འདི་ལོ་ལོ་35ལ་སླེབས་པའི་ཀའོ་དབྱང་ནི་ལྷ་ས་གྲོང་ཁྱེར་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཆབ་སྲིད་ཁྲུའུ་ཡི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་ཡིན་ཞིང་། ཁོང་གིས་གངས་ལྗོངས་ས་མཐོར་བགྲང་བྱ་14ཡི་རིང་མཐའ་མཚམས་བསྲུངས་ནས་བསྡད།
དེ་སྔ་ཀའོ་དབྱང་དང་ལས་རོགས་ཚོས་མེ་སྐྱོན་ཐོན་སར་བསྐྱོད་དེ་ཆུ་ཚོད་11ཙམ་བསྟུད་མར་འབད་འཐབ་བྱས་ཏེ། སྤྱི་ལེ་ངོས་གྲུ་10ལྷག་ཙམ་ཁུལ་གྱི་མེ་གསོད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས།
དེ་དུས་ལས་འགན་བསྒྲུབ་རྒྱུའི་བཀའ་འབྱོར་མ་ཐག་ཀའོ་དབྱང་དང་ལས་རོགས་ཚོས་འཕྲལ་མར་མེ་སྐྱོན་ཐོན་སར་ཆས། མེ་སྐྱོན་ཐོན་སར་སླེབས་རྗེས་ཀའོ་དབྱང་གིས་ལྷགས་ཕྱོགས་དང་། ས་དབྱིབས། མེ་འབར་ས་སོགས་ཀྱི་གནས་ཚུལ་ལྟ་ཞིབ་བྱས་རྗེས་དེ་མུར་གདོང་མཆོང་མ་བྱས་གོང་གི་སྐུལ་སློང་བྱས།
“དམག་འཐབ”མཇུག་འགྲིལ་རྗེས་ངལ་དུབ་ཀྱིས་མནར་བའི་ལས་རོགས་ཚོས་ངལ་གསོས་ནས་བཟའ་བཏུང་སྟབས་བདེ་ཞིག་བྱས། ལས་རོགས་ལིའུ་མིན་གྱིས་ཡུད་ཙམ་ཞིག་ལ་འབྲས་ཚང་མ་བཟས་ཚར་བས་ཀའོ་དབྱང་གིས་རང་ཉིད་ཀྱི་འབྲས་ལིའུ་མིན་ལ་སྤྲད་ནས་ཁོང་རང་ལམ་རྒྱགས་བཟས་ནས་བསྡད།
2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་རྗེས་ཀའོ་དབྱང་གིས་རང་འགུལ་ངང་ཡོམ་འགོག་གེགས་སེལ་ཡན་ལག་རུ་ཆུང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་མ་ཟད། འཕྲལ་མར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཨ་རྩེ་སྒང་གྲོང་ཚོ་དང་གནས་གྲོང་ཚོ་དང་དེ་བཞིན་ས་ལེ་ཤང་གི་ས་ལེ་གྲོང་ཚོ་དང་། གྲ་གྲོང་ཚོ། ཀོ་པ་གྲོང་ཚོ་བཅས་ལ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།
གེགས་སེལ་བྱེད་སར་འབྱོར་སྐབས་ཡོམ་འཕྲོ་མངོན་གསལ་དོད་པོ་ཡོད། ཁྱིམ་ཚང་རེ་རེ་བཞིན་སྒྲིག་འཛུགས་བྱས་ནས་ཕྱིར་འཐེན་བྱེད་སྐབས་ཀའོ་དབྱང་དང་ལས་རོགས་ཚོས་ཕྲུ་གུ་ཆུང་ཆུང་ཞིག་ཁང་པ་ཞིག་རོའི་འོག་ལུས་པ་ཤེས། བརྡར་ཤ་དཔྱད་པ་བརྒྱུད། ཀའོ་དབྱང་དང་ལས་རོགས་ཚོས་འཕྲལ་མར་བྱེད་ཐབས་སྤྱད་དེ་སྐར་མ་བཅུ་ལྷག་ཙམ་ནང་ཕྲུ་གུ་དེ་བསྐྱབས།
དམག་མིར་ཞུགས་རྗེས་ཀྱི་ལོ་མང་རིང“དམག་འཐབ”དྲག་པོ་ཐེངས་མང་ནང་ཞུགས་པ་བརྒྱུད། ཀའོ་དབྱང་ཆ་རྒྱུས་གང་ཡང་མེད་པའི་ཕོ་གཞོན་ཞིག་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་སེམས་ཡོད་པ། ལེགས་སྐྱེས་འབུལ་བར་སྤྲོ་བའི་དུས་རབས་གསར་པའི་དམག་མིར་གྱུར།
2018ལོའི་ཟླ་གསུམ་པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི》བཀྲམ་ནས་སྤྱི་བདེ་མཐའ་སྲུང་དཔུང་སྡེའི་མཉམ་སྡེབ་དངོས་ཞབས་ནས་ཕྱིར་འཐེན་བྱས་ཏེ། མཐའ་སྲུང་དྲག་ཆས་ཉེན་རྟོག་ནས་རྒྱལ་ཁབ་ཀྱི་གནས་སྤོས་མི་སེར་དོ་དམ་གྱི་ཉེན་རྟོག་པར་བསྒྱུར་རྒྱུའི་གཏན་འབེབས་གསལ་པོ་བྱས།
ཐོབ་ཐང་ལ་འགྱུར་ལྡོག་བྱུང་ཡང་ཏང་གི་བཀོད་པར་ཉན་པ་དང་ལྷག་བསམ་རྣམ་དག་གིས་མཐའ་མཚམས་སྲུང་བའི་ཕུགས་བསམ་དང་དད་སེམས་ལ་འགྱུར་ལྡོག་བྱུང་མེད་ལ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་འགན་དང་འགན་འཁྲིར་འགྱུར་ལྡོག་ཀྱང་བྱུང་མེད།
ཀའོ་དབྱང་གིས་བཤད་པ་བཞིན“རང་གི་ནུས་པས་ལྕོགས་ཚོད་ཀྱིས་རྒྱལ་ཁབ་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་ནི་ཐོག་མའི་བསམ་འདུན་ཡིན་ལ། འགན་འཁྲི་དེ་བས་ཡིན”ཞེས་པ་དེ་རེད།
2021ལོའི་ཟླ་8པར་ཀའོ་དབྱང་ལ་ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོའི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཅང་ཧྲོའེ་པོས“ང་ཚོའི་གྲོང་ཚོའི་གྲོ་གཅིག་སྡུད་བརྔ་བསྡུ་བྱེད་དགོས། འོན་ཀྱང་གྲོང་མི་ཁ་ཤས་ཀྱི་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བས་ཁྱེད་ཚོས་རོགས་པ་བྱས་ན་འགྲིག་གམ”ཞེས་པའི་རོགས་སྐྱོབ་ཁ་པར་འབྱོར།
ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སྒྲིག་འཛུགས་འོག་ཀའོ་དབྱང་དང་ལས་རོགས་ཚོ་མཉམ་དུ་ཤེལ་གྲོང་གྲོང་ཚོའི་མང་ཚོགས་ལ་གྲོ་བརྔ་རོགས་བྱེད་པར་བསྐྱོད། “ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”སྨིན་ཟིན་པའི་གྲོ་རྟོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་དུ་བཅུག་ཟིན་པ་མཐོང་སྐབས་ཤེལ་གྲོང་གྲོང་ཚོའི་གྲོང་མི་སྤེན་པ་ཚེ་རིང་གིས་དེ་ལྟར་བཤད།
ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་རྒྱལ་མཚམས་སྲུང་བ་དང་། མེ་སྐྱོན་ཐོན་སར་ལྡོག་བཞུད་བྱས་ཀྱང་རུང་། ཡང་ན་ཡོམ་ཁུལ་དུ་བྱིས་པ་སྐྱོབ་པ་དང་། མང་ཚོགས་ལ་ལོ་ཏོག་བསྡུ་རོགས་བཅས་བྱ་བ་གང་བྱས་ཀྱང་ཀའོ་དབྱང་དང་ཁོང་གི་ལས་རོགས་ཚོས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད།