དབུ་ཤོག>ཆེད་སྒྲིག
  • པོ་ཧའེ་མཚོ་ཁུག་གི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    ལེ་ཚན་གཏོད་པའི་གཏམ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངལ་དང་ཚ་གྲང་ལ་མ་འཛེམས་པར་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕེབས་ནས་དམངས་ཀྱི་གནས་ཚུལ་མཁྱེན་རྟོགས་དང་དམངས་ཀྱི་རེ་འདུན་གསན་ཏེ། མེས་རྒྱལ་གྱི་ས་གཞི་ཆེ་མོའི་ཐོག་ཞབས་རྗེས་བརྟན་པོ་བཞག་པ་དང་། མི་དམངས་དུང་ཕྱུར་མང་པོའི་སེམས་ནང་དྲོ་སྐྱིད་ལྡན་པའི་དྲན་ཤེས་བཞག་གནང་ཡོད། དེ་རིང་ནས་བཟུང་ཤིན་ཧྭ་གསར་འགྱུར་ཁང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ”ཞེས་པའི་ལེ་ཚན་བཏོད་ནས་གཙོ་གནད་འཕྲིན་སྤེལ་ཁག་31བསྟུད་མར་འགོད་རྒྱུ་ཡིན་ཞིང་། འདི་ག་ཚགས་པར་གྱིས་འབྲེལ་ཡོད་འཕྲིན་སྤེལ་རྒྱུན་མཐུད་འགོད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    རྒྱལ་ཁབ་ཀྱི་འཐབ་ཇུས་ཐན་ཅིན་གྱི་བྱས་རྗེས།

    ཟླ་5པར། ཅིན་ཀུའུ་ས་གཞི་ཆེ་མོའི་ཐོག་གི་དྲན་ཤེས་ནི་རྟག་ཏུ་དྲོ་སྐྱིད་ལྡན་པ་ཞིག་ཡོད་ཅིང་། 2013ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་རྟོག་ཞིབ་ཐེངས་དང་པོ་གནང་བའི་དུས་ཚོད་ནི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ནམ་དུས་ཤིག་རེད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱོང་བ་སོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེན་ཅིན་དུ་ཐེངས་བཞི་ཕེབས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་འགོད་པ་དང་སྒྱུར་བཅོས་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་ནས་ས་རྒྱུ་གཤིན་པོ་འདིར་སྟོབས་ཤུགས་ཚད་མེད་སྦྱིན་གནང་ཡོད།

    “ཕུགས་འདུན་རིང་པོ་བཅངས་ནས་འཛམ་གླིང་ཐོག་གི་རིག་ལྡན་གྲུ་ཁ་དང་ལྗང་མདོག་གྲུ་ཁ་རྩེ་གྲ་ཧུར་ཐག་བཏོད་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས”ཞེས་2019ལོའི་ཟླ་1ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ཐེན་ཅིན་གྲུ་ཁར་རྟོག་ཞིབ་གནང་སྐབས་གསུངས་པ་ཞིག་རེད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་རེད། བརྗིད་ཆེའི་འཆར་གཞི་འདི་ཐེན་ཅིན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེཌ་བྱས་ཏེ། ཐེན་ཅིན་བྱང་ཕྱོགས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་སྐྲུན་མགྱོཌ་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་འགྱུར་བ་བྱས་པ་རེད།

    ཐེན་ཅིན་དང་ཧོ་པེ་གཉིས་ཀྱི་ས་བབ་འདྲ་པོ་ཡོད་པ་དང་། ས་གནས་གཉིས་ཀྱི་གྲུ་ཁ་ནི“ཁྱིམ་མཚེས”ལྟ་བུ་ཡིན་མོད། འོན་ཀྱང་སྔོན་ཆད“འགྲན་ཟླ”རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་རྗེས། ཐེན་ཅིན་བྱང་ཕྱོགས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་བའི་ཁུལ་གྱི་ངེས་གནས་ཁ་གསལ་བཟོས་ནས་ཧོ་པེ་ཞིང་ཆེན་གྱི་གྲུ་ཁ་དང་མཉམ་ལས་ཆགས་པ་དང་གནས་འཛོལ་འཕེལ་རྒྱས་ཡོང་བ་བྱས་པ་རེད།

    ཐེན་ཅིན་གྲུ་ཁ་ནི་ལོ་བརྒྱ་སོང་བའི་གྲུ་ཁ་རྙིང་པ་ཞིག་ཡིན་པ་དང་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་གྲུ་ཁ་800ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད། མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཚུན། ཐེན་ཅིན་གྲུ་ཁས་རོགས་ཟླ་དེ་བས་མང་བར་ཕན་པ་བསྐྲུན་ཡོད།

    ཐེན་ཅིན་དང་ཧོ་པེ་གྲུ་ཁ་ཁྱུ་ཚོགས་བསྐྲུན་པས་པེ་ཅིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུ་བཞིན་ཡོད་ཅིང་། ཐེན་ཅིན་གྲུ་ཁ་མ་རྐང་ཚད་ཡོད་ཀུང་སིའི་ལས་སྒོ་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་རེན་ཝུའེ་ཡིས། པེ་ཅིང་པན་ཁྲེ་རླངས་འཁོར་ཚད་ཡོད་ཀུང་སིར་དཀའ་གནད་ཅིག་ཕྲད་པ་སྟེ། པེ་ཅིང་ནས་ཅང་སུའུ་དང་ཀྲེ་ཅང་ས་ཁུལ་བར་གྱི་སྐམ་ལམ་སྐྱེལ་འདྲེན་དུས་ཡུན་རིང་བ་དང་མ་གནས་མཐོ་བ་དེ་རེད། “ང་ཚོས་འཕྲལ་མར་ཆེད་དོན་ལག་རྩལ་རིགས་པས་ཁུངས་སྐྱེལ་བྱེད་པ་སྒྲིག་འཛུགས་བྱས་ནས་ཐེན་ཅིན་གྲུ་ཁ་ནས་ཉིང་པོ་གྲུ་ཁར་སྐྱོད་པའི་ཆུ་ལམ་གང་མགྱོགས་ཤར་གཏོང་ཐུབ་པར་བྱས་པ་ཡིན”ཞེས་བརྗོད།

    ད་ཐེངས་རྟོག་ཞིབ་གནང་རིང་། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེན་ཅིན་པིན་ཧའེ—ཀྲུང་ཀོན་ཚུན་ཚན་རྩལ་གླིང་དུ་ཕེབས་ཤིང་། ཁོང་གིས་ཚན་རྩལ་གླིང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། པེ་ཅིང་གི་ཚན་རྩལ་ཞབས་ཞུའི་ཐོན་ཁུངས་དེ་བས་མང་བ་གླིང་ཁུལ་དུ་མ་འཇོག་གམ་ཡང་ན་ལས་སྒོ་སྣུར་སྲིང་བྱེད་རྒྱུའི་ཡིད་དབང་འགུག་པ་བཅས་བྱས་ནས། པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་དབར་ལེགས་ཆ་གསབ་རེས་དང་དྲག་གྲས་མཉམ་འབྲེལ་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལོ་གསུམ་རིང་། འདི་གར་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་བསྐྲུན་པ་དང་། ཁེ་ཕན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་གསར་གཏོད་བྱས་ནས་ཁེ་ལས་3000ལྷག་ཙམ་ཐོ་འགོད་བྱེད་པའི་ཡིད་དབང་བཀུག་ཅིང་། དེའི་ནང་པེ་ཅིང་ནས་ཐེན་ཅིན་དུ་བསྐྱོད་པའི་ཁེ་ལས་ཀྱིས་བསྡུར་གྲངས་བཟུང་ཚད་2019ལོའི་16%ནས་30%བར་མཐོ་རུ་ཕྱིན་པ་རེད།

    2013ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་རྒྱལ་སྤྱིའི་སྐྱེ་དངོས་སྨན་རྫས་མཉམ་འབྲེལ་ཞིབ་འཇུག་ཁང་དུ་གནང་བའི་བཀའ་མོལ་ལས། སྐབས་དེ་དུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་མཁན་ཀྲོའུ་ཙེ་ཆིར་སྒུལ་ཤུགས་ཆེན་པོ་བྱིན་ཞིང་། ཀྲོའུ་ཙེ་ཆིས“ངས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལྟེ་བའི་འགག་རྩའི་ལག་རྩལ་ལ་དམིགས་ཏེ། རང་རྟེན་གསར་གཏོད་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་ཀྱི་ཡིན”ཞེས་བརྗོད།

    ཟླ་10ཡི་རྗེས་སུ“ཕྱི་རྒྱལ་ནས་ལོག”སྟེ་ཏན་ན(ཐེན་ཅིན)སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བཙུགས། ད་ཆ་ཀུང་སི་འདི་གནོད་སྐྱོན་རང་བཞིན་གྱི་འབུ་ཕྲའི་འགོས་ནད་ཐོག་མའི་བརྟག་དཔྱད་སྣེ་ཁྲིད་པར་གྱུར་ཅིང་། ཀྲོའུ་ཙེ་ཆིས“གསར་གཏོད་ལས་གཏོད་བྱས་ན་མི་གཞོན་ཤ་དོད་དུ་འགྲོ་གི་འདུག ང་ལོ་70ལ་སླེབས་བཟོ་འདུག་གམ”ཞེས་བརྗོད།

    2021ལོར་ཐེན་ཅིན་གྱིས་པེ་ཅིང་ས་ཁུལ་གྱི་མ་དངུལ་རྣམ་གྲངས་ཁག་1076ནང་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར་1369.80དམིགས་སར་འབྱོར་བ་དང་། 8.5%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱིས་ནང་འདྲེན་བྱས་པའི་རྒྱལ་ནང་མ་རྩའི་བསྡུར་གྲངས་ཀྱི་40%ལྷག་ཙམ་བཟུང་ཡོད་པ་རེད།

    སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ཐེན་ཅིན་གྱི་ཚོད་ལྟ།

    འདི་ལོའི་ཟླ་5པ་ནས་བཟུང་། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་གཞན་ཞིག་ཐེན་ཅིན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་ལག་བསྟར་བྱེད་འགོ་ཚུགས་པ་དེ་ནི་ཁྲོམ་རའི་བྱེད་པོ་ཐོ་འགོད་སྟབས་བདེ་དེ་རེད།

    2013ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས། ཐེན་ཅིན་གྱིས་པིན་ཧའེ་ཁུལ་གསར་གྱི་ལས་སྟེགས་གང་ལེགས་སྤྱད་དེ་སྒྱུར་བཅོས་བྱ་ཐབས་གལ་ཆེན་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ། རྒྱལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཉམས་མྱོང་ཧུར་ཐག་གསོག་དགོས་ཞེས་བསྟན་གནང་བ་རེད།

    ལོ་གཅིག་གི་རྗེས་སུ་རྒྱལ་ཡོངས་ཀྱི་སྔོན་ལ་པིན་ཧའེ་ཁུལ་གསར་གྱི་སྒོ་བྱང་བཀལ་ནས་སྲིད་འཛིན་ཞིབ་མཆན་ཅུས་བཙུགས་པ་དང་། གཞུང་ཐམ་གཅིག་གིས་དེ་སྔའི་སྡེ་ཚན་18ཀྱི་གཞུང་ཐམ་109ཡི་ཚབ་བྱས་ཡོད། “གཞུང་ཐམ་གཅིག་གིས་ཞིབ་མཆན་འགོད་པར་དོ་དམ་བྱེད་པའི”ཉམས་མྱོང་དེ་ད་ཆ་རྒྱལ་ཡོངས་སུ་སྤྱོད་བཞིན་ཡོད། དེ་རྗེས། ཁས་ལེན་ལམ་ལུགས་ཀྱི་ཞིབ་མཆན་འགོད་པ་དང་། པེ་ཅིང་དང་ཐེན་ཅིན་གྱི་རང་མོས་ཚོང་དོན་ཀུན་སྒྲུབ། འཕྲལ་མར་ལས་འགོ་འཛུགས་པ་སོགས་སྒྱུར་བཅོས་ཀྱི་བྱ་ཐབས་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

    2013ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཤིན་ཐེན་ཅིན་སྐྱེ་ཁམས་གྲོང་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་གྲོང་གིས་སྔོན་ཐོན་རང་བཞིན་དང་། རྩེར་སོན་ཅན། འདྲ་བཟོ་ཐུབ་པ་དང་། ཁྱབ་གདལ་གཏང་ཆོག་པ་བཅས་ཀྱི་ཕྱོགས་གཉིས་ལ་ལྟ་རྟོག་ཡག་པོ་བྱས་ནས་མི་དང་མིའི་དབར་དང་། མི་དང་དཔལ་འབྱོར་བྱེད་སྒོ མི་དང་ཁོར་ཡུག་བཅས་ཞི་མཐུན་མཉམ་གནས་ཐུབ་པ་སོགས་ལ་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་ལན་བཏབ་སྟེ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་མིག་དཔེ་སྟོན་ཐུབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    འབྱུང་འཕྲོད་འཛུགས་སྐྲུན་100%ཡི་འཛུགས་སྐྲུན་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས་འགྱིག་བལ་གྲོང་ཁྱེར་བསྐྲུན་པ་དང་། སྙིགས་རོ་མེད་པའི་གྲོང་ཁྱེར་བསྐྲུན་པ། སྔོ་འགྱུར་ཁྱབ་ཚད་50%ཟིན་པ། ཆུ་སྐྱ་དང་ངང་ནག་སོགས་ཆུ་བྱ་100ལྷག་ཙམ་འདི་གར་འཚོ་སྡོད་བྱེད་པ་སོགས། སྐྱེ་ཁམས་གྲོང་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཁྲེང་ཧན་གྱིས“ཁུལ་འདི་ནི་འདབ་ཆགས་སྐད་སྙན་འབྱིན་ཞིང་མེ་ཏོག་དྲི་ཞིམ་འཐུལ་སའི་སྤྱི་གླིང་ཆེན་པོ་ཞིག་རེད”ཅེས་བརྗོད།

    སློབ་སྦྱོང་དང་འབད་འཐབ་བྱེད་པའི་ཐེན་ཅིན་གྱི་ལག་ལེན།

    2017ལོའི་ཟླ་8ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཉིན་དེའི་སྔ་དྲོར། རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པའི་འཐུས་མི། དེ་བཞིན་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་རྣམ་གྲངས་ལ་བྱ་དགའ་ཐོབ་པའི་ལུས་རྩལ་བའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་གྱིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བའི་ཕུགས་འདུན་འགྲུབ་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཐེན་ཅིན་གྱི“སྐར་མ་བཅོ་ལྔའི་ལུས་སྦྱོང་འཁོར་རྒྱ”རགས་ཙམ་ཆགས་ནས་རྒྱལ་དམངས་ཀྱི་གཟུགས་གཞི་ཚད་འཇལ་གཏན་འཁེལ་གྱི་ཚད་གཞི་ལོན་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་ཐེན་ཅིན་གྱི་ལུས་རྩལ་བར་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་1ཐོབ་ནས་ཕྱི་རྒྱལ་དུ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།

    “རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་བསམ་བློ་དང་མི་རིགས་ཀྱི་བླ་སྲོག་རེད”ཅེས་པའི་བཀའ་མོལ་འདི་ནན་ཁའེ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝང་ཤིན་ཧྲེང་གིས་བློ་ལ་གསལ་པོར་ངེས་ཡོད། 2019ལོའི་ཟླ་1ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས། “དྲང་སྙོམས་དྲང་གཞག་དང་ཡར་ངོའི་ཟླ་ལྟར་འཕེལ”ཞེས་པའི་སློབ་གྲྭའི་གདམས་ངག་དང“རྒྱལ་གཅེས་ཀྱི་དྲི་བ་གསུམ”སོགས་ཀྱི་འགྲེམས་པང་མདུན་དུ་ཕེབས་མཚམས་བཞག་ནས་གཟིགས་པ་དང་། གསུང་སྐད་དམའ་པོས་ཡང་ཡང་ཀློག་གནང་བ་དང་འབྲེལ། ཁོང་གི་སྤྱན་ལས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དད་སེམས་བརྟན་པོ་མངོན།

    ལང་ཚོ་དར་བའི་གཞོན་ནུར་ཕུགས་བསམ་དང་དད་སེམས་བརྟན་པོ་ལྡན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལས་ནན་ཁའེ་སློབ་ཆེན་གྱི་དགེ་སློབ་ཚོར་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་མེས་རྒྱལ་དང་མི་དམངས་ལ་ཕུལ་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ནང་བློ་སྟོབས་ཆེར་སྐྱེད་ཀྱི་ལེའུ་རྩོམ་པར་སྐུལ་མ་ཐེབས་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།