དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་ཀྲང་གཞོན་པ་དབྱང་ཀོང་མིང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-05-17

    བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་ཀྲང་གཞོན་པ་དབྱང་ཀོང་མིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    དབྱང་ཀོང་མིང་གི་ལོ་རྒྱུས་མདོར་བསྡུས།

    དབྱང་ཀོང་མིང་། སྐྱེས་པ། རྒྱ་རིགས། 1954ལོའི་ཟླ་10པར་སྐྱེས། སི་ཁྲོན་རེན་ཧྲོའུ་བ། 1972ལོའི་ཟླ་12པར་ལས་ཀར་ཞུགས། 1975ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན།

    1972ལོའི་ཟླ་12པ་ནས་1976ལོའི་ཟླ་3པའི་བར། བཅིངས་འགྲོལ་དམག་ཧྲི་ཤོག་53པའི་འཐབ་འཛིང་བ་དང་། མཚོན་ཆ་དོ་དམ་པ། དྲུང་ཡིག་བཅས་བྱས།

    1976ལོའི་ཟླ་3པ་ནས་1978ལོའི་ཟླ་9པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ལས་ཀ་བྱས།

    1978ལོའི་ཟླ་9པ་ནས་1979ལོའི་ཟླ་5པའི་བར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་སྤྱི་བདེ་ཅུས་སུ་ལས་ཀ་བྱས།

    1979ལོའི་ཟླ་5པ་ནས་1987ལོའི་ཟླ་7པའི་བར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་སྤྱི་བདེ་ཅུས་ཀྱི་དྲུང་ཡིག་ཀུའུ་ཡི་ཀུའུ་ཀྲང་དང་ཅུས་ཀྲང་གཞོན་པ་བྱས།

    1987ལོའི་ཟླ་7པ་ནས་1989ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་སྤྱི་བདེ་ཅུས་ཀྱི་སློབ་སྟོན་པ་བྱས།

    1989ལོའི་ཟླ་10པ་ནས་1993ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བྱས།

    1993ལོའི་ཟླ་6པ་ནས་1996ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ་བྱས།

    1996ལོའི་ཟླ་12པ་ནས་1997ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་རྫོང་རིམ་པ་རྒན་པའི་མྱུལ་ཞིབ་པ་བྱས།

    1997ལོའི་ཟླ་10པ་ནས་1999ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།

    1999ལོའི་ཟླ་6པ་ནས་2000ལོའི་ཟླ་3པའི་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲུའུ་ཀྲང་བྱས།

    2000ལོའི་ཟླ་3པ་ནས་2003ལོའི་ཟླ་8པའི་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཨུད་ཀྱི་ཨུ་ཡོན་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ས་ཁུལ་སྤྱི་བདེ་ཁྲུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲུའུ་ཀྲང་བྱས།

    2003ལོའི་ཟླ་8པ་ནས་2006ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་བྱས།

    2006ལོའི་ཟླ་12པ་ནས་2007ལོའི་ཟླ་9པའི་བར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་བྱས།

    2007ལོའི་ཟླ་9པ་ནས་2012ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་ཀྲང་གཞོན་པ(ཐིང་རིམ་པ་རྒན་པ)བྱས།

    2012ལོའི་ཟླ་12པ་ནས་2013ལོའི་ཟླ་དང་པོའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འོས་མི་བྱས།

    2013ལོའི་ཟླ་དང་པོ་ནས་2018ལོའི་ཟླ་2པའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ(ཐིང་རིམ་པ་རྒན་པ)བྱས།

    2018ལོའི་ཟླ་2པར་རྒན་ཡོལ་ཞུས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།