དབུ་ཤོག>ཆེད་སྒྲིག
  • “རྒྱུགས་འབུལ”ལམ་བུ་གསར་པར་ནུས་ཤུགས་ཡོད་རྒུས་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2022-05-27

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་ཐེངས་9གནང་བ་མ་ཟད། གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ཧོ་པེས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧོ་པེས“རྒྱུགས་འབུལ”གྱི་རྣམ་པའི་ཐོག་ནས“གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ”གསར་སྐྲུན་དང“གསར་བརྗེའི་རྟེན་གཞིའི་ཁུལ་གསར་པའི”ཉམས་འགྱུར་མངོན་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་དཔལ་འབྱོར་སྟོབས་ཆེན་ཞིང་ཆེན་དང་མཛེས་སྡུག་ལྡན་པའི་ཧོ་པེ་གང་མགྱོགས་སྐྲུན་པའི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད།

    “ས་སེར་གསེར་ལ་གྱུར་པར”དགའ་བས་ལྟ། 

    2012ལོའི་ཟླ་12པར། ཐའེ་ཧང་ཧྲན་རི་བོའི་ཁྲོད་དུ་གནས་པའི་ཧོ་པེའི་ཕུའུ་ཕིང་རྫོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ལྷག་ཙམ་གྱི་གྲང་ངར་དང་ཁ་བ་བབས་པར་མ་འཛེམས་པར་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འབྲེལ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྟོག་ཞིབ་ཀྱང་གནང་བ་རེད།

    འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དབུལ་སྐྱོར་ལ་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་དེ་རེད། ཧོ་པེའི་ཕུའུ་ཕིང་རྫོང་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར། དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་ཡོད། གྲོང་གསེབ་འབྱོར་འབྲིང་དུ་སྐྱོད་མི་ཐུབ་པ་དང་ལྷག་པར་དུ་ས་ཁུལ་དབུལ་པོ་འབྱོར་འབྲིང་དུ་སྐྱོད་མི་ཐུབ་ན། ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མི་ཐུབ”ཅེས་མཛུབ་སྟོན་གཏིང་ཟབ་གནང་ནས་ཏང་ཡོངས་དང་རྒྱལ་ཡོངས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་གི་བཀའ་རྒྱ་བཏང་བ་རེད།

    པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པའི་ཧོ་པེར་ཧ་ཅང་དཀའ་ཚེགས་ཆེ་བའི་དབུལ་པོའི་གནད་དོན་འཕྲད་ཡོད་དེ། རྫོང་22ཡན་ཧྲན་དང་ཐའེ་ཧང་ཧྲན་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཁུལ་གྱི་གྲས་སུ་བཅུག་ཡོད། དེའི་ཁྲོད་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། རི་ཁུལ། ས་ཁུལ་དབུལ་པོ་བཅས་གཅིག་ཏུ་བསྡུས་པའི་ཕུའུ་ཕིང་རྫོང་གི་མི་འབོར་ཕྱེད་ཀ་ཙམ་ནི་དུད་ཚང་དབུལ་པོ་ཡིན་པ་རེད།

    “ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བསམ་བློ་གཏོང་སར་མཉམ་དུ་བསམ་བློ་གཏོང་བ། ཤུཌ་རྒྱག་སར་མཉམ་དུ་ཤུགས་རྒྱག་པ། མཉམ་དུ་རྔུལ་ཆུ་འདོན་པ་བཅས་བྱས་ནས་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་མི་རྣམས་གང་མགྱོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ལས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བླང་བྱ་བཏོན་གནང་བ་མ་ཟད། དགུན་གྱི་གྲང་ངར་ཁྲོད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་གྲོང་ཚོའི་མང་ཚོགས་ལ་དྲོ་སྐྱིད་དང་རེ་བ་སྦྱིན་ཡོད།

    ཕུའུ་ཕིང་རྫོང་ལུའོ་ཐའོ་དབན་གྲོང་ཚོ་དང་ཀུའུ་ཅ་ཐའེ་གྲོང་ཚོར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་བཀའ་འདྲི་གནང་བ་མ་ཟད། ཡུལ་མི་ཚོར“ཡིད་ཆེས་ཡོད་ཚེ། ས་སེར་གསེར་དུ་གྱུར་སྲིད”ཅེས་སྐུལ་ལྕག་ཀྱང་གནང་། ཀྲེང་ཏིང་རྫོང་ཐ་ཡོན་ཀྲོང་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་པ་མང་ཚོགས་མུ་མཐུད་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་རང་རེའི་ཏང་གི་དམིགས་ཡུལ་མཚོན་པའི་ཕྱོགས་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་། ཀྲང་པེ་རྫོང་ཏེ་ཧྲེང་གྲོང་ཚོར་གྲོང་མི་དང་མཉམ་དུ་ཁྱིམ་ཚང་གི་ཡོང་འབབ་གླེང་གནང་བ་དང་འབྲེལ་ཡུལ་བབ་དང་བསྟུན་ནས་གནད་སྨིན་དབུལ་སྒྲོལ་གྱི་ལམ་བུ་འཚོལ་ཞིབ་བྱེད་དགོས་པའི་མངགས་བཅོལ་གནང་།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧོ་པེ་ཞིང་ཆེན་གྱིས་རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་དམ་འཛིན་བྱེད་པའི་ལས་དོན་དོན་འཁྱོལ་བྱས་པར་བརྟེན། ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་232.3ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་7746ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་62ཚང་མ་དབུལ་ཞྭ་ཕུད་པ་བཅས་ཀྱི་དགའ་བའི་གྲུབ་འབྲས་ཐོབ་ཡོད།

    2021ལོའི་ཟླ་8ཚེས་24ཉིན་གྱི་ཕྱི་དྲོ། ཡན་ཧྲན་རི་རྒྱུད་དུ་གནས་པའི་ཁྲེང་ཏེ་གྲོང་ཁྱེར་ཧྲོང་ལོན་ཆུས་ཏ་ཀུའེ་ཁོའུ་གྲོང་ཚོའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་དགའ་འབོད་བྱས་ཤིང་། “ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད། གྲོང་གསེབ་ཀྱི་གོམ་སྟབས་རྗེས་མའི་དམིགས་ཚད་ནི་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ཡིན། གྲོང་ཁྱེར་དང་གྲོང་རྡལ་ཡག་པོ་ཡོང་བ་བྱེད་དགོས་པ་མ་ཟད། གྲོང་གསེབ་ཀྱང་ཡག་པོ་ཡོང་བ་བྱེད་དགོས། གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་ཡག་པོ་གཅིག་མཚུངས་ཡོང་བ་བྱེད་དགོས། ང་ཚོས་བློ་ཡིད་ཚིམས་ནས་སྡོད་མི་རུང་བར་ད་དུང་ཡང་འབད་བསྐྱར་འབད་བྱེད་དགོས”ཞེས་གསུང་སྐབས་དེ་ཡོད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས།

    “འབྱུང་འགྱུར་གྲོང་ཁྱེར”གྱི་རྣམ་པ་རགས་ཙམ་ཆགས་པ།

    དབྱར་དུས་སུ་ཧོ་པེ་ཞུང་ཨན་ཁུལ་གསར་དུ་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་རྣམ་པས་ཁེངས་ཤིང་། ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི“འབྱུང་འགྱུར་གྲོང་ཁྱེར”ཞིག་སྐྲུན་བཞིན་ཡོད།

    ཧོ་པེ་ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཐབས་ཇུས་འདིང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གཏོང་བ་བཅས་གནང་ནས་ཞུང་ཨན་ཁུལ་གསར་འཆར་འགོད་འཛུགས་སྐྲུན་ལ་ལམ་སྟོན་དང་ཁ་ཕྱོགས་གཏན་འཁེལ་གནང་ཡོད།

    2017ལོའི་ཟླ་2ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཧོ་པེ་ཞིང་ཆེན་ཨན་ཤིན་རྫོང་དུ་ཕེབས་ནས་འཆར་འགོད་ཁུལ་གསར་གྱི་ལྟེ་བའི་ཁུལ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། “ཞུང་ཨན་ཁུལ་གསར་ནི་ང་ཚོས་ཕ་ཚ་བུ་རྒྱུད་ལ་བཞག་པའི་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་ཡིན་པས་ངེས་པར་དུ‘འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། གནས་བབ་མཐོ་བ’བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག་ཏུ་ཧུར་ཐག་སྐྲུན་དགོས”ཞེས་ཨན་ཤིན་རྫོང་གི་བཞུགས་མོལ་ཚོགས་འདུ་འཚོག་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་སྐྲུན་དགོས་པའི་ཁྱབ་བསྒྲགས་གནང་བ་རེད།

    ལོ་5ལྷག་ཙམ་རིང་། རྩེ་རིམ་ཇུས་འགོད་བསྒྲུབས་པ་ནས་གཞི་ཁྱོན་ཆེ་བའི་ངོ་བོའི་རང་བཞིན་གྱི་འཛུགས་སྐྲུན་བྱེད་པའི་བར་ཞུང་ཨན་ཁུལ་གསར་ཚ་ཚ་འུར་འུར་ངང་བསྐྲུན་པར་བརྟེན། མིག་སྔར་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་དང་འབྲེལ་མཐུད་བྱེད་པ་དང་འཛུགས་སྐྲུན་དུས་གཅིག་ཏུ་སྐུལ་འདེད་གཏོང་བའི་གལ་ཆེའི་དུས་མཚམས་སུ་སླེབས་ཡོད། ཁུལ་གསར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3700ལྷག་ཙམ་བཏང་བ་དང་། ལམ་དང་ཆུ་རྒྱུད་སོགས་གྲོང་ཁྱེར་འཛུགས་སྐྲུན་གྱི“མ་ལག་ཆེན་པོ་བཞི”གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་གྲོང་ཁྱེར་གྱི་སྒྲོམ་གཞི་ཕྱོགས་ཡོངས་ནས་གྲུབ་ཡོད།

    “ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ་ནི་ལོ་རྒྱུས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ནས‘བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི’བསམ་པའི་འཁྱེར་སོ་ཡོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོར་དོན་སྙིང་གལ་ཆེན་ལྡན་ཡོད།

    “རྒྱུགས་འབུལ”ལ་ནམ་ཡང་ཚར་དུས་མེད་པ།

    2013ལོའི་ཟླ་7ཚེས་11ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་དུ་ཕེབས་ནས་ཤིས་པའེ་ཕའོ་རུ་གཟིགས་སྐོར་གནང་བ་དང་འབྲེལ་གྲགས་ཅན་གྱི་ཟླ་དགུ་པའི་ཚོགས་འདུའི་གནས་རྙིང་དུ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་། ཏང་ཡོན་རྒན་གྲས། མང་ཚོགས་ཀྱི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    “ཚང་མ་སྒྲོག་ཙེ་རིང་པོའི་མཐའ་འཁོར་དུ་མཉམ་དུ་བསྡད་པ་དང་ངའི་ཁ་སྤྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་བཞུགས་ཡོད”ཅེས་ཕིང་ཧྲན་རྫོང་ཤེས་པའེ་ཕའོ་གྲོང་རྡལ་ལེའང་ཅ་ཀོའུ་གྲོང་ཚོའི་ལོ་62ལ་སླེབས་པའི་ཏང་ཡོན་རྒན་གྲས་ཁྲེན་སོའོ་ཕིང་གིས་དྲན་གསོ་བྱེད་བཞིན་བཤད། ཐེངས་དེའི་བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་གཉིས”ལ་གྲོས་བསྡུར་ཟབ་མོ་གནང་བས་བགྲེས་སོང་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།

    “རྒྱུགས་འབུལ”ལམ་བུ་གསར་པའི་ཐོག་ཕིང་ཧྲན་རྫོང་གིས་ལས་བྱེད་པ་ཡག་ཤོས་དབུལ་སྐྱོར་གྱི་འཐབ་ཕྱོགས་དང་པོར་བཏང་ནས་རྫོང་དབུལ་པོའི་དབུལ་ཞྭ་ཧུར་ཐག་ཕུད་དེ“གསར་བརྗེའི་སྔོན་བྱོན་པ་ཚོའི་བསམ་འདུན”བསྒྲུབས་ཡོད། ཏང་ཡོན་རྒན་གྲས་ཚོས་ལེགས་སྐྱེས་ལྷག་མ་འབུལ་རྒྱུར་སྣང་ཆེན་དང་། ན་གཞོན་ཏང་ཡོན་ཚོས་མུ་མཐུད་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཧུར་ཐག ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ནི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་སུ་གྱུར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཧོ་པེ་ཞིང་ཆེན་གྱིས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་ཤུགས་ཆེན་གཏོང་བ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་པ་སྟེ། ལྕགས་དང་ངར་ལྕགས་ཀྱི་ཐོན་ནུས་མང་ཤོས་སྐབས་ཀྱི་ཏུན་དུང་ཕྱུར་3.2ནས་ཏུན་དུང་ཕྱུར་2བར་ཉུང་དུ་བཏང་བ་དང་། ཞིང་ཆེན་རིམ་པའི་གཙོ་ཁྲིད་ཐོན་ལས་12དང་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་107སྐྱེད་སྲིང་དང་སྟོབས་ཆེར་བཏང་བ། བྱ་ཐབས་སྤྱད་དེ་སྦགས་བཙོག་བཅོས་སྐྱོང་བྱས་པས་ཞིང་ཆེན་ཡོངས་ཀྱི་PM2.5ཡི་ཆ་སྙོམས་གར་ཚད་མུ་མཐུད་ཆག་ནས་དགུང་སྔོན་སྤྲིན་དཀར་གྱི་གནམ་གཤིས་བསྟན་མང་དུ་ཕྱིན་པ་ལ་སོགས་ལས་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    “རྒྱུགས་འབུལ་ལ་ནམ་ཡང་ཚར་དུས་མེད” “པེ་ཅིང་དུ་རྒྱུགས་འབུལ་བྱེད་པར་སྐྱོད་མཁན”ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཕིང་ཧྲན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆན་ཧྥེང་གིས་ང་ཚོས“ངེས་པར་དུ་གཉིས”ནམ་ཡང་བློ་ལ་བརྟན་པོ་འཆང་བ་དང་། ཐོག་མཐའ་བར་གསུམ་དུ“རྒྱུགས་འབུལ”སྙིང་སྟོབས་རྒྱུན་འཁྱོངས། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།