དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-26

    1987ལོ།

    ★ ཟླ་4ཚེས་13ཉིན། ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་པེ་ཅིང་དུ《ཨའོ་མོན་གནད་དོན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་འབྲེལ་གསལ་བསྒྲགས》ལ་དངོས་སུ་མིང་རྟགས་བཀོད་ནས་ཀྲུང་གོ་སྲིད་གཞུང་གིས་1999ལོའི་ཟླ་12ཚེས་20ཉིན་ཨའོ་མོན་གྱི་བདག་དབང་སླར་གསོ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ★ ཟླ་4ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི《མི་རིགས་ལས་དོན་གྱི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་སྙན་ཞུ》མཆན་བཀོད་བརྒྱུད་སྤྲོད་བྱས་ནས་དུས་སྐབས་གསར་པའི་མི་རིགས་ལས་དོན་གྱི་སྤྱིའི་མཛུབ་ཁྲིད་བསམ་བློ་དང་རྩ་བའི་ལས་འགན་རྒྱས་བཤད་བྱས་པ་རེད།

    ★ ཟླ་10ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་གཉེན་འཕྲད་ལ་ཡོང་བའི་སྤུན་ཟླ་ཐའེ་དབན་བར་སྣེ་ལེན་བྱ་རྒྱུའི་སྐོར་གྱི་བྱ་ཐབས་ཁྱབ་བསྒྲགས་བྱས་པ་རེད། ཟླ་11ཚེས་2ཉིན། གཉེན་འཕྲད་ལ་ཡོང་བའི་སྤུན་ཟླ་ཐའེ་དབན་བ་ཁག་དང་པོ་ཤང་ཀང་བརྒྱུད་སྐམ་ས་ཆེ་མོར་འབྱོར་བ་རེད། དེ་ནས་བཟུང་། དུས་ཡུན་ལོ་38ཙམ་རིང་ངོགས་གཉིས་ཀྱི་འབྲེལ་ཐག་ཆད་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་ངོགས་གཉིས་པོའི་མི་སྣ་འགྲོ་འོང་དང་དཔལ་འབྱོར་རིག་གནས་སྤེལ་རེས་རིམ་བཞིན་བྱེད་འགོ་ཚུགས་པ་རེད།

    ★ ཟླ་10ཚེས་25ནས་ཟླ་11ཚེས་1ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པ་དང་། ཚོགས་ཆེན་ཐོག《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱེད་དགོས》ཞེས་པར་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དོན་ཚན་ཁག་གཅིག་གི་བཟོ་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་བ་རེད།

    ★ ཟླ་11ཚེས་2ཉིན། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲའོ་ཙེ་དབྱང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་བསྐོ་བྱས་པ་དང་། ཏེང་ཞའོ་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཁྲེན་ཡུན་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཆའོ་ཧྲི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བསྐོ་རྒྱུར་ཆོག་མཆན་སྤྲད་པ་རེད།

    ★ ཟླ་11ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས(ཚོད་ལྟའི་ལག་བསྟར)》ལ་གྲོས་འཆམ་བྱུང་བ་རེད། 1998ལོའི་ཟླ་11ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་བའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)

    (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།