམ་འཐབ་རྩོད་ཀྱིས་གཙོ་རྐང་བྱེད་རྒྱུ”འཕྲལ་ཐག་ཆོད་པོས་མཇུག་འགྲིལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་བ་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་རང་བཞིན་གྱི་ཐབས་ཇུས་བཀོད་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་བཏོད་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་བརྒྱུད། རང་རེའི་ཏང་གིས“རིག་གནས་གསར་བརྗེ་ཆེན་པོའི”ཐབས་ཇུས་གལ་ཆེན་རྦད་དེ་རྩིས་མེད་དུ་བཏང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གསར་པ་བདེ་བླག་ངང་བཏོད་པ་རེད།

    གསུམ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ཡང་དག་པའི་རྩ་འཛུགས་ལམ་ཕྱོགས་ཡང་བསྐྱར་གཏན་འཁེལ་བྱས་ཏེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་བྱས་ཡོད། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་མཉམ་སྡེབ་ཀྱི་འགོ་ཁྲིད་རྩ་དོན་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཉམས་ཞན་དུ་སོང་བ་དང་སྦྲགས་ཐ་ན་གཏོར་བརླག་ཏུ་སོང་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དམངས་གཙོ་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་མངོན་འགྱུར་བྱ་རྒྱུའི་ལས་འགན་བཏོན་ནས་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཏང་སྲོལ་ཏང་ཁྲིམས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་གསབ་འདེམས་བྱས་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ལྷག་པར་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་བརྒྱུད། ཏང་གི་ཡང་དག་པའི་མཛུབ་ཁྲིད་བསམ་བློ་དང་དེ་བཞིན་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་གཏན་འཁེལ་བྱེད་པའི་ངོས་ནས་བརྗོད་ན། དོན་དངོས་ཐོག་བློ་མཐུན་ཏེང་ཞའོ་ཕིང་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་དུ་གྱུར་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་མཚོན་རྟགས་སུ་བྱས་ཏེ། རང་རེའི་ཏང་གིས་ཡང་དག་པའི་རྩ་འཛུགས་ཀྱི་ལམ་ཕྱོགས་ཡང་བསྐྱར་གཏན་འཁེལ་བྱས་པ་དང་། ཟིང་བཅོས་ཡོ་བསྲང་གི་རང་འགུལ་དབང་ཆ་སྟངས་འཛིན་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཀྱི་ཐག་གཅོད་བྱེད་པར་ལུས་པའི་གནད་དོན་དང་འཚོ་བ་དངོས་ཀྱི་ཁྲོད་དུ་བྱུང་བའི་གནད་དོན་གསར་པ་མང་པོ་ཞིག་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད།

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་མཛད་ཇུས་གལ་ཆེན་ལ་ཆབ་སྲིད་ཀྱི་ཇུས་ཐག་གཅོད་པ་དང་འཐབ་ཇུས་ཀྱི་གདམ་ག་བྱས་པ་དེས་སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པའི་འགོ་བརྩམས་ཡོད་ཅེས་བཤད་ཆོག ལོ་ངོ་40ལྷག་ཙམ་རིང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་འདེད་བཏང་བས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་འོས་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་པའི་ངོས་ནས་རང་རེའི་ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ་ལག་ལེན་ལས་ར་སྤྲོད་གསལ་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།