དབུ་ཤོག>ཆེད་སྒྲིག
  • ཧྲན་ཤིས་ཀྱི་ཕྱོགས་གང་སར་རྣམ་པ་གསར་པས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2022-05-28

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་ཐེངས་གསུམ་གནང་ནས། ཧྲན་ཤིས་ཀྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འཆར་གཞི་བཀོད་གནང་བ་མ་ཟད། ཧྲན་ཤིས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་ཐུགས་རེ་ཟབ་མོ་བཅོལ་གནང་ནས། ཧྲན་ཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སྐྱོད་པར་སྣེ་ཁྲིད་གནང་ཡོད།

    “འཚོ་བ་དེ་བས་བདེ་སྐྱིད་ལྡན” 

    རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ལས། ཧྲན་ཤིས་སུ་ས་ཁུལ་གཉིས་ཡོད་པ་སྟེ། ལུའེ་ལེའང་རི་ཁུལ་དང་ཡན་ཧྲན་ཐའེ་ཧང་རི་ཁུལ་རེད།

    2017ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས། ལུའེ་ལེའང་རི་ཁུལ་དུ་ཕེབས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལ་གཟིགས་པ་དང་ཆབས་ཅིག དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་གྱི་ཕན་འབྲས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། ཡུལ་མི་ཚོས་ཏང་ཀྲུང་དབྱང་དང་མཉམ་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་ཐའེ་ཡོན་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་ཤིན་ཏུ་དབུལ་བའི་གནད་དོན་སེལ་ཐབས་ལ་གཅིག་སྡུད་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།

    2020ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཧྲན་ཤིས་སུ་རྟོག་ཞིབ་གནང་ཞིང་། ཏཱ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཆུས་སུ་ཕེབས་ཏེ་ཞིང་ནང་དུ་ལུག་མིག་མེ་ཏོག་གི་སྐྱེ་ཚུལ་ལ་གཟིགས་ཞིབ་དང་ལུག་མིག་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཡུལ་མི་ཚོ་དབུལ་གྲོལ་ཐུབ་རྗེས། ངས་དོ་ཁུར་ཆེ་ཤོས་བྱ་ཡུལ་ནི་དབུལ་སྒྲོལ་ཇི་ལྟར་བརྟན་དུ་གཏོང་བ་དང་དབུལ་པོ་བསྐྱར་ལོག་བཀག་ནས་ཡུལ་མི་རྣམས་མུ་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ་འདི་རེད་ཅེས་གསུངས་པ་རེད།

    འདི་ལོའི་ཟླ་1ཚེས་26ཉིན་གྲང་ངར་དང་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་ལྷོ་རྒྱུད་ཀྱི་ཧོ་ཀྲོའུ་གྲོང་ཁྱེར་དང་ཧྥུན་ཤིས་རྫོང་དུ་ཕེབས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་མང་ཚོགས་བདེ་འཇགས་ངང་དགུན་སྒྲོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས། “དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་བ་དང་འབྲེལ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཧྲན་ཤིས་ཀྱིས་ཤིན་ཏུ་དབུལ་བའི་རྫོང་10ལ་དམིགས་ནས་གནད་སྨིན་ཇུས་བསྟར་བྱས་ཤིང་། ལོ་ལྟར་ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་30%ཙམ་ཤིན་ཏུ་དབུལ་བའི་རྫོང་ལ་བཏང་ནས་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་གཏོང་བར་གཙོ་གནད་རྒྱབ་སྐྱོར་བྱས་པ་དང་། ཤིན་ཏུ་དབུལ་བའི་རང་བྱུང་གྲོང་ཚོ་3350ཚང་མ་གནས་སྤོས་བྱས་ཁར། རྨོ་བསྐྱུར་ནགས་བཟོ་དང་། ཤིང་འཛུགས་ནགས་བཟོ། དཔལ་འབྱོར་ནགས་ཤིང་སྤུས་མཐོ་ཕན་འཕར་སོགས་ཀྱི་རྣམ་གྲངས་ཤིན་ཏུ་དབུལ་བའི་རྫོང་ལ་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག་འབྲུ་རིགས་དཀྱུས་མ་དང་། ལུག་མིག་མེ་ཏོག ཤིང་ཏོག་ལི། ཀྲུང་ལུགས་སྨན་རྒྱུ་སོགས་ཁྱད་ལྡན་ཞིང་ལས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མང་ཚོགས་དབུལ་པོའི་ཡོང་འབབ་འཕར་བར་བྱས་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་མ་དངུལ་སྤྱད་དེ་ཁྱད་ལྡན་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་100འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

    “སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གོམ་སྟབས་དེ་བས་ཆེ་བ་སྤོས་པ” 

    2020ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས། ཧྲན་ཤིས་ཀྱིས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས་ཞེས་སྐུལ་ལྕག་གནང་བ་རེད།

    ད་ཐེངས་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་པའོ་ཝུའུ་ཐེ་ཀང་ལྕགས་དང་ངར་ལྕགས་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཁོང་གིས་ཐོན་རྫས་དང་ལག་རྩལ་ནི་ཁེ་ལས་རང་ཚུགས་ཐུབ་པའི་རྩ་བ་རེད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཐད་ཡང་འབད་བསྐྱར་འབད་དང་ཡང་རྩེར་འཛེག་ཕོད་པ་དང་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དོན་འཁྱོལ་བྱེད་ཆེད། ཧྲན་ཤིས་ཀྱིས་སྲོལ་རྒྱུན་ལེགས་ལྡན་ཐོན་ལས་སྔོན་ལ་ཕྱོགས་སྒྱུར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཕྱོགས་སྒྱུར་ལ་སྣེ་ཁྲིད་ལ་སྐུལ་འདེད་བཏང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དུང་ཕྱུར་སྟོང་གི་ཐོན་ལས་སྐྱེད་སྲིང་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་སོགས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། འདི་ལོའི་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕར་ཐང་21.2%འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་ཚད་52.9%འཕར་བ། ཐོ་གསར་བཀོད་པའི་ཁྲོམ་རའི་བྱེད་པོ་49.5%འཕར་ཡོད།

    འདི་ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་རུའེ་ཀོང་མེ་ཤུགས་གློག་འདོན་ཚད་ཡོད་འགན་འཁྲི་ཀུང་སིར་རྟོག་ཞིབ་གནང་སྐབས། རྡོ་སོལ་མང་བ་དང་། སྣུམ་དཀོན་པ། སོལ་རླངས་ཉུང་བ་བཅས་ནི་རང་རྒྱལ་གྱི་རྒྱལ་བབ་ཡིན་པས། རྒྱལ་ནང་གི་ནུས་རྒྱུ་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན། རྡོ་སོལ་གྱི་དྭངས་གཙང་ཐཱན་ཉུང་འཕེལ་རྒྱས་དང་། སྣེ་མང་ཅན་གྱི་བེད་སྤྱོད། ཕྱོགས་བསྡུས་གསོག་འདྲེན་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་ལག་རྩལ་ལ་མགྱོགས་མྱུར་འགག་སྒྲོལ་བཅས་བྱས་ནས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཧྲན་ཤིས་ཀྱིས་རྡོ་སོལ་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ལྕི་པོ་ཁུར་ཡོད། མངོན་མེད་ནུས་ཤུགས་སྔོག་འདོན་དང་ཐོན་འཕར་ཧུར་ཐག་བྱས་པ་བརྒྱུད། ན་ནིང་གི་དུས་ཚིགས་དང་པོ་ནས་བཞི་པ་བར་ཞིང་ཆེན་16གི་རྡོ་སོལ་མཁོ་སྤྲོད་འགན་ལེན་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱས་པའི་རྨང་གཞིའི་ཐོག འདི་ལོའི་དུས་ཚིགས་དང་པོར་ཧྲན་ཤིས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ན་ནིང་གི་དུས་མཚུངས་ལས་9.1%འཕར་ཡོད། འདི་ལོ་ནས་བཟུང་ཞིང་ཆེན་14ལ་གློག་ཤུགས་ཕྱིར་འདྲེན་བྱས་ཡོད།

    རུའེ་ཀོང་མེ་ཤུགས་གློག་འདོན་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་ཤིན་གྱིས། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ང་ཚོར་འཚོལ་ཞིབ་ཀྱི་ཁ་ཕྱོགས་གཏན་འཁེལ་གནང་ཡོད། སྲོལ་རྒྱུན་གྱི་མེ་ཤུགས་གློག་འདོན་ཁེ་ལས་ཤིག་གི་ངོས་ནས། གཅིག་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་མུ་མཐུད་བྱེད་རྒྱུ་དང་། གཉིས་ནས་ནུས་རྒྱུ་གསར་པའི་ལེགས་ཆ་གསབ་རེས་བྱེད་དགོས”ཞེས་བརྗོད།

    “ལོ་རྒྱུས་ལ་གུས་སྐྲག་དང་། རིག་གནས་ལ་གུས་སྐྲག སྐྱེ་ཁམས་ལ་གུས་སྐྲག་བཅས་བྱས་པ”

    ཧྲན་ཤིས་སུ་ད་ཆ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། དེའི་ནང་ཡུན་ཀང་བྲག་ཕུག་དང་། ཕིང་ཡའོ་གནའ་གྲོང་། རི་བོ་རྩེ་ལྔ་བཅས་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད།

    2020ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ཀང་བྲག་ཕུག་ཏུ་རྟོག་ཞིབ་གནང་སྐབས། བྲག་ཕུག་ནང་གི་འཇིམ་བརྐོས་དང་ལྡེབས་རིས་ལ་གཟིགས་ཞིབ་གནང་བ་མ་ཟད། ལས་དོན་མི་སྣར་བྲག་ཕུག་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་ཞིང་། ཁོང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་སླར་མི་སྐྱེ་བ་དང་ཚབ་བྱེད་ཐབས་བྲལ་བའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཨང་དང་པོར་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

    འདི་ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཐང་མར་ཕིང་ཡའོ་གནའ་གྲོང་དུ་རྟོག་ཞིབ་གནང་བ་དང་། མཁར་གྲོང་གི་ལྕགས་རིར་འཛེགས་ནས་རྫོང་གྲོང་གི་ཡུལ་ལྗོངས་ལ་གཟིགས་བཞིན་གནའ་གྲོང་གི་ལོ་རྒྱུས་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ལ་གུས་སྐྲག་དང་། རིག་གནས་ལ་གུས་སྐྲག སྐྱེ་ཁམས་ལ་གུས་སྐྲག་བཅས་བྱེད་དགོས”ཞེས་གསུངས།

    “སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས། ང་ཚོས་བྲག་ཕུག་གི་རིག་དངོས་སྲུང་སྐྱོང་ལྟེ་གནས་དང་གྲངས་འཛིན་ཅན་གྱི་ལྟེ་གནས་སོགས་ཀྱི་སྒྲིག་གཞི་བཙུགས་ཏེ་སྔོན་ཐོན་ཚན་རྩལ་ལ་བརྟེན་ནས་ཡུན་ཀང་བྲག་ཕུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད” ཡུན་ཀང་ཞིབ་འཇུག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲོའུ་ཡིས་དེ་དང་ཆབས་ཅིག་ཡུན་ཀང་རིག་པ་མགྱོགས་མྱུར་གྲུབ་པ་དང་འཕེལ་རྒྱས་བཏང་ནས། ཡུན་ཀང་བྲག་ཕུག་གི་རིག་གནས་རིན་ཐང་སྔོག་འདོན་དང་། དར་སྤེལ་གང་ལེགས་བཏང་སྟེ་ཡུན་ཀང་གི་གཏམ་རྒྱུད་ཡག་པོ་ཤོད་པར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད།

    ཉེ་དུས་ཕིང་ཡའོ་གནའ་གྲོང་དུ་གློག་ཤུགས་དང་། འཕྲིན་གཏོང་། ཆུ་ཕུག སོལ་རླངས། མེ་ཟོན་སོགས་ས་འོག་གི་མདོང་ལམ་དྲ་བ་སྒྱུར་བཀོད་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཕིང་ཡའོ་རྫོང་རིག་གནས་ཁང་གི་ཀོན་ཀྲང་གཞོན་པ་ཀུང་ལིས“ང་ཚོས་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་སྲུང་སྐྱོང་ཉམས་གསོ་དང་ལྕགས་རི་ཉམས་གསོ་ཡག་པོ་བྱེད་རྒྱུ་མ་ཟད། ཡུལ་སྐོར་འཕེལ་རྒྱས་དང་། ཁྱད་ལྡན་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོབ་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།

    སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱས་ཤིང་། ཧྲན་ཤིས་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་ཡན་བཏང་ནས་རིག་དངོས་བདེ་འཇགས་ཀྱི་ལྟ་འདོམས་ལས་སྟེགས་བསྐྲུན་པ་དང་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་དངོས་ཀྱི་ཆེད་དོན་སྐོར་གཟིགས་ལས་དོན་སྤེལ་བ་མ་ཟད། སྤྱི་ཚོགས་ཀྱི་སྟོབས་ཤུགས་རིག་དངོས་སྲུང་སྐྱོང་ལ་ཞུགས་པར་སྐུལ་ལྕག་བྱས་ཡོད། གཞི་རིམ་གྱི་རིག་དངོས་སྲུང་སྐྱོང་གི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་ཆེད། ཧྲན་ཤིས་ཀྱིས་གཞི་རིམ་གྱི་རིག་དངོས་སྲུང་སྐྱོང་ཚན་པར་རིན་པ་མི་དགོས་པར་རིག་དངོས་ཀྱི་རིག་ཚན་ཡོངས་ཤེས་པའི་ཤེས་ལྡན་མི་སྣ་ཁག་གཅིག་གནས་གཏན་འཁེལ་ངང་གསོ་སྦྱོང་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་ལ། སྲུང་སྐྱོང་དང་། ཞིབ་འཇུག བེད་སྤྱོད། འགྲེམས་སྟོན། དོ་དམ། ཞབས་ཞུ་བཅས་གཞི་གཅིག་ཏུ་བསྡུས་པའི་རིག་དངོས་ལས་དོན་གྱི་རྣམ་པ་གསར་རྐྱང་ཞིག་ཧྲན་ཤིས་སུ་ཆགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།