71.“མི་དམངས་ལྟེ་བར་འཛིན་པ”
2017ལོའི་ཟླ་10པར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས”བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་ནང་བཅུག་ནས། མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་དང་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་མཁན་གྱི་རྩ་བའི་སྟོབས་ཤུགས་ཤིག་ཡིན་པའི་ནན་བཤད་བྱས་ཡོད།
72.མེ་ལོང་ལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བཏོན་པའི་སྤྱིའི་བླང་བྱ་ཞིག་ཡིན་པ་དང་། ཏང་ཡོན་ལས་བྱེད་པས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་གཏོང་བའི་གཞི་རྩའི་བྱེད་ཐབས་ཤིག་རེད།
73.“ནན་གསུམ་དྲང་གསུམ”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚང་མས་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་དར་སྤེལ་གཏོང་དགོས་ཤིང་། བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ་བཅས་བྱེད་དགོས་པ་མ་ཟད། ཇུས་འགོད་དྲང་པོ་དང་། ལས་ཀ་དྲང་པོ། མི་དྲང་པོ་བཅས་ཀྱང་བྱེད་དགོས་པའི་ནན་བཤད་གནང་ཡོད།
74.“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”
ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་སྦྱོང་དང་། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་། ཏང་ཡོན་ཚད་ལོན་པ་ཞིག་བྱེད་པ་བཅས་ཡིན།
75.“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས།
“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་ཇུས་ཤིག་ཡིན་ཞིང་། གཙོ་བོ་ནི“དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང”བཅས་ཕྱོགས་ལྔ་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་རེད།
76.“ཕྱོགས་ཡོངས་བཞི”
2014ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཚུད་པའི“ཕྱོགས་ཡོངས་བཞི”ཐོག་མར་བཏོན་གནང་བ་རེད། 2020ལོའི་ཟླ་10པའི་ཟླ་མཇུག་ཏུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་བསྟུན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཐད་རྒྱས་བཤད་གསར་པ་བྱས་ཏེ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ”དེ“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ”ཞེས་པར་ལེགས་སྒྲིག་བྱས་པ་རེད།
77.“གདེང་ཚོད་བཞི”
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སོ།
78.“རླབས་ཆེན་བཞི”
རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་ལས་གྲྭ་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་ལ་ཟེར།
79.“འདུ་ཤེས་བཞི”
ཏང་ཡོན་ཡོངས་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཡོད་དགོས་པར་ཟེར།
80.“སྲུང་སྐྱོང་གཉིས”
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”པར་ཟེར།