དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-05-17

    ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

    (1921ལོའི་ཟླ་7པ་ནས་2021ལོའི་ཟླ་6པ་བར)

    1983ལོ། ②

    ★ ཟླ་8ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཉེས་དོན་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཡོད།

    ★ ཟླ་10ཚེས་1ཉིན་ཏེང་ཞའོ་ཕིང་གིས་ཅིང་ཧྲན་སློབ་གྲྭར“སློབ་གསོ་དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཕྱོགས་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད།

    ★ ཟླ་10ཚེས་11དང་12ཉིན། ཀྲུང་གུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཏང་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་དུས་བཀག་དང་ཁག་ཐེངས་དབྱེ་ནས་ཏང་གི་སྤྱོད་ཚུལ་དང་ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་ཐེངས་གཅིག་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད། ཐེངས་དེའི་བཅོས་སྒྲིག་དེ་1987ལོའི་ཟླ་ལྔ་པར་སྤྱིར་ན་ལེགས་གྲུབ་ཟིན་ཡོད།

    ★ ཟླ་10ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་ཧྲེ་ལོགས་སུ་དབྱེ་ནས་ཤང་སྲིད་གཞུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། 1984ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་སུ་སྤྱིར་ན་སྲིད་ཧྲེ་ལོགས་སུ་དབྱེ་རྒྱུ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

    ★ ཟླ་12ཚེས་6ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱིས་ཞིབ་སྤེལ་ལམ་ལྷོངས་བྱུང་བའི་ཀྲུང་གོའི་དུང་ཕྱུར་རིམ་པའི་རྩིས་འཁོར་ཆེ་གྲས་དང་པོ་སྟེ། “དགུ་ཚིགས་ཨང་དང་པོ”རྟགས་ཅན་གྱི་རྩིས་འཁོར་ཁྲང་ཧྲ་རུ་རྒྱལ་ཁབ་ཀྱི་ཆོད་སྡོམ་བྱུང་ནས་རྒྱལ་ནང་གི་རྩིས་འཁོར་ཆེ་གྲས་ཞིབ་སྤེལ་མི་ཐུབ་པའི་སྟོང་ཆ་བསྐངས་པ་རེད།

    1984ལོ།

    ★ཟླ་1ཚེས་22ནས་ཟླ་2ཚེས་17ཉིན་བར། ཏེང་ཞའོ་ཕིང་གིས་ཧྲེན་ཀྲེན་དང་། ཀྲུའུ་ཧའེ། ཞ་མོན་བཅས་དཔལ་འབྱོར་དམིགས་བསལ་ཁུལ་གསུམ་དང་ཧྲང་ཧའེ་རུ་གཟིགས་ཞིབ་གནང་ནས། དཔལ་འབྱོར་དམིགས་བསལ་ཁུལ་ཚོད་གཉེར་དང་ཕྱི་ཕྱོགས་སྒོ་དབྱེའི་ཐབས་ཇུས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ★ཟླ་3ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་འབྲོག་ཉ་ལས་པུའི《ཀུང་ཧྲེ་དང་རུ་ཁག་གི་ཁེ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་སྙན་ཞུ》བརྒྱུད་སྤེལ་བྱས་ནས་ཀུང་ཧྲེ་དང་རུ་ཁག་གི་ཁེ་ལས་དེ་ཤང་གྲོང་ཁེ་ལས་ལ་མིང་བསྒྱུར་རྒྱུའི་མོས་མཐུན་བྱས་པ་དང་འབྲེལ། ཤང་གྲོང་ཁེ་ལས་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་འགའ་ཞིག་བཏོན་པ་རེད།

    ★ཟླ་4ཚེས་8ཉིན། ཀྲུང་གོས་ཚོད་ལྟའི་འཕྲིན་གཏོང་སྲུང་སྐར་ཤར་ཕྱོགས་དམར་རྟགས་ཅན་གཉིས་པ་འཕེན་གཏོང་ལེགས་སྒྲུབ་བྱས་ནས་འཛམ་གླིང་ཐོག་སྲུང་སྐར་འཕྲིན་གཏོང་ནུས་པ་ཁོང་དུ་ཆུད་པའི་རྒྱལ་ཁབ་ཨང་ལྔ་པར་གྱུར་པ་རེད།

    ★ཟླ་5ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚོ་རྒྱུད་ཀྱི་གྲོང་ཁྱེར་ཁག་གཅིག་གི་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས》མཆན་བཀོད་བརྒྱུད་སྤེལ་བྱས་ནས། ཐེན་ཅིན་དང་། ཧྲང་ཧའེ། ཏ་ལེན། ཆིན་ཧོང་ཏའོ། ཡན་ཐའེ། ཆིང་ཏའོ། ལན་ཡུན་ཀང་། ནན་ཐུང་། ཉིང་པོ། དབུན་ཀྲོའུ། ཧྥུའུ་ཀྲོའུ། ཀོང་ཀྲོའུ། ཀྲན་ཅང་། པེ་ཧའེ་བཅས་མཚོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་14སྔར་བས་སྒོ་མོ་དབྱེ་རྒྱུའི་གཏན་འབེབསས་བྱས་པ་དང་ཆབས་ཅིག དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་རིམ་བཞིན་འཛུགས་དགོས་ལུགས་བཏོན་པ་རེད།

    ★ཟླ་5ཚེས་31ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། 2001ལོའི་ཟླ་2ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་གཏན་འབེབས་གསལ་པོ་བྱས་པ་རེད།

    ★ཟླ་10ཚེས་1ཉིན། རྒྱལ་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་35འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་བྱེད་སྒོ་གཉེར་བ་དང་། ཏེང་ཞའོ་ཕིང་གིས་དམག་གཟིགས་དཔུང་སྡེར་གཟིགས་ཞིབ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ★ཟླ་10ཚེས་20ཉིན། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག《དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད།

    ★ཟླ་10པར། 《ལེ་ཉིན་གྱི་གསུང་རྩོམ་ཕྱོགས་སྒྲིག》རྒྱ་ཡིག་པར་གཞི་གཉིས་པ་དེབ་བགོས་དཔེ་སྐྲུན་བྱེད་འགོ་ཚུགས་པ་དང་། 1990ལོར་ཚང་མ་དཔེ་སྐྲུན་ཟིན་པ་རེད།

    ★ཟླ་12ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་སྲིད་ལས་ཁུངས་དང་ཏང་སྲིད་ལས་བྱེད་པས་ཚོང་གཉེར་དང་ཁེ་ལས་གཉེར་རིགས་གཏན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད།

    ★ཟླ་12ཚེས་19ཉིན། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་པེ་ཅིང་དུ《ཤང་ཀང་གི་གནད་དོན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་པུ་རི་ཏེན་ཆེན་པོ་དང་ཨིར་ལན་བྱང་མའི་མཉམ་འབྲེལ་རྒྱལ་ལྡན་རྒྱལ་ཁབ་སྲིད་གཞུང་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་དངོས་སུ་མིང་རྟགས་བཀོད་ཅིང་། ཀྲུང་གོ་སྲིད་གཞུང་གི་གསལ་བསྒྲགས་ནང་1997ལོའི་ཟླ་7ཚེས་1ཉིན་ཤང་ཀང་ལ་བདག་དབང་སྤྱོད་པ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།